网站无障碍
རྐང་ཚས་ཏང་འཛུགས་སྣེ་ཁྲིད་བྱ་བས་མཐོ་སྒང་ལས་ལ་བཙུགས་འབད་ནས། སྲོད་ཀྱིས་ཉི་དྲོད་བསུས་ནས་རྒན་པའི་ཚོགས་ལ་དྲོད་ཀྱིས་བསྐྱངས།
发布时间:2026年11月24日 消息来源:

རྩོམ་སྒྲིག ལྷ་ཆེན་རྡོ་རྗེ། ཡོང་ཁུངས། རྐང་ཚ་རྫོང་མི་རིགས་སྐད་ཡིག་ལས་དོན་ལྟེ་གནས། བཤེར་འབེབས། ཚེ་བརྟན་བཀྲ་ཤིས། 

  ཉེ་བའི་ལོ་ཤས་རིང་། རྐང་ཚ་རྫོང་གིས་ཏང་རྩ་འཛུགས་ཀྱི་ཆབ་སྲིད་ལེགས་ཆ་དང་སྒྲིག་འཛུགས་ནུས་པ་རྣམས་རྒན་གསོའི་ཞབས་ཞུའི་ལས་དོན་དངོས་འབེབས་བྱེད་ཐབས་སུ་བསྒྱུར་ཏེ། རྒན་རྒོན་ཚོའི་དགོས་མཁོ་སྣ་མང་ཅན་སྐོང་བར་དམིགས་ནས་ཁྱིམ་སྡོད་སྡེ་ཁུལ་ལས་ཁུངས་མཐུན་སྦྱོར་བྱེད་པ་དང་སྨན་བཅོས་འཕྲོད་བསྟེན་ཟུང་འབྲེལ་གྱི་ཞབས་ཞུ་མ་ལག་རྒྱུན་ཆད་མེད་པར་འཐུས་ཚང་དུ་བཏང་སྟེ། རྒན་རྒོན་ཚོའི་ཐོབ་སྣང་དང་སྐྱིད་སྣང་། བདེ་སྣང་བཅས་ཇེ་མཐོར་བཏང་།

   ཏང་འཛུགས་རྟེན་གཞི་སྟོབས་ཆེར་བཙུགས་ཏེ་ཁོངས་ཡོངས་ཀྱི་རྒན་གསོའི་དྲ་བ་དམ་པོར་བཟོས།རྒན་གསོའི་རྨང་གཞིའི་མཐུན་རྐྱེན་རིམ་པ་སྤོར་རྒྱུར་གཅིག་གྱུར་འཆར་འགོད་བྱས་པ་དང་། ཁྱོན་བསྡོམས་སྒོར་ཁྲི4115.73ལྷག་གི་རྒན་གསོའི་ཆེད་དངུལ་བཏང་ནས་གཞུང་ཁང་སྟོང་པ་བེད་སྤྱོད་ལེགས་པོ་བྱས་ཤིང་། སྡེ་བ་རིམ་པའི་ཏང་དམངས་རྟེན་གཞི་བེད་སྤྱད་དེ། རྫོང་དང་ཡུལ་ཚོ། སྡེ་བ་གསུམ་གྱི་རྒན་གསོ་ས་ཚིགས21རྒྱ་བསྐྱེད་ལེགས་བཅོས་བྱས། དཔེར་ན། སྐྱིད་སྨོན་ཡུལ་ཚོ་རུ་མང་སྡེ་བ་དང་དཔལ་དགེ་གྲོང་རྡལ་ཐང་ཆུ་སྡེ་བ་སོགས་ཀྱི་ཀྲི་པུའུ་ཡིས་ཏང་དམངས་ཞབས་ཞུ་ལྟེ་གནས་ལ་བརྟེན་ནས“བདེ་སྐྱིད་ཟ་ཁང”བཙུགས་པ་དང་། ཏང་གི་རྟེན་གཞི་དེ་ཉིད་རྒན་གསོའི་ཞབས་ཞུའི་མདུན་སྟེགས་གལ་ཆེན་ཞིག་ཏུ་བསྒྱུར། རྫོང་ཡོངས་སུ་ཉལ་ཁྲི136ཡོད་པ་ཚང་མ་ཚད་ལྡན་བདག་སྐྱོང་རང་བཞིན་ཡིན་ཞིང་། བདག་སྐྱོང་རང་བཞིན་གྱི་ཉལ་ཁྲིའི་བསྡུར་ཚད100%ཟིན་པས་རྫོང་དང་ཡུལ་ཚོ། སྡེ་བ་གསུམ་གྱི་རྒན་གསོ་སྒྲིག་ཆས་ཆ་ཚང་ཁེབས་ཡོད། 

   ལམ་ལུགས་འཐུས་སྒོ་ཚང་དུ་བཏང་སྟེ་ཡུན་རིང་འཁོར་སྐྱོད་རྨང་གཞི་བརྟན་པོར་བཏིང་། ཏང་རྩ་འཛུགས་ཀྱིས་སྣེ་ཁྲིད་ནས་གཙོ་གནད་འཛིན་པའི་ནུས་པ་འདོན་སྤེལ་བྱས་ཏེ། རྒན་གསོའི་སྲིད་ཇུས་དམིགས་བསལ་དོན་ཚན5བཏོན་པ་དང་། གཉེར་སྐྱོང་མ་དངུལ་སྒོར་ཁྲི134བཀོད་སྒྲིག་བྱས་ནས་གནས་གཞི་ཁག་རྒྱུན་ལྡན་ངང་འཁོར་རྒྱུག་ཐུབ་པར་འགན་ལེན་བྱས། དཔེར་ན་རྫོང་རྒན་གསོ་ཕན་བདེ་ལྟེ་གནས་ཀྱིས“ཏང་ཡོན་རྐང་འཛིན་པ+ཆེད་ལས་བདག་སྐྱོང་པའི”རོགས་ཁྲིད་ལམ་སྲོལ་ལག་བསྟར་བྱས་ཏེ། རྒན་གསོའི་ལག་རྩལ་སྦྱོང་བརྡར་སྤེལ་བ་དང་། ཏང་ཡོན་ལས་སྒོ་མཁས་པ་ཚོས་ལས་ཡུལ་དངོས་ཀྱི་ལས་མི་གསར་བ་རྣམས་ལ་གསོ་སྐྱོང་སློབ་ཁྲིད་གནང་སྟེ། སླར་སོས་བདག་སྐྱོང་དང་སེམས་ཁམས་སློབ་གསོ་སོགས་ལག་ལེན་དངོས་སུ་བསྟར་བས། ཞབས་ཞུའི་དཔུང་སྡེའི་སྤུས་ཚད་ཕྱོགས་ཡོངས་ནས་ཡར་རྒྱས་ཕྱིན་ཅིང་། རྫོང་ཡོངས་ཀྱི་ལས་ཞུགས་པ21ཚང་མའི་ལག་ཁྱེར་བཟུང་ནས་ལས་ཀ་སྒྲུབ་ཐུབ་པ་བྱུང་བར་མ་ཟད། ཏང་འཛུགས་ཀྱིས་དཔུང་སྡེའི་འཇོན་ཐང་ཆེ་རུ་གཏོང་བ་དང་གཞི་རིམ་གྱི་རྒན་གསོ་ཞབས་ཞུ་ཆེད་ལས་ཅན་དུ་འགྱུར་བའི་ཆུ་ཚད་མཐོ་རུ་བཏང་ཡོད། 

   ཏང་འཛུགས་སྟེགས་བུ་ལེགས་སུ་བཏང་སྟེ་རྒན་གསོའི་མཁོ་སྤྲོད་ཞབས་ཞུ་མང་དུ་བཏང་།ས་ཆ་རྒྱ་ཆེ་ཡང་མི་འབོར་ཉུང་བའི་འབྲོག་ཁུལ་གྱི་ཁྱད་ཆོས་གཞིར་བཟུང་ནས“1+8+N”ཞེས་པའི་ཁྱིམ་སྡོད་རྒན་གསོའི་རྣམ་པ་ཁྱབ་གདལ་བཏང་། དཔེར་ན། འོམ་ཆུ་གྲོང་རྡལ་མཁར་ལྷོ་སྡེ་ཁུལ་གྱིས་ཏང་ཡོན་གྱིས་ཁེར་སྡོད་རྒན་པོར“གཅིག་སྦྲེལ་གཅིག”གི་ཆ་སྒྲིག་རོགས་སྐྱོར་བྱས་པ་དང་། སྐྱིད་སྨོན་ཡུལ་ཚོས་ཏང་ཡོན་ཟས་སྐྱེལ་ཚོགས་པ་ཆུང་ཆུང་བསྒྲིགས་ཏེ་ཟམ་སྐྱེལ་བ་དང་ཆབས་ཅིག་བདེ་འཇགས་སྐོར་ཞིབ་ཀྱང་བྱེད་བཞིན་ཡོད། ད་ལོ་ཚུན་ལ་ཁྱིམ་ཚང་དུ་སོང་ནས་ཞབས་འདེགས་ཐེངས9876ཞུས། རིག་ནུས་རྒན་གསོ་ལས་གཞི་སྐུལ་འདེད་བཏང་སྟེ་ཏང་ཡོན་དྲ་མིག་པ་ཛ་དྲག་འབོད་བརྡ་དང་ལེན་བྱེད་མཁན་དང་པོ་ཡིན་པ་དང་། མཐའ་སྣེའི་སྒྲིག་ཆས292སྤྲད་དེ་རིག་ནུས་རྒན་གསོ་ཞབས་ཞུ་ཐེངས2933བསྒྲུབས་ཟིན། དཀའ་ངལ་ཡོད་པའི་རྒན་རྒོན་དུད་ཁྱིམ100ཡི་སྡོད་ཁང་ཁོར་ཡུག་སྒྱུར་བཀོད་ལེགས་གྲུབ་ཟིན་པ་དང་། སྡེ་བའི“ཨུ་ལྷན་གཉིས”དང་ཏང་ཡོན་ཚང་མ་དཔྱད་འཇོག་ལྟ་སྐུལ་བརྒྱུད་རིམ་ཧྲིལ་བོར་ཞུགས་ཡོད། “མཉམ་དུ་ཟ་བ་དང་ཁྱིམ་དུ་བསྐྱལ་བའི”བཟའ་བཏུང་རོགས་རམ་བྱེད་སྟངས་ལག་བསྟར་བྱས་ཏེ་མི་གྲངས16300ལྷག་ལ་བཟའ་བཏུང་ཞབས་ཞུ་བསྒྲུབས་པ་དེས་རྒན་རྒོན་ཚོའི་ཟ་མ་བཟའ་དཀའ་བ་དང་ལྟ་རྟོག་དཀའ་བའི་གནད་དོན་ཐག་གཅོད་བྱས་ཤིང་། ཏང་དར་རྒན་གསོའི་ཡུལ་དངོས་སུ་ལྷབ་ལྷུབ་བསྐྱོད། 

   ཏང་འཛུགས་རང་མདངས་ཟབ་ཏུ་བཏང་སྟེ་དམངས་ཚིས་འགན་སྲུང་གི་མཐའ་ཐིག་སྲུང་།“ཏང་རྩ་འཛུགས་ཀྱིས་སྣེ་ཁྲིད་པ་དང་དྲ་མིག་པས་དོན་འཁྱོལ་བྱེད་པ། སྡེ་ཁག་མང་པོ་མཉམ་འགུལ་བྱེད་པ”བཅས་ཀྱི་འགན་སྲུང་མ་ལག་བསྐྲུན་པ་དང་། ཏང་འཛུགས་དྲ་མིག་ཅན་བརྒྱུད་ནས་རྒན་རྒོན་གྱི་གནས་ཚུལ་ཐོ་ཡིག་ཞིབ་ཕྲ་བཟོས་པ་ལྟར་རྒན་གསོའི་ཁ་གསབ་སྣ་ཚོགས་གནད་ལ་འཁེལ་བའི་སྒོ་ནས་སྤྲད། ད་ལོའི་ཚུན་ལ་ཕོངས་ངན་དང་དམའ་སྲུང་། ལོ་ན་མཐོ་བ་སོགས་ཀྱི་རྒན་གསོའི་འགན་སྲུང་མ་དངུལ་སྤྲད་པ་དང་། མ་དངུལ་སྤྲོད་སྐབས་ཚད་གཞི་ལོན་ཚད100%ཟིན་ཡོད། ཏང་ཡོན་དྲ་མིག་པས“སྒོ་རྡུང་བྱ་སྤྱོད”ལག་བསྟར་བྱས་ཏེ་ས་ཁོངས་བགོས་ནས་དུད་ཁྱིམ་རེར་འགན་འཁུར་ཚུལ་གྱིས་ཁེར་སྡོད་དང་ཁྱིམ་མི་གཞན་མེད་པ་དག་ལ་འཚམས་འདྲི་བྱམས་སྐྱོང་བྱས་ཚད་མི་ཐེངས846ལ་སླེབས་ཡོད། ཧྲན་ཏུང་ཁ་གཏད་རོགས་སྐྱོར་གྱི་མ་དངུལ་སྒོར་ཁྲི30བཀོལ་སྤྱོད་བྱས་ཏེ“མཐོ་སྒང་གི་རྒན་རྒོན་རྒྱལ་སར་བགྲོད”ཞེས་པའི་ཕུགས་འདུན་མངོན་འགྱུར་ཡོང་བའི་ལས་གཞི་ལག་བསྟར་བྱས་པ་དང་། ཏང་ཡོན་དང་བླངས་པས་ཞབས་ཞུ་རྗེས་འདེད་ནན་ཏན་བྱས་ཏེ་བློ་སེམས་རྩེ་གཅིག་གིས་རྒན་རྒོན་རྣམས་ཀྱི་དམངས་ཚིས་དོན་དངོས་སྒྲུབ་ནས་ཏང་འཛུགས་ཀྱིས་རྒན་རོགས་སེམས་དྲོད་ཀྱི་རང་མདངས་གསལ་བར་བྱས།