རྐང་ཚའི་སྒྲོག་འགྲེལ་རུ་ཁག་གིས་ཡིག་ཆ་ཨང་དང་པོ་སྒྲོག་འགྲེལ་བྱས།
རྐང་ཚའི་སྒྲོག་འགྲེལ་རུ་ཁག་གིས་ཡིག་ཆ་ཨང་དང་པོ་སྒྲོག་འགྲེལ་བྱས་པར་ཕན་འབྲས་ཆེན་པོ་ཐོན།
བསྟུད་མར་ཉིན་འགའི་རིང་ལ། རྐང་ཚ་རྫོང་གི་དུས་རབས་གསར་བའི་དཔལ་ཡོན་ལག་ལེན་ལྟེ་གནས་ཀྱིས་གཞི་རིམ་གྱི་གཞུང་ལུགས་སྒྲོག་འགྲེལ་གྱི་རྣམ་པ་གསར་བ་ཧུར་ཐག་གིས་འཚོལ་ཞིབ་བྱས་པ་དང་། ཞང་དང་གྲོང་རྡལ་སོ་སོའི་དུས་རབས་གསར་བའི་དཔལ་ཡོན་ལག་ལེན་ཁང་དང་མངགས་གཏོང་ཁང་། འཕྲོད་བསྟེན་ཁང་སོགས་སྡེ་ཁག་ལ་མཉམ་འབྲེལ་བྱས་ནས། ས་གནས་ཀྱི་འཇོན་མིའི་ལེགས་ཆ་འདོན་སྤེལ་གང་ལེགས་བྱས་པ་དང་། ཕུལ་བྱུང་ཏང་ཡོན་དང་གཞི་རིམ་ལས་བྱེད་པ། ཕྱུག་སྒྱུར་སྣེ་ཁྲིད་པ། མངགས་གཏོང་ཁང་གི་ཉེན་རྟོག་པ། ཕྱུགས་ནད་སྨན་བཅོས་ས་ཚིགས་ཀྱི་ཕྱུགས་ནད་སྨན་པ་སོགས“1+N”ཡི་རྒྱ་བོད་སྐད་གཉིས་སྒྲོག་འགྲེལ་རུ་ཁག་རྩ་འཛུགས་བྱས་ནས། “མང་ཚོགས་གང་དུ་ཡོད་ན་སྒྲོག་འགྲེལ་དེ་རུ་སྤེལ”བའི་ཞབས་ཞུའི་འདུ་ཤེས་ལ་བརྟེན་ནས། རྣམ་པ་སྣ་མང་གི“འཁོར་སྐྱོད་རང་བཞིན་གྱི་སྒྲོག་འགྲེལ”བྱ་འགུལ་སྤེལ་ཞིང་། ཁྱད་ཆོས་ལྡན་པའི་སྒྲོག་འགྲེལ་རྣམ་པ་བསྐྲུན་ཏེ། རྫོང་རིམ་པའི་མགོ་ཁྲིད་ཀྱིས་སྣེ་ཁྲིད་དེ་སྒྲོག་འགྲེལ་དང་ལས་ཁུངས་མགོ་ཁྲིད་ཀྱིས་ཡུལ་དངོས་སུ་སྒྲོག་འགྲེལ་བྱེད་པ། ཀྲི་པུའུ་ཧྲུའུ་ཅི་ཡིས་ཁྱོན་ཡོངས་ལ་ཁེབས་པའི་སྒོ་ནས་སྒྲོག་འགྲེལ་དང་། སྒྲོག་འགྲེལ་རུ་ཁག་གིས་ཆེད་དོན་སྒྲོག་འགྲེལ་བྱེད་པ་བཅས་ཀྱི་སྒྲོག་འགྲེལ་བྱ་བའི་རྣམ་པ་ཞིག་ཆགས་སུ་བཅུག བྱ་བར་ཉེ་བར་བཅར་བ་དང་དངོས་ཡོད་ལ་ཉེ་བར་བཅར་བ། དགོས་མཁོ་དང་ཉེ་བར་བཅར་བ་བཅས་ཀྱི་རྩ་དོན་ལྟར། སྒྲོག་འགྲེལ་ཡི་གེ་དང་བརྙན་ཆས་མེད་པར“གཅིག་གཏད་གཅིག”དང“ཁ་ཐུག་ངོ་ཐུག”གི་རྣམ་པས་ཁ་བརྡ་དང་གཏམ་རྒྱུད་བཤད་དེ། ཏང་གི་ཚོགས་ཆེན་ཉི་ཤུ་པའི་སྙན་ཞུའི་ཁྲོད་བཏོན་པའི་ལྟ་ཚུལ་གསར་བ་དང་ཆོད་གཏམ་གསར་བ། དགོངས་པ་གསར་བ། འཐབ་ཇུས་གསར་བ། བླང་བྱ་གསར་བ་རབ་དང་རིམ་པ་རྒྱ་ཆེའི་ལས་བྱེད་པ་དང་མང་ཚོགས་ཀྱི་གམ་དུ་ཡང་དག་པར“བསྐྱལ”ནས། གཞུང་ལུགས་དྲིལ་སྒྲོག་བྱེད་པའི“མཇུག་མཐའི་ལེའུ་གཅིག”ཤར་མར་བཏང་།
མིག་སྔའི་བར་དུ། རྐང་ཚ་རྫོང་ཡོངས་ཀྱིས་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་སྒྲོག་འགྲེལ་བྱེད་པའི་བྱ་འགུལ་སྣ་ཚོགས100ལྷག་སྤེལ་བ་དང་། མི་ཐེངས8600ཡིས་ཉན་ཞིང་། དཔལ་ཡོན་ལེགས་སྐྱེས་ཆེན་མོ4500ལྷག་བྱིན་པ་དང་། སྲིད་ཇུས་སྒྲོག་འགྲེལ་གྱི་རྒྱུ་ཆ5700ལྷག་བྱིན། ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་སྒྲོག་འགྲེལ་བྱེད་པར་རྐང་ཚ་རྫོང་དུ“རྣམ་པ་གསོན་ཉམས་ལྡན་ཞིང་ཉན་མཁན་མང་ལ་ཕན་འབྲས་ལྡན་པ”ཡི་གནས་བབ་ལེགས་པོ་ཞིག་མངོན་ཡོད།
ཡོང་ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར། རྩོམ་སྒྲིག་འགན་ཁུར་བ། དབང་ཆེན་དོན་འགྲུབ།
ལྟ་སྐུལ་བ། གཡང་འབུམ་ཚེ་རིང་། སྤྱི་ཁྱབ་ལྟ་སྐུལ་བ། ལིག་ཙུན་ཁོས།
转 载:“今日藏乡”微信公众号