ཤ་བོ་སྐྱབས་ཀྱིས་ནུབ་མཚོ་གྲོང་རྡལ་གྱི་ལས་གཞི་གལ་ཆེན་གྱི་ལས་སྒྲུབ་གནས་ཚུལ་དང་མཁར་གྲོང་གི་ལྗང་སྒྱུར་ལས་དོན་ལ་བརྟག་ཞིབ་གནང་།
发布时间:2023年04月24日 消息来源:

     ཤ་བོ་སྐྱབས་ཀྱིས་ནུབ་མཚོ་གྲོང་རྡལ་གྱི་ལས་གཞི་གལ་ཆེན་གྱི་ལས་སྒྲུབ་གནས་ཚུལ་དང་མཁར་གྲོང་གི་ལྗང་སྒྱུར་ལས་དོན་ལ་བརྟག་ཞིབ་གནང་།

            སྒྲིག་སྒྱུར།  སངས་དོན།  ཡོང་ཁུངས།  མཚོ་བྱང་སྨྱན་གསར།  བཤེར་འབེབས།  རིན་ཆེན་ཚེ་རིང་།
  ཁུལ་ཨུའི་ཧྲུའུ་ཅི་ཤ་བོ་སྐྱབས་སྔ་རྗེས་སུ་ནུབ་མཚོ་གྲོང་རྡལ་མཐོན་པོ་ལམ་དང་། ནུབ་མཚོ་འདུ་ར། ཨོ་ཁེ་འདུ་ར། དངུལ་ཐང་ལམ། འཇུ་ལག་ལམ། དམངས་ཡོངས་ལུས་སྦྱོང་ལྟེ་གནས་སོགས་སུ་བསྐྱོད་དེ་ནུབ་མཚོ་གྲོང་རྡལ་གྱི་ལས་གཞི་གལ་ཆེན་གྱི་ལས་སྒྲུབ་གནས་ཚུལ་དང་མཁར་གྲོང་གི་ལྗང་སྒྱུར་ལས་དོན་ཐད་བརྟག་ཞིབ་བྱས་པ་དང་། ལས་དོན་ཁྲོད་ཀྱི་དཀའ་གནད་ལ་དབྱེ་ཞིབ་གཏིང་ཟབ་བྱས་པ་མ་ཟད། འབྲེལ་ཡོད་གནད་དོན་བསྒྲུབ་རྒྱུར་རྩིས་སྤྲོད་བྱས།


  
     ཨོ་ཁེ་འདུ་ར་དང་དངུལ་ཐང་ལམ། ལྔ་གཅིག་ལམ། འཇུ་ལག་ལམ་སོགས་གཙོ་གནད་ལས་གཞིའི་ཨར་སྐྲུན་བྱ་ཡུལ་དུ་ཤ་བོ་སྐྱབས་ཀྱིས་འདུ་རའི་ཨར་ལས་སྒྱུར་བཀོད་དང་། མཐའ་འཁོར་གྱི་འགྲོ་ལམ། རླངས་འཁོར་འཇོག་ས་བཅས་ཀྱི་འཛུགས་སྐྲུན་འཕེལ་རིམ་ལ་གཟིགས་ཞིབ་ཞིབ་ཕྲ་གནང་། ད་ལོ་ནི་མཚོ་བྱང་ཁུལ་བཙུགས་ནས་ལོ་70འཁོར་བའི་ལོ་ཞིག་ཡིན་པ་དང་། ཁུལ་སྡོད་སའི་ནུབ་མཚོ་གྲོང་རྡལ་ནི་ཁུལ་ཡོངས་ཀྱི་ཕྱི་ཕྱོགས་གཟུགས་བརྙན་བཟང་པོ་མངོན་པའི་སྐར་ཁུང་གལ་ཆེན་ཞིག་ཡིན་པས། ཁུལ་དང་རྫོང་གི་འབྲེལ་ཡོད་སྡེ་ཚན་གྱིས་ལངས་གནས་མཐོ་རུ་བཏང་ནས་ནུབ་མཚོ་གྲོང་རྡལ་གྱི་ཁོར་ཡུག་ཕྱོགས་བསྡུས་བཅོས་སྒྲིག་དང་། སྔོ་ལྗང་མཛེས་བཟོའི་ལས་དོན་ལ་སྐུལ་འདེད་གཏོང་དགོས་ཞེས་བསྟན། ལས་གཞི་གཙོ་འགན་འཁུར་མཁན་ཚན་པས་ནུབ་མཚོ་གྲོང་རྡལ་གྱི་ཁོར་ཡུག་ཕྱོགས་བསྡུས་བཅོས་སྒྲིག་ལས་གཞི་ལ་སྤྱི་འདོམས་མཐུན་སྦྱོར་བྱ་རྒྱུར་ཤུགས་སྣོན་རྒྱག་པ་དང་། ཨར་ལས་ཀྱི་བརྒྱུད་རིམ་ཧྲིལ་པོར་དོ་དམ་བྱ་རྒྱུར་ཤུགས་སྣོན་རྒྱག་པ། འབྲེལ་ཡོད་ལས་གྲྭ་འཛུགས་སྐྲུན་གྱི་ཚད་གཞི་ལག་བསྟར་ནན་པོ་བྱེད་པ། ལས་གཞིའི་སྤུས་ཚད་དང་། བདེ་འཇགས། འཕེལ་རིམ་བཅས་ལ་ལྟ་སྐུལ་དོ་དམ་བྱ་རྒྱུར་དམ་འཛིན་ནན་པོ་བཅས་བྱས་ནས་ལས་གྲྭའི་རྣམ་གྲངས་དུས་བཀག་ལྟར་བེད་སྤྱོད་གཏོང་རྒྱུ་འགན་ལེན་བྱེད་དགོས། མཚོ་བྱང་ཁུལ་གྱི་གཞོན་ནུ་ལོ་ཆུང་གི་བྱེད་སྒོ་ལྟེ་གནས་ཀྱི་ཕྱིའི་གྱང་རའི་དང་ཁང་པའི་ངོས་ཀྱི་སོ་ཕག་ལྷུང་བ་སོགས་ཀྱི་བདེ་འཇགས་ཀྱི་མངོན་མེད་རྐྱེན་ངན་ཆེན་པོ་ཡོད་པའི་གནས་ཚུལ་ལ་དམིགས་ནས་ཁུལ་ཐད་གཏོགས་ལས་ཁུངས་ལས་དོན་དོ་དམ་ཅུ་ཡིས་གནད་དོན་ལ་སྔར་བས་གྲལ་བཤེར་བྱེད་དགོས་པའི་བླང་བྱ་བཏོན་པ་དང་། ཁུལ་སྡོད་ཁང་འཛུགས་སྐྲུན་ཅུ་ཡིས་ཞིག་གསོ་བྱེད་འགན་འཁུར་བ་དང་ཆབས་ཅིག  ནུབ་མཚོ་མི་རིགས་ལུས་རྩལ་ཐང་གི་འཛུལ་སྒོའི་གྱང་ཤུན་ཕུད་པ་དང་ཕྱི་ཚུལ་མི་བཞིན་པའི་གནད་དོན་ལ་མཉམ་དུ་བཅོས་སྒྲིག་བྱེད་དགོས་པའི་བླང་བྱ་བཏོན། མདའ་འཕེན་ལུས་རྩལ་ནི་མཚོ་བྱང་དུ་རྨང་གཞི་ཡག་པོ་ཡོད་པ་དང་མཚོ་བྱང་ཁུལ་གྱིས་གཏན་འཁེལ་བྱས་པའི་འགྲན་བསྡུར་ཆེ་གྲས་བཞིའི་ནང་གི་གཅིག་ཡིན། མིག་སྔར། མདའ་འཕེན་ཁང་གི་ལས་གྲྭའི་མྱུར་ཚད་རྗེས་ལུས་ཡིན་པས་ཁུལ་རིག་ལུས་གནས་སྐོར་རྒྱང་བརྙན་འཕྲིན་ཅུ་ཡིས་འགན་འཁྲི་སྔར་བས་ནན་དུ་གཏོང་བ་དང་། དམ་འཛིན་བྱས་ཏེ་ལས་གཞི་དེ་གཏན་འབེབས་ཀྱི་དུས་བཀག་ནང་བེད་སྤྱོད་གཏོང་ཐུབ་པའི་འགན་ལེན་བྱེད་དགོས་ཞེས་བསྟན། ཡན་ལག་བཟོ་གྲྭ་གསུམ་པ་དང་། འཇུ་ལག་ལམ། རྒྱལ་ལམ315བཅས་ཀྱི་མཐའ་འཁོར་གྱི་རྙིང་ཧྲལ་དུ་གྱུར་བའི་གྱང་དང་། འབག་བཙོག་ཡིན་པ། གྲ་མི་དག་པ། སྒེར་གྱིས་ལས་པའི་ཁང་པ་སོགས་ཀྱི་སྣང་ཚུལ་ཚབས་ཆེན་ཡོད་པས་མཁར་གྲོང་གི་རྣམ་པར་ཤུགས་རྐྱེན་བཟོ་བའི་གནད་དོན་ལ་མདའ་བཞི་རྫོང་གིས་བཅོས་སྒྲིག་བྱེད་རྒྱུའི་འགན་འཁུར་དགོས་པའི་བླང་བྱ་བཏོན།



       
མཐོན་པོ་ལམ་། ནུབ་མཚོ་འདུ་ར། རྒྱལ་ལམ315སོགས་སུ་ཤ་བོ་སྐྱབས་ཀྱིས་སྔོ་འགྱུར་རིམ་སྤོར་དང་མཛེས་ལྗོངས་ཆུང་ངུ་གཏོད་པའི་གནས་ཚུལ་ལ་ཡུལ་དངོས་ནས་ལྟ་ཞིབ་བྱས་པ་དང་། ཁུལ་ནགས་ཚལ་དང་སྡོད་ཁང་འཛུགས་སྐྲུན་སོགས་སྡེ་ཚན་གྱི་ནུབ་མཚོ་གྲོང་རྡལ་དང་མཐའ་འཁོར་གྱི་སྔོ་འགྱུར་རིམ་སྤོར་ལས་དོན་ཐད་ཀྱི་སྙན་ཞུར་གསན་རྗེས། ཁུལ་དང་རྫོང་གི་འབྲེལ་ཡོད་སྡེ་ཚན་གྱིས་འགན་འཁྲི་ཁ་གསལ་བཟོ་བ་དང་། མཛེས་ལྗོངས་ཀྱིས་མི་ལ་ཞབས་ཞུ་བྱེད་པ་དང་“ཡུལ་བབ་དང་བསྟུན་པ། ཕན་འབྲས་ལ་མཐོང་ཆེན་བྱེད་པ། བཟོ་སྐྲུན་དང་དོ་དམ་མཉམ་སྤེལ”བཅས་ཀྱི་རྩ་དོན་གཞིར་བཟུང་ནས་ནུབ་མཚོ་གྲོང་རྡལ་གྱི་ཁྲོམ་གཞུང་དང་མཐའ་འཁོར་གྱི་འགྲོ་ལམ་གཡས་གཡོན་སོགས་གཙོ་གནད་ཁུལ་གྱི་ནགས་འཛུགས་སྔོ་འགྱུར་ལ་དེ་སྔའི་རྨང་གཞིའི་ཐོག་ལེགས་སྒྲིག་འོས་འཚམ་བྱས་ཏེ་ཚན་རིག་དང་མཐུན་པའི་འདེབས་འཛུགས་དང་། ལུགས་མཐུན་གྱི་བཀོད་སྒྲིག  ནགས་ཁུལ་གྱི་སྟུག་ཚད་ཇེ་མཐོར་གཏོང་བ། མེ་ཏོག་དང་ཤིང་སྣ་གསར་བ་འདེབས་འཛུགས་ཀྱིས་ནུབ་མཚོ་གྲོང་རྡལ་དང་མཐའ་འཁོར་གྱི་ལྗང་མདོག་འཛུགས་སྐྲུན་ལ་སྐུལ་འདེད་བཏང་ནས་ཁུལ་སྟོན་ལ་ཁོར་ཡུག་ལེགས་པོ་ཞིག་དང་རྣམ་པ་བཟང་བོ་ཞིག་སྐྲུན་དགོས་པ་བསྟན།

     
གནས་སྐོར་བའི་ཞབས་ཞུ་ལྟེ་གནས་དང་དེང་རབས་ས་མཐོའི་སྐྱེ་ཁམས་ཚན་རྩལ་གླིང་དུ་ཤ་བོ་སྐྱབས་ཀྱིས་ལས་གྲྭ་འཛུགས་སྐྲུན་གནས་ཚུལ་ལ་ལྟ་ཞིབ་བྱས་པ་དང་འབྲེལ་ཡོད་ཚན་པའི་ལས་ཀའི་འཕེལ་རིམ་གྱི་སྙན་ཞུར་གསན་རྗེས་བསྟན་དོན། ད་ལོ་ནི་གསེར་དངུལ་ཐང་དང་རྡུལ་ཕྲན་གྲོང་། མཐོན་པོ་སྒང་གི5Aརིམ་པའི་མཛེས་ལྗོངས་ཁུལ་གཏོད་པའི་འགག་རྩའི་ལོ་ཞིག་ཡིན་པ་དང་། གནས་སྐོར་བའི་ཞབས་ཞུ་ལྟེ་གནས་ནི5Aརིམ་པའི་མཛེས་ལྗོངས་ཁུལ་གཏོད་པའི་གྲུབ་ཆ་གལ་ཆེན་ཞིག་ཡིན་པས། འབྲེལ་ཡོད་སྡེ་ཚན་གྱིས་གནད་དོན་ཕྱོགས་སྟོན་དུ་འཛིན་རྒྱུ་མཐའ་འཁྱོངས་དང་གཞོགས་འདེགས་ལ་ཤུགས་སྣོན་བརྒྱབ་ནས་ཨར་སྐྲུན་མྱུར་ཚད་མགྱོགས་སུ་བཏང་སྟེ། གཏན་ཁེལ་བྱས་པའི་དམིགས་ཚད་ལྟར་སྐུལ་འདེད་བྱེད་དགོས། སྤུས་ལེགས་ནུས་ཆེའི་སྒོ་ནས་དེང་རབས་ས་མཐོའི་སྐྱེ་ཁམས་ཚན་རྩལ་གླིང་གི་ལས་བཟོ་བའི་ཟ་ཁང་སྒྱུར་བཀོད་ལས་གཞིར་སྐུལ་འདེད་བཏང་ནས་ཟླ6ཟླ་འགོར་བེད་སྤྱོད་གཏོང་རྒྱུའི་འགན་ལེན་བྱས་ཏེ་ཕྱོགས་བསྡུས་ཀྱི་ཕན་ནུས་སྔ་ཙམ་འདོན་སྤེལ་བྱེད་དགོས།

ཁུལ་གྱི་མགོ་ཁྲིད་གཡུ་སྒྲོན་མཚོ་དང་། ཝང་ཡུང་ཁྲང་། ཝང་ཀྲུང་དབྱི། ཨ་ཁྱུང་། ཚའོ་ཅི་ཆང་། ཁུལ་སྡོད་ཁང་འཛུགས་སྐྲུན། ནགས་ཚལ་དང་རྩྭ་ཐང་། བཟོ་ལས་དང་ཆ་འཕྲིན་སྡེ་ཚན་བཅས་ཀྱི་འགན་འཁུར་བློ་མཐུན་དང་མདའ་བཞི་རྫོང་སྲིད་གཞུང་གི་འབྲེལ་ཡོད་འགན་འཁུར་བློ་མཐུན་གཞུང་དོན་སྤེལ་བའི་བྱེད་སྒོར་ཞུགས།