ཞིང་ཆེན་ཡོངས་ཀྱི་རིག་དངོས་ཁོངས་གཏོགས་ཀྱི་འགྲེལ་བཤད་པའི་འགྲན་སྡུར་སྐབས་གསུམ་པ་ནུབ་མཚོ་གྲོང་རྡལ་དུ་སྤེལ།
发布时间:2023年05月11日 消息来源:

    རྩོམ་སྒྲིག ཚེ་གཟུངས་སྐྱིད། ཡོང་ཁུངས། གངས་ལྗོངས་འཕྲིན་གསར། 

   ཟླ5བའི་ཚེས10ཉིན། མཚོ་སྔོན་ཞིང་ཆེན་རིག་དངོས་ཅུས་གཙོ་སྒྲུབ་དང་མཚོ་སྔོན་རྡུལ་ཕྲན་གྲོང་དྲན་གསོ་ཁང་གིས་འགན་སྒྲུབ་གནང་བའི་ཞིང་ཆེན་ཡོངས་ཀྱི་རིག་དངོས་ཁོངས་གཏོགས་ཀྱི་འགྲེལ་བཤད་པའི་འགྲན་སྡུར་སྐབས་གསུམ་པ་མདའ་བཞི་རྫོང་ནུབ་མཚོ་གྲོང་རྡལ་དུ་སྤེལ་ལ། ཞིང་ཆེན་ཡོངས་ཀྱི་རྟེན་མཛོད་ཁང་དང་དྲན་གསོ་ཁང་། ཕྱི་ཕྱོགས་སུ་སྒོ་འབྱེད་བྱས་པའི་རིག་དངོས་སྲུང་སྐྱོབ་ལས་ཁུངས་བཅས་ནས་ཡོང་བའི་འགྲེལ་བཤད་པ37འགྲན་སྡུར་ལ་ཞུགས།

                 


  ཁུལ་ཨུའི་རྒྱུན་ཨུ་དང་དྲིལ་སྒྲོག་པུའི་པུ་ཀྲང་། ཁུལ་སྤྱི་ཁྱབ་བཟོ་ཚོགས་ཀྱི་ཀྲུའུ་ཞི་གཡུ་སྒྲོན་མཚོ་འགྲན་སྡུར་གྱི་མགོ་རྩོམ་མཛད་སྒོར་ཕེབས་ཤིང་ཤིས་ཚིག་ཕུལ་ལ། ཞིང་ཆེན་རིག་དངོས་ཅུའི་ཅུ་ཀྲང་གཞོན་པ་ལིའུ་ཧྲི་རྨིན་གྱིས་གསུང་བཤད་གནང་ཞིང་། དཔྱད་འདེམས་ཨུ་ལྷན་གྱི་འཐུས་མི་དང་འགྲན་ཞུགས་པའི་འཐུས་མིས་གཏམ་བཤད་བྱས།  གཡུ་སྒྲོན་མཚོས་ཤིས་ཚིག་ཕུལ་སྐབས། ད་ལོ་ནི་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་བཙུགས་ནས་ལོ་ངོ70འཁོར་བའི་ལོ་ཞིག་ཡིན་ཞིང་། 1953ལོར་སྲིད་དབང་བཙུགས་པ་ནས་བཟུང་ཏང་གི་མི་རིགས་སྲིད་ཇུས་ཀྱི་འོད་སྟོང་འཕྲོ་བའི་ཉི་ཟེར་འོག་མཚོ་བྱང་གི་རིགས་སོ་སོའི་བུ་བུ་མོ་ཚོས་མཐུན་སྒྲིལ་གྱི་རྡོག་རྩ་གཅིག་སྒྲིལ་དང་དཀའ་སྤྱད་འབད་འཐབ་བྱས་པས་ཁུལ་ཡོངས་ཀྱི་ཆབ་སྲིད་དང་དཔལ་འབྱོར། སྤྱི་ཚོགས། རིག་གནས། སྐྱེ་ཁམས་སོགས་བྱ་གཞག་སོ་སོར་འཕེལ་རྒྱས་ཆེན་པོ་དང་རྩ་བའི་འགྱུར་ལྡོག་བྱུང་ཡོད་ལ། ལྷག་པར་དུ་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། མཚོ་བྱང་གིས་ཕྱོགས་ཡོངས་ནས་འཕེལ་རྒྱས་ཀྱི་འདུ་ཤེས་གསར་བ་ལག་བསྟར་བྱས་ཏེ་འཕེལ་རྒྱས་ཀྱི་རྣམ་པ་གསར་བ་བཏོད་དེ་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་བཏང་ཞིང་། གྲོང་ཁྱེར་དང་གྲོང་གསེབ་ཀྱི་རྣམ་པ་ཉིན་བཞིན་འཕེལ་རྒྱས་སུ་བཏང་སྟེ་མི་དམངས་ཀྱི་འཚོ་བ་ཇེ་རྒྱས་ཇེ་ལེགས་སུ་བཏང་བས་ཕུན་སུམ་ཚོགས་པའི་རྣམ་པ་གསར་བ་བཏོད་ཡོད། དེ་རིང་། ཞིང་ཆེན་ཡོངས་ཀྱི་རིག་དངོས་ཁོངས་གཏོགས་ཀྱི་འགྲེལ་བཤད་པའི་འགྲན་སྡུར་སྐབས་གསུམ་པ་མཚོ་བྱང་དུ་སྤེལ་བ་དེ་ནི་ཞིང་ཆེན་ཡོངས་ཀྱི་རིག་དངོས་ཁོངས་གཏོགས་ཀྱི་འགྲེལ་བཤད་བྱ་བའི་ཕྱོགས་ཡོངས་ཀྱི་འགྲེམ་སྟོན་ཞིག་ཡིན་ལ་འགྲན་སྡུར་ལ་ཞུགས་པའི་འགྲེལ་བཤད་པས་དག་སྣང་མཚོ་བྱང་གི་ངོ་མཚར་མྱོང་རོལ་དང་མཚོ་བྱང་གི་འཕེལ་རྒྱས་དང་གྲུབ་འབྲས་ལ་རྒྱུས་ལོན། མཚོ་བྱང་གི་འཕེལ་རྒྱས་ཀྱི་མདུན་ལམ་ལ་རྒྱང་ལྟ་བཅས་བྱེད་པའི་གོ་སྐབས་བཟང་བོ་ཞིག་ཀྱང་ཡིན་པས། ཚང་མ་འགྲན་སྡུར་གྱི་ཞོར་དུ་མཚོ་བྱང་གི་ས་ཕྱོགས་སོ་སོར་སོང་སྟེ་མཚོ་བྱང་ལ་རྒྱུས་ལོན་བྱེད་པ་དང་། ལས་དོན་དང་འཚོ་བའི་ཁྲོད་མཚོ་བྱང་གླེང་སྟེ། མཚོ་བྱང་གི་མི་ཆོས་ལོ་རྒྱུས་དང་མི་རིགས་ཀྱི་གོམས་སྲོལ། འཕེལ་རྒྱས་ཀྱི་མདུན་ལྗོངས། ལྗང་མདོག་ཐོན་ཁུངས་དང་གསར་བརྗེའི་ཐོན་ཁུངས། ཁྱད་ལྡན་ཐོན་ཁུངས་བཅས་གླེང་སྟེ་མཚོ་བྱང་ལ་གསོན་ཤུགས་བསྩལ་ནས་ཁྱེད་ཚོའི་གཏམ་བཤད་ཁྲོད་མཚོ་བྱང་འདི་ཉིད་རྒྱལ་ཡོངས་དང་འཛམ་གླིང་ལ་སྐྱོད་དུ་འཇུག་རྒྱུའི་རེ་བ་ཡོད་ཟེར།  






   ལིའུ་ཧྲི་རྨིན་གྱིས་ད་ལོ་ནི་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་ཁྱོན་ཡོངས་ནས་དྲིལ་སྒྲོག་དང་ལག་བསྟར་བྱེད་མགོ་བརྩམས་པའི་ལོ་ཞིག་ཡིན་པས། ང་ཚོས་ནུབ་མཚོ་གྲོང་རྡལ་དུ“ཚོགས་ཆེན་ཉི་ཤུ་པ་དོན་འཁྱོལ་བྱེད། དུས་རབས་གསར་བ་གླེང་གཞིར་འཛིན”ཞེས་པ་བརྗོད་དོན་ཡིན་པའི་འགྲེལ་བཤད་པའི་འགྲན་སྡུར་སྤེལ་ལ། དེ་ནི་ཞིང་ཆེན་ཡོངས་ཀྱི་རིག་དངོས་ཁོངས་གཏོགས་ཀྱིས་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་དང་དྲིལ་སྒྲོག ལག་བསྟར་བཅས་བྱེད་པའི་བྱ་ཐབས་གལ་ཆེན་ཞིག་ཡིན་པར་མ་ཟད། རྒྱ་ཆེའི་འགྲེལ་བཤད་པའི་སློབ་སྦྱོང་བརྗེ་རེས་ལ་ཤུགས་སྣོན་པ་དང་ཆེད་ལས་ཀྱི་རྩལ་ནུས་ཆེ་རུ་གཏོང་བའི་གོ་སྐབས་ཡག་པོ་ཞིག་ཀྱང་ཡིན། ཐེངས་འདིའི་འགྲན་སྡུར་བརྒྱུད་དཔུང་ཁག་སྦྱོང་བརྡར་དང་ནུས་པ་ཆེ་རུ་བཏང་ནས་ཆབ་སྲིད་ཀྱི་བྱང་ཚད་མཐོ་བ་དང་ལས་སྒོར་བྱང་ཆུབ་པ། ཞབས་ཞུ་ལེགས་པ་བཅས་ཀྱི་འགྲེལ་བཤད་པའི་དཔུང་ཁག་ཅིག་གསོ་སྐྱོང་བྱ་རྒྱུའི་རེ་བ་ཡོད་ལ། བརྗོད་དོན་དར་སྤེལ་དང་དྲང་ནུས་ཁྱབ་སྤེལ། སྤྱི་ཚོགས་དཔལ་ཡོན་ཡར་ཐོན་ལ་སྐུལ་འདེད། ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་དར་སྤེལ། སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་སྐྱེད་སྲིང་བཅས་བྱ་ཆེད་ལེགས་སྐྱེས་ཧུར་ཐག་དབུལ་དགོས་པར་བཤད།