རྐང་ཚ་རྫོང་གིས་རྒྱལ་ཁོངས་ལྗང་བསྒྱུར་རམ་དམངས་ཡོངས་འོས་འགན་སྡོང་འཛུགས་སུ་ཞུགས་པའི་བྱ་འགུལ་ཕྱོགས་ཡོངས་ནས་སྤེལ་བ།
发布时间:2023年05月15日 消息来源:

རྐང་ཚ་རྫོང་གིས་རྒྱལ་ཁོངས་ལྗང་བསྒྱུར་རམ་དམངས་ཡོངས་འོས་འགན་སྡོང་འཛུགས་སུ་ཞུགས་པའི་བྱ་འགུལ་ཕྱོགས་ཡོངས་ནས་སྤེལ་བ།

ཡོང་ཁུངས། མཚོ་སྔོན་བོད་ཡིག་ཚགས་པར།  
རྩོམ་སྒྲིག  རྐང་ཚ་རྫོང་སྐད་ཡིག་བྱ་བའི་ལྟེ་གནས།  
图片

  ཟླ5པའི་ཚེས10ཉིན། རྐང་ཚ་རྫོང་གིས2023ལོའི་རྒྱལ་ཁོངས་ལྗང་བསྒྱུར་རམ་དམངས་ཡོངས་འོས་འགན་སྡོང་འཛུགས་སུ་ཞུགས་པའི་བྱ་འགུལ་ཕྱོགས་ཡོངས་ནས་སྤེལ་མགོ་བརྩམས། རྫོང་ཡོངས་ཀྱི་ཏང་ཡོན་དང་ལས་བྱེད་པ། མང་ཚོགས། དང་བླངས་པ། ཆོས་ལུགས་མི་སྣ། སློབ་མའི་འཐུས་ཚབ་སོགས་མི500ལྷག་བྱ་འགུལ་དུ་ཞུགས། འགུལ་སྐྱོད་དངོས་ཀྱིས་ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་དགོངས་པ་ལག་བསྟར་བྱས་ཏེ། རྫོང་ཡོངས་ཀྱི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ལ་རང་ཉིད་ཀྱི་སྟོབས་ཤུགས་ཕུལ། རྫོང་ཨུའི་ཧྲུའུ་ཅི་ཀྲུའུ་ཁྲེང་ཆིན་གྱིས་སྐུལ་སློང་གི་གཏམ་བཤད་པ་དང་། རྫོང་ཨུའི་ཧྲུའུ་ཅི་གཞོན་པའམ་རྫོང་དཔོན་གཞོན་པ་སུང་ཅན་ཏེ་ཡིས་མགོ་འཛིན་བྱས། རྫོང་དཔོན་གཞོན་པ་རིན་ཆེན་གྱིས་བྱེ་བྲག་གི་བྱ་བར་བཀོད་སྒྲིག་བྱས། 

图片

图片

图片

  ཀྲུའུ་ཁྲེང་ཆིན་གྱིས་གཏམ་བཤད་སྐབས་བསྟན་དོན། རྐང་ཚ་རྫོང་ནི་བྱང་ཕྱོགས་མདོ་ལ་རིང་མོར་སྔས་ཤིང་ལྷོ་ཕྱོགས་སུ་མཚོ་སྔོན་པོ་བལྟམས་མེར་འཁྱིལ་བས། ས་གཤིས་ཀྱི་གནས་ཡུལ་ཁྱད་དུ་འཕགས་ཤིང་སྐྱེ་ཁམས་ཀྱི་འགན་འཁྲི་ལྗིད་པས། སྐྱེ་ཁམས་སྲུང་སྐྱོབ་བྱེད་པ་དང་སྐྱེ་ཁམས་འཕེལ་རྒྱས་སུ་གཏོང་བ། སྐྱེ་ཁམས་འཛུགས་སྐྲུན་བྱེད་པ་ནི་རྫོང་ཡོངས་ཀྱི་གཡོལ་ཐབས་མེད་པའི་འགན་འཁྲི་དང་འོས་འགན་ཡིན། རྒྱལ་ཁོངས་ལྗང་བསྒྱུར་རམ་དམངས་ཡོངས་འོས་འགན་སྡོང་འཛུགས་སུ་ཞུགས་པའི་བྱ་འགུལ་སྤེལ་བ་ནི་ལྗང་མདོག་འཕེལ་རྒྱས་ལ་སྐུལ་འདེད་བཏང་བ་དང་། གཞིས་ཆགས་ཁོར་ཡུག་ལེགས་བསྒྱུར་བྱེད་པ། གྲོང་ཁྱེར་གྱི་རྒྱུ་སྤུས་མཐོར་འདེགས་བྱེད་པའི་བྱེད་ཐབས་གལ་ཆེན་ཡིན་ལ། རྫོང་ཡོངས་ཀྱི་སྟོབས་ཤུགས་སྐུལ་སློང་བྱས་ནས་ལྗང་བསྒྱུར་འགུལ་སྐྱོད་དུ་ཞུགས་སུ་བཅུག་སྟེ་ཞིང་ཆེན་ཡོངས་ཀྱི་སྐྱེ་ཁམས་དཔལ་ཡོན་མཐོ་སའི་སྔོན་སྐྱོད་ཁུལ་དང་རྒྱལ་ཁབ་ཀྱི་སྐྱེ་ཁམས་དཔལ་ཡོན་དཔེ་སྟོན་ཁུལ་བསྐྲུན་པར་རྨང་གཞི་བཏིངས་པའང་ཡིན། 

图片

图片

  ཀྲུའུ་ཁྲེང་ཆིན་གྱིས་ནན་གྱིས་བསྟན་དོན། རྫོང་ཡོངས་ཀྱི་གོང་འོག་ཚང་མས་ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་གྱི་དགོངས་པ་གཏིང་ཟབ་ཏུ་སློབ་སྦྱོང་དང་ལག་བསྟར་བྱེད་པ་དང་། རྒྱལ་ཁོངས་ལྗང་བསྒྱུར་གྱི་འགུལ་སྐྱོད་དང་འོས་འགན་སྡོང་འཛུགས་ཀྱི་བྱ་འགུལ་ལ་མཐོང་ཆེན་མཐོན་པོ་བྱས་ཏེ། རང་བྱུང་ཁོར་ཡུག་དང་དཀའ་སྡུག་གི་ཆ་རྐྱེན་ལ་འཐབ་རྩོད་བྱེད་པ་དང་། མི་རབས་ནས་མི་རབས་སུ་སྡོང་འཛུགས་བྱེད་པ། དངོས་གཉེར་དང་ཨུ་ཚུགས་ཀྱི་བྱ་བའི་སྤྱོད་ཚུལ་གྱིས་ཤུགས་ཡོད་རྒུས་སྡོང་འཛུགས་ནགས་སྐྲུན་བྱས་ཏེ། “མི་གྲོང་ཁྱེར་ན་སྐྱིད། གྲོང་ཁྱེར་ནགས་ཚལ་ན་མཛེས”ཞེས་པའི་མཛེས་སྡུག་གི་གཞིས་ཆགས་ཁོར་ཡུག་ཅིག་བསྐྲུན་དགོས། ཞིང་ཆེན་དང་ཁུལ། རྫོང་གསུམ་གྱི་རིམ་པ་སོ་སོའི་ཏང་ཨུ་དང་སྲིད་གཞུང་གི་སྡོང་འཛུགས་ནགས་སྐྲུན་སྐོར་གྱི་བཀོད་སྒྲིག་ནན་ཏན་གྱིས་ལག་བསྟར་བྱས་ཏེ། རྐང་ཚ་མི་དམངས་ལ་འགན་འཁུར་པ་དང་རྐང་ཚའི་ལོ་རྒྱུས་ལ་འགན་འཁུར་བའི་རྣམ་འགྱུར་གྱིས་སྡོང་འཛུགས་ནགས་སྐྲུན་གྱི་ཚ་རླབས་ཤིག་མྱུར་དུ་སློང་བ་དང་། བླང་བྱ་ལྟར་ནན་ཏན་གྱིས་ཚན་རིག་དང་མཐུན་པའི་སྒོ་ནས་སྡོང་འཛུགས་དང་དོ་དམ་བྱས་ཏེ། སྡོང་རྐང་གཅིག་བཙུགས་ན་གཅིག་གསོན་པ་དང་ཡུག་གཅིག་ལ་བཙུགས་ན་ཡུག་གཅིག་ལྗང་མདོག་ཏུ་འགྱུར་བར་ཁག་ཐེག་བྱེད་པ་དང་། རང་རྫོང་གི་སྡོང་འཛུགས་ནགས་སྐྲུན་བྱ་བར་ཧུར་བརྩོན་གྱིས་གོ་རིམ་ལྡན་པའི་ངང་ནས་སྐུལ་འདེད་བྱས་ཏེ་རྐང་ཚའི་སྐྱེ་ཁམས་མཐིལ་མདོག་སྔར་བས་ལྷིང་ངེར་འགྱུར་བར་ཁག་ཐེག་བྱེད་དགོས། 

图片

图片

  རིན་ཆེན་གྱིས2023ལོའི་རྒྱལ་ཁོངས་ལྗང་བསྒྱུར་དང་འོས་འགན་སྡོང་འཛུགས་བྱ་བར་བཀོད་སྒྲིག་བྱས་ཏེ། རྫོང་ཡོངས་ཀྱི་གོང་འོག་ཚང་མས་དཔྱིད་དུས་ཀྱི་སྡོང་འཛུགས་ནགས་སྐྲུན་གྱི་གོ་སྐབས་བཟང་པོ་དམ་འཛིན་བྱེད་པ་དང་། དུས་རབས་གསར་པའི་ནགས་རྩྭ་འཕེལ་རྒྱས་ཀྱི་དམིགས་འབེན་གསར་པ་དང་ལས་འགན་གསར་པར་དམིགས་པ། དྲིལ་སྒྲོག་ལ་ཤུགས་སྣོན་དང་མགོ་ཁྲིད་ཇེ་དྲག་ཏུ་གཏོང་བ། རྩ་འཛུགས་ཞིབ་མོ་བྱེད་པ། ལྗང་མདོག་འཕེལ་རྒྱས་རྒྱུན་འཁྱོངས་བྱེད་པ་བཅས་ཀྱི“ལྗང་འཕར”སྟེང་ཡུན་རིང་གི་བྱས་རྗེས་འཇོག་དགོས་པའི་བླང་བྱ་བཏོན། 

图片

图片

图片

图片

  འོས་འགན་སྡོང་འཛུགས་ཀྱི་ཡུལ་དངོས་སུ་སྡོང་འཛུགས་སུ་ཞུགས་མཁན་རྣམས་ཁ་ཆར་བུ་ཡུག་དང་གྲང་ངར་ལ་མ་འཛེམ་པར་དགའ་དགའ་སྤྲོ་སྤྲོས་སྡོང་འཛུགས་བྱ་འགུལ་དུ་ཞུགས། ཚང་མས་རང་རང་ས་ནས་ས་དོང་རྐོ་བ་དང་སྡོང་ཕྲུག་འཛུགས་པ། ཆུ་གཏོང་བ་སོགས་ཀྱི་ལས་ལ་འབད་པ་དང་། རྐང་ཚ་རྫོང་གིས་མཚོ་སྔོན་པོ་རྒྱལ་ཁབ་སྤྱི་གླིང་གསར་སྐྲུན་གྱི་བྱ་བ་གོ་སྐབས་སུ་བརྩིས་ཏེ། རི་ཆུ་ནགས་ཞིང་མཚེའུ་རྩྭ་ཐང་བྱེ་ཐང་བཅས་ལ་གཅིག་གྱུར་གྱིས་སྲུང་སྐྱོབ་དང་སླར་གསོ་བྱེད་པར་སྐུལ་འདེད་གཏོང་བ། སྐྱེ་ཁམས་སླར་གསོ་བཅོས་སྐྱོང་དང་གནོད་ལྡན་སྐྱེ་དངོས་ཀྱི་སྔོན་འགོག་ཚོད་འཛིན་ལ་ཤུགས་སྣོན་པ། རྒྱལ་ཁོངས་ལྗང་བསྒྱུར་གྱི་འགུལ་སྐྱོད་ཏན་ཏིག་གིས་སྤེལ་བ། སྐྱེ་ཁམས་མ་ལག་གི་སྤུས་མཚག་དང་བརྟན་བརླིང་རང་བཞིན་ཤུགས་ཆེན་པོས་མཐོར་འདེགས་གཏོང་བ། ཡུལ་ཁོངས་ཀྱི་སྐྱེ་ཁམས་བདེ་འཇགས་ཀྱི་སྲུང་ཡོལ་བརྟན་པོར་གཏོང་བ་བཅས་ཀྱིས་རྐང་ཚའི་ནམ་མཁའ་སྔར་བས་སྔོ་ཞིང་ཆུ་སྔར་བས་དྭངས་ལ། རི་སྔར་བས་སྔོ་བ། རྩྭ་སྔར་བས་ལྗང་བ་ཞིག་ཏུ་འགྱུར་བར་ཧུར་བརྩོན་བྱེད་ཀྱིན་ཡོད།།

图片

图片

图片

འདྲ་པར་མནན་ནས་མཚོ་སྔོན་བོད་ཡིག་གསར་འགྱུར་ཚགས་པར་ཀློགས།