ཞིང་ཆེན་ཡོངས་ཀྱི་གཞུང་ཡིག་ལོ་ཙཱའི་གསོ་སྦྱོང་རྒྱལ་ཁའི་ངང་གྲོལ།
ཞིང་ཆེན་ཡོངས་ཀྱི་མི་རིགས་སྐད་ཡིག་གཞུང་ཡིག་ལོ་ཙཱའི་གསོ་སྦྱོང་འཛིན་གྲྭ་མཇུག་སྒྲིལ་བའི་མཛད་སྒོ་འཚོགས་པ།
ཟླ9པའི་ཚེས22ཉིན། ཞིང་ཆེན་ཡོངས་ཀྱི་མི་རིགས་སྐད་ཡིག་གཞུང་ཡིག་ལོ་ཙཱའི་གསོ་སྦྱོང་འཛིན་གྲྭ་སྐབས་གཉིས་པ་མཇུག་སྒྲིལ་བའི་མཛད་སྒོ་མཚོ་བྱང་ཁུལ་ཨུའི་ཏང་གི་སློབ་གྲྭ་རུ་འཚོགས།
མཚོ་སྔོན་ཞིང་ཆེན་སྲིད་གཞུང་གྲངས་ཉུང་མི་རིགས་སྐད་ཡིག་ལོ་ཙཱ་ཁང་གི་ཀྲུའུ་རིན་ཚེ་རིང་མཚོ་དང་། ཞིང་ཆེན་མི་རིགས་ཆོས་ལུགས་ལས་དོན་ཨུ་ཡོན་ལྷན་ཁང་མི་རིགས་སྐད་ཡིག་ལས་དོན་ལྟེ་གནས་ཀྱི་ཀྲུའུ་རིན་གཞོན་པ་ཚེ་རིང་འབུམ། མཚོ་བྱང་ཁུལ་མི་རིགས་སྐད་ཡིག་ལས་དོན་ལྟེ་གནས་ཀྱི་ཀྲུའུ་རིན་རིན་ཆེན་ཚེ་རིང་། ཞིང་ཆེན་སྲིད་གཞུང་གྲངས་ཉུང་མི་རིགས་སྐད་ཡིག་ལོ་ཙཱ་ཁང་གི་ཁྲུའུ་ཀྲང་གཞོན་པ་འབྲུག་བྱམས་ཚེ་རིང་བཅས་མཇུག་སྒྲིལ་མཛད་སྒོར་ཞུགས།
མཇུག་སྒྲིལ་བའི་མཛད་སྒོའི་སྟེང་། རང་ཞིང་གི་རང་སྐྱོང་ཁུལ་སོ་སོ་ནས་ཡོང་བའི་མི་རིགས་སྐད་ཡིག་གཞུང་ཡིག་ལོ་ཙཱ་དོན་གཉེར་བྱེད་པའི་སློབ་མའི་འཐུས་ཚབ་ཀྱིས་གསོ་སྦྱོང་ཉིན་ལྔའི་རིང་། གཞུང་ཡིག་ལོ་ཙཱའི་ཐབས་ལམ་སོགས་ཀྱི་ཐད་ལ་སློབ་སྦྱོང་བྱས་པའི་རང་ཉིད་ཀྱི་མྱོང་ཚོར་དང་ཐོབ་བྱ་ལྷུག་པོར་བརྗོད་པར་མ་ཟད། ཞིང་ཆེན་ཕྱི་ནང་ནས་གདན་ཞུ་བྱས་པའི་དགེ་རྒན་གྱིས་བུམ་པ་གང་བྱོའི་ཚུལ་གྱིས་སློབ་ཁྲིད་གནང་བར་ཐུགས་རྗེ་ཆེ་ཞུས།
མཇུག་མཐར། ལོ་ཙཱའི་གསོ་སྦྱོང་འཛིན་གྲྭར་ཞུགས་པའི་སློབ་མ་ཡོངས་ལ་སློབ་མཇུག་སྒྲིལ་བའི་ལག་ཁྱེར་བསྩལ་ཞིང་། མཇུག་སྒྲིལ་མཛད་སྒོ་ཕུན་སུམ་ཚོགས་པའི་ངང་རྫོགས་སོ།།
ཡོང་ཁུངས། མཚོ་བྱང་མདོ་ལ་བོད་ཡིག་ཚགས་པར།
来源:海北祁连山藏文报
རྩོམ་སྒྲིག་འགན་ཁུར་བ། གནམ་ཐར་སྐྱིད།
责编:南太吉
ལྟ་སྐུལ་བ། ཚེ་བྱམས་རྒྱལ།
监制:才新木加
སྤྱིའི་ལྟ་སྐུལ་བ། ཉིས་ལིན་ཆིས།
总监制:聂连其