ཆོས་དབྱིངས་སྐྱིད་རྒྱལ་ཡོངས་ཀྱི་ཚོགས་ཆེན་འདིར་ཞུགས་རྒྱུ་རེད།
发布时间:2023年10月10日 消息来源:

                                  ཆོས་དབྱིངས་སྐྱིད་རྒྱལ་ཡོངས་ཀྱི་ཚོགས་ཆེན་འདིར་ཞུགས་རྒྱུ་རེད།

   རྩོམ་སྒྲིག ཚེ་གཟུངས་སྐྱིད། ཡོང་ཁུངས། མཚོ་བྱང་ཁུལ་མི་རིགས་སྐད་ཡིག་ལས་དོན་ལྟེ་གནས། བཤེར་འབེབས། ཚེ་བརྟན་བཀྲ་ཤིས། །

  ཟླ10བའི་ཚེས8ཉིན་བསྡུས་པའི་མཚོ་སྔོན་ཞིང་ཆེན་བུད་མེད་མཉམ་འབྲེལ་ལྷན་ཚོགས་སྐབས་བཅུ་གསུམ་པའི་ལག་བསྟར་ཨུ་ལྷན་གྱི་ཚོགས་འདུ་ཐེངས་དྲུག་པའི་སྟེང། མཚོ་སྔོན་ཞིང་ཆེན་དུ་ཀྲུང་གོའི་བུད་མེད་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་ཐེངས་བཅུ་གསུམ་པར་ཞུགས་པའི་འཐུས་མི29བདམས་ཐོན་བྱུང་།

  ཆོང་རྒྱུག་འཕེན་གསུམ་གྱི་ལུས་རྩལ་པ་ཆོས་དབྱིངས་སྐྱིད་རང་ཞིང་གི་ཕུལ་བྱུང་བུད་མེད་ཀྱི་འཐུས་ཚབ་བྱས་ཏེ་པེ་ཅིན་དུ་ཀྲུང་གོའི་བུད་མེད་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་ཐེངས་བཅུ་གསུམ་པར་ཞུགས་རྒྱུ་རེད།

  ཆོས་དབྱིངས་སྐྱིད་ཀྱིས་མཚོ་སྔོན་ཞིང་ཆེན་ལུས་རྩལ་ལས་དོན་རུ་ཆེན་དང་པོའི་འདུར་རྒྱུག་འགྲན་བསྡུར་གྱི་ལུས་རྩལ་པ་དང་མཛུབ་སྟོན་དགེ་རྒན་གྱི་འགན་གཅིག་ལྕོགས་སུ་ཁུར་ཡོད་པ་དང་། ཀྲུང་གོའི་ལུས་རྩལ་ལོ་རྒྱུས་སྟེང་ཨོ་རྩལ་འགྲན་ཚོགས་ཀྱི་འགྲན་རར་ཞུགས་པའི་བོད་རིགས་ལུས་རྩལ་པ་དང་པོ་ཡིན་ལ། ཨོ་རྩལ་འགྲན་ཚོགས་ཀྱི་བྱ་དགའ་ཨང་དང་པོ་ཐོབ་པའི་བོད་རིགས་ལུས་རྩལ་པ་ཐོག་མ་དང་། ཨོ་རྩལ་འགྲན་ཚོགས་ནང་ཐེངས་གསུམ་ལ་ཞུགས་པའི་བོད་རིགས་ལུས་རྩལ་པ་ཐོག་མ་བཅས་ཡིན། ཟླ10བའི་ཚེས4ཉིན། ཆོས་དབྱིངས་སྐྱིད་ལ་ལས་རིགས་སྟེང་གི་ཨེ་ཤེ་ཡ་ལུས་རྩལ་འགྲན་ཚོགས་ཀྱི་གསེར་གྱི་རྟགས་མ་ཐོག་མ་སྟེ་ཧང་ཀྲོའུ་ཨེ་ཤེ་ཡ་ལུས་རྩལ་འགྲན་ཚོགས་ཀྱི་མཆོང་རྒྱུག་འཕེན་གསུམ་རྣམ་གྲངས་ཕོ་མོ་མཉམ་བསྲེས་སྤྱི་ལེ35ཡི་འདུར་རྒྱུག་འགྲན་བསྡུར་གྱི་གསེར་གྱི་རྟགས་མ་ཐོབ་པ་དང་། དེ་ནི་ཀྲུང་གོའི་རུ་ཁག་གི་རྣམ་གྲངས་དེའི་ཐད་ཐོབ་པའི་ཨེ་ཤེ་ཡ་ལུས་རྩལ་འགྲན་ཚོགས་ཀྱི་གསེར་གྱི་རྟགས་མ་དང་པོ་ཡིན་པ་མ་ཟད། མཚོ་སྔོན་གྱི་ལུས་རྩལ་པར་སྐབས་འདིའི་ཨེ་ཤེ་ཡ་ལུས་རྩལ་འགྲན་ཚོགས་ཐོག་ཐོབ་པའི་གསེར་གྱི་རྟགས་མ་དང་པོའང་ཡིན་པས་ཨེ་ཤེ་ཡ་ལུས་རྩལ་འགྲན་ཚོགས་ཀྱི་ཟིན་ཐོ་བཏོད་ཡོད། ཉིན་དེའི་མཚན་མོར་མོ་ལ་ཨོ་རྩལ་འགྲན་ཚོགས་ཀྱི་གསེར་གྱི་རྟགས་མ་སྟེ་ལོན་ཏོན་ཨོ་རྩལ་འགྲན་ཚོགས་ལས་བུད་མེད་ཀྱི་སྤྱི་ལེ20ཡི་འདུར་རྒྱུག་འགྲན་བསྡུར་ཁྲོད་གསབ་འདེམས་བྱས་པའི་གསེར་གྱི་རྟགས་མ་ཐོབ་པ་དེ་ནི་མཚོ་སྔོན་གྱི་ལུས་རྩལ་པར་ཐོབ་པའི་ཨོ་རྩལ་འགྲན་ཚོགས་ཀྱི་གསེར་གྱི་རྟགས་མ་ཐོག་མ་རེད།།