གསར་འགྱུར་གལ་ཆེན།
གསར་འགྱུར་གལ་ཆེན།
ཡོང་ཁུངས། མི་དམངས་ཉིན་རེའི་ཚགས་པར་འཕྲིན་སྟེགས།
-
ཀྲུང་གུང་ཀྲུང་དབྱང་ཏང་གི་ལོ་རྒྱུས་དང་ཡིག་ཆ་ཞིབ་འཇུག་ཁང་གིས་རྩོམ་སྒྲིག་བྱས་པའི《གཞི་རིམ་བཅོས་སྐྱོང་སྐོར་གྱི་ཞི་ཅིན་ཕིང་གྱི་རྣམ་བཤད་གནད་བསྡུས》ཞེས་པའི་དེབ་དེ་ཉེ་ཆར་ཀྲུང་དབྱང་ཡིག་ཆ་དཔེ་སྐྲུན་ཁང་གིས་དཔེ་སྐྲུན་བྱས་ནས་རྒྱལ་ཡོངས་སུ་འགྲེམས་སྤེལ་བྱས།
-
ཚེས22ཉིན་གྱི་དགོང་མོར། ཧང་ཀྲོའུ་ཡི་སྐབས་བཞི་པའི་ཨེ་ཤེ་ཡའི་དབང་པོ་སྐྱོན་ཅན་གྱི་ལུས་རྩལ་འགྲན་ཚོགས་གྱི་མགོ་བརྩམས།
-
ཞིང་ལས་གནས་ཚུལ་གྱི་བཀོད་གཏོང་གསར་ཤོས་ལས་མངོན་པ་ལྟར་ན། མིག་སྔར་རྒྱལ་ཡོངས་ཀྱི་སྟོན་བསྡུའི་མྱུར་ཚད་བཅུ་ཆ་བརྒྱད་ཙམ་ཟིན་འདུག
-
རྒྱལ་ཁབ་སྡོམ་རྩིས་ཅུ་ཡིས་གནས་ཚུལ་སྤེལ་བར་གཞིགས་ན། དུས་ཚིགས་གསུམ་པར་འཛད་སྤྱོད་ཀྱིས་དཔལ་འབྱོར་འཕེལ་རྒྱས་ལ་ནུས་པ་འདོན་ཚད་མཐོ་རུ་ཕྱིན་ཡོད་དེ། 94.8%ཟིན་པ་དངGDPབརྒྱ་ཆའི་གྲངས4.6འཕར་ཡོད་པ་རེད།
-
རྒྱལ་ཁབ་སྦྲག་སྲིད་ཅུས་ཡོངས་བསྒྲགས་བྱས་པའི་གཞི་གྲངས་ལས་མངོན་པ་ལྟར་ན། ཟླ་དང་པོ་ནས་དགུ་པའི་བར་རང་རྒྱལ་གྱི་སྦྲག་སྲིད་ལས་རིགས་ཀྱིས་དངོས་པོ་བསྐུར་སྐྱེལ་ཚད་རིམ་རྩིས་བྱས་ན་དུང་ཕྱུར1151.1ཟིན་པ་དེ་དུས་མཚུངས་ལས13.6%འཕར་ཡོད།
-
ཚེས22ཉིན། ལྷ་གྲུ་ཨང་བཅུ་བདུན་པའི་འཕེན་གཏོང་ས་ཚིགས་ཀྱིས་ཚན་པ་ཁག་སྒྲིག་འཛུགས་བྱས་ཏེ་མ་ལག་ཆ་ཚང་བའི་གཅིག་སྡུད་སྦྱོང་བརྡར་བྱས།
-
རྒྱལ་ཁབ་བདེ་འཇགས་ལས་ཁུངས་ཀྱིས་ཨ་རིའི་གསང་མྱུལ་གྱོད་གཞི་ཞིག་ཡོངས་བསྒྲགས་བྱས་པ་སྟེ། ཨ་རིས་རང་རྒྱལ་གྱི་གཙོ་གནད་རྒྱལ་སྲུང་དམག་དོན་བཟོ་ལས་ལས་ཁུངས་སུ་མངགས་པའི་གསང་འཕྲིན་བ་ཧོའུ་ཆེ་གེ་མོ་ཁྲེང་ཏུའུ་གྲོང་ཁྱེར་འབྲིང་རིམ་མི་དམངས་ཁྲིམས་ཁང་དུ་འདྲི་གཅོད་དང་ལེན་བྱེད་པར་བསྐྱལ།
-
ཚེས22ཉིན། ཚོང་དོན་པུས་ཀྲུང་གོ་དང་ཨོ་སི་ཁྲུ་ལི་ཡའི་འཛམ་གླིང་ཚོང་དོན་གྱི་རྩོད་གཞིའི་སྐོར་ལ་ལན་སྐྱོན་སྐབས། མུ་མཐུད་དུ་བགྲོ་གླེང་དང་གྲོས་མོལ་བྱས་ཏེ་ཕྱོགས་གཉིས་པོའི་དཔལ་འབྱོར་ཚོང་དོན་འབྲེལ་བ་བརྟན་ཞིང་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་རྒྱུར་ཐུན་མོང་ཐོག་སྐུལ་འདེད་གཏོང་འདོད་ཡོད་ཅེས་གསུངས།
-
ཚེས22ཉིན། ཧྥི་ལི་ཕིན་གྱི་གྲུ་གཟིངས་ཤིག་རང་དགར་ངང་ཀྲུང་གོའི་ནན་ཧྲ་གླིང་ཚོམ་གྱི་རིན་ཨེ་ཉེ་འགྲམ་གྱི་མཚོ་ཁོངས་སུ་འཛུལ། ཀྲུང་གོའི་མཚོ་ཐོག་ཉེན་རྟོག་གྲུ་གཟིངས་ཀྱིས་ཉེན་བརྡ་ཐེངས་མང་བཏང་ཡང་ཕན་འབྲས་མ་ཐོན་པས། ཁྲིམས་ལྟར་ཧྥི་ལི་ཕིན་གྱི་གྲུ་གཟིངས་བཀག་འགོག་བྱས།
-
ཕ་ལེ་སི་ཐན་ཅ་ཧྲ་ས་ཁུལ་གྱི་འཕྲོད་བསྟེན་སྡེ་ཚན་དང་དབྱི་སི་རལ་འཕྲོད་བསྟེན་སྡེ་ཚན་གྱིས་གནས་ཚུལ་སྤེལ་བར་གཞིགས་ན། ཚེས22ཉིན་གྱི་དགོང་མོའི་བར། ད་ཐེངས་ཀྱི་ཕ་ལེ་སི་ཐན་དང་དབྱི་སི་རལ་དབར་གྱི་གདོང་ཐུག་གིས་ཕྱོགས་གཉིས་པོའི་མི6100ལྷག་ཙམ་རྐྱེན་ལམ་དུ་ཤོར་དུ་བཅུག
སྤྱི་ཚོགས།
-
སང་ཉིན་དང་གནངས་ཉིན་བར་དུ། ཧྭ་བྱང་བདེ་ཐང་གི་ལྷོ་ཕྱོགས་ཀྱི་ས་ཁུལ་མང་ཆེ་བའི་ཆེས་མཐོ་བའི་དྲོད་ཚད25℃ཡན་ལ་འཕར་རྒྱུ་རེད།
-
སྐྱེ་ཁམས་ཁོར་ཡུག་པུ་དང་། ཁྲོམ་རའི་ལྟ་སྐུལ་དོ་དམ་སྤྱི་ཁྱབ་ཅུས་མཉམ་འབྲེལ་ཐོག་བྱ་ཐབས་ཁྱབ་བསྒྲགས་བྱས་པ་སྟེ། རྒྱལ་ཡོངས་ཀྱི་དྲོད་ཁང་རླངས་གཟུགས་རང་མོས་སྒོས་ཇེ་ཉུང་དུ་གཏོང་བའི་ཉོ་འཚོང་དང་འབྲེལ་ཡོད་བྱེད་སྒོ་ཚད་ལྡན་དུ་གཏོང་རྒྱུ་རེད།
-
གཞི་གྲངས་ལྟར་ན། ཀང་ཀྲུའུ་ཨའོ་ཟམ་ཆེན་ཤར་གཏོང་ཐུབ་ནས་ལོ་ལྔའི་རིང་། ཟམ་ཆེན་གྱི་འགག་སྒོ་ནས་འགྲོ་འོང་བྱེད་མཁན་ཀང་ཨའོ་ཡི་སྡོང་དམངས་མི་ཐེངས་ཁྲི1980ཟིན་པ་དེས་སྡུར་ཚད་ཀྱི55%བཟུང་ཡོད།
-
ཚེས22ཉིན། ཀྲུང་གོ་ཚན་རྩལ་མཐུན་ཚོགས་ཀྱིས2023ལོའི་ཚན་རིག་གི་གནད་དོན་གལ་ཆེན་དང་། ལས་གྲྭའི་ལག་རྩལ་གྱི་དཀའ་གནད། ཐོན་ལས་ལག་རྩལ་གྱི་གནད་དོན་བཅས་ཁྱབ་བསྒྲགས་བྱས། ཞིབ་འཕྲིན།
-
རྒྱལ་ཁབ་ལྕགས་ལམ་ཚོགས་པས་གནས་ཚུལ་སྤེལ་བར་གཞིགས་ན། ཟླ་དང་པོ་ནས་དགུ་པའི་བར་རྒྱལ་ཁབ་ལྕགས་ལམ་གྱིས་རིམ་རྩིས་བྱས་ན་དངོས་ཟོག་ཏུན་དུང་ཕྱུར28.97སྐྱེལ་འདྲེན་བྱས་པ་དང་། དངོས་ཟོག་སྐྱེལ་འདྲེན་བྱེད་ཚད་མཐོན་པོ་རྒྱུན་འཁྱོངས་ཐུབ་ཡོད།
-
ཉིན་ཤས་གོང་དུ། ཧྲའན་ཞི་སུའེ་ཏེ་སྤྱི་བདེ་ཅུ་ཡིས་ཁྲིམས་འགལ་ངང་ཆ་འཕྲིན་དྲ་རྒྱ་སྤྱད་དེ་བསྙད་འདོགས་ཟིང་སློང་གི་ཉེས་གསོག་གྱོད་གཞི་ཞིག་རྩད་ཆོད་པ་དང་། ཉེས་གསོག་དོགས་ཅན་ཀྲང་ཡན་ཉིང(དྲ་མིང་ལ་ཀྲང་མེ་ལི)ཉེས་དོན་བཀག་ཉར་བྱས།
-
ཉེ་ཆར། ཀོང་ཞི་ཧོ་ཕུའུ་རུའུ་ཆིའུ་ཡི་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་དུ་རྒྱལ་ཁབ་ཀྱི་རིམ་པ་གཉིས་པའི་གཙོ་གནད་སྲུང་སྐྱོང་སྲོག་ཆགས་ཏེ། ཀྲུང་གོའི་ཧུའུ་ཡི་ཆུང་དུས་ཀྱི་གཟུགས་པོའི་རྗེས་ཤུལ་ཤེས་རྟོགས་བྱུང་།
-
ཉེ་ཆར། པེ་ཅིང་གི་ཡང་ཆའོ་ཞའི་ཉེ་འགྲམ་དུ་བུད་མེད་ཅིག་གིས་སེམས་ཆུང་མ་བྱས་པར་ཆུ་ནང་དུ་ལྷུང་བ་ན། ལོ59ལ་སླེབས་པའི་མི་དམངས་ཉེན་རྟོག་པ་ཀྲོའུ་ཅིན་ཝན་གྱིས་ཐེ་ཚོམ་སྤུ་ཙམ་ཡང་མེད་པར་གྲང་ངར་ཆེ་བའི་ཆུ་ནང་དུ་མཆོང་སྟེ། མཚོ་འགྲམ་གྱི་མང་ཚོགས་དང་མཉམ་དུ་བུད་མེད་དེ་བསྐྱབས།
སྲིད་ཇུས།
-
པེ་ཅིང་གིས་སྲོལ་ཡིག་ཁྱབ་བསྒྲགས་བྱས་པ་སྟེ། བྱེད་སྒོ་ཆེ་གྲས་རིགས་ཀྱི་བདེ་འཇགས་ཆོག་འཐུས་ཀྱི་རེ་ཞུའི་ཡིག་ཆར་ཞིབ་མཆན་འགོད་པའི་དུས་ཚོད་དེ་སྔའི་ལས་ཀའི་ཉིན་གྲངས7ནས་ལས་ཀའི་ཉིན་གྲངས3བར་ཐུང་དུ་བཏང་།
-
ཀོང་ཞི་ཡིས་བྱེད་ཐབས་བཏོན་པ་སྟེ། “ཀྲུང་ཧྭའི་རྩལ་ནུས་བྱ་དགའ་ཆེ་མོ”དང“རྒྱལ་ཡོངས་ཀྱི་ལག་རྩལ་མཁས་ཅན”གྱི་བྱ་དགའ་གསར་དུ་ཐོབ་མཁན་ལ་སྤྲོད་ཐེངས་གཅིག་ལ་མི་རེར་སྒོར་ཁྲི30དང་སྒོར་ཁྲི15ཡི་བྱ་དགའ་སྤྲོད་རྒྱུ་ཁ་གསལ་བཏོན།
-
ཧའེ་ནན་སན་ཡ་ཡིས་བྱ་ཐབས་ཡོངས་བསྒྲགས་བྱས་པ་སྟེ། ཚོང་གཉེར་མཁན་གྱིས་ཆུ་ཐོག་གནས་སྐོར་ཞབས་ཞུའི་རྣམ་གྲངས་གཉེར་སྐབས་རིན་གོང་ཁ་གསལ་འགོད་དགོས་པ་ལས་མ་གནས་ལས་དམའ་བའི་རིན་གོང་ཐོག་ནས་ཕམ་འཚོང་རྒྱག་པ་སོགས་ཚུལ་མིན་གྱི་རིན་གོང་བྱ་སྤྱོད་སྤེལ་མི་ཆོག་པ་ཁ་གསལ་བཟོས།
དེ་རིང་གི་གནམ་གཤིས།
-
ཞིན་ཅང་བྱང་རྒྱུད་ཀྱི་བྱང་ཕྱོགས་དང་། བོད་ལྗོངས་ཀྱི་བྱང་རྒྱུད། མཚོ་སྔོན་གྱི་ལྷོ་རྒྱུད་སོགས་ཀྱི་ས་ཁུལ་ཁག་ཅིག་ཏུ་ཁ་བ་ཆུང་བ་ནས་འབྲིང་བའམ་ཁངས་ཆར་འདྲེས་མ་འབབ་རྒྱུ་རེད། ཡུན་ནན་གྱི་ལྷོ་ནུབ་རྒྱུད་དང་། ཀོང་ཞིའི་ལྷོ་རྒྱུད་ཀྱི་མཚོ་རྒྱུད་ས་ཁུལ། ཧའེ་ནན་ཏའོ་གླིང་ཕྲན་སོགས་ཀྱི་ས་ཆ་མང་ཆེ་བར་ཆར་པ་འབྲིང་བ་ནས་ཆེ་བ་འབབ་རྒྱུ་རེད།