མདོ་དབུས་མཐོ་སྒང་ནས་ལོ་ངོ་དུང་ཕྱུར2.2ཟིན་པའི་ཆུ་སྲིན་ཧྲ་ཡུས་ཀྱི་འགྱུར་རྡོ་རྙེད།

发布时间:2023年10月26日 消息来源:

མདོ་དབུས་མཐོ་སྒང་ནས་ལོ་ངོ་དུང་ཕྱུར2.2ཟིན་པའི་ཆུ་སྲིན་ཧྲ་ཡུས་ཀྱི་འགྱུར་རྡོ་རྙེད།

图片




ཉེ་སྔོན། གསར་འགོད་པས“ཡང་རྩེའི་ལས་འགན”ཞེས་པའི་ཇོ་བོ་དབུ་ཡག་གནའ་བོའི་སྐྱེ་དངོས་ཚན་ཞིབ་ཡན་ལག་རུ་ཁག་ནས་ཤེས་རྟོགས་བྱུང་བ་ལྟར་ན། 2023ལོའི་ཇོ་བོ་དབུ་ཡག་ཚན་རིག་རྟོག་ཞིབ་ཁྲོད། ཀྲུང་གོ་ཚན་རིག་གླིང་གནའ་བོའི་སྒལ་ཚིགས་སྲོག་ཆགས་དང་གནའ་བོའི་མིའི་རིགས་ཞིབ་འཇུག་ཁང་དང་། ཞི་ཧྲོང་པན་ནའི་ཚ་ཁུལ་སྐྱེ་དངོས་གླིང་གཉིས་ཀྱིས་གྲུབ་པའི་གནའ་བོའི་སྐྱེ་དངོས་ཞིབ་འཇུག་ཡན་ལག་རུ་ཁག་གིས་ཇོ་བོ་དབུ་ཡག་ས་ཁུལ་དུ་ད་ལྟའི་བར་ལོ་ངོ་དུང་ཕྱུར2.2ཟིན་པའི་སུམ་བརྩེགས་དུས་རབས་དུས་མཇུག་གི་ས་རིམ་ཁྲོད་ནས་ཆུ་སྲིན་ཧྲ་ཡུས་ཀྱི་འགྱུར་རྡོ་རྙེད་ཅིང་། དེས་སྐབས་དེ་དུས་ཀྱི་རིམ་པ6གི་རྒྱ་མཚོའི་སྐྱེ་ཁམས་སྦྲེལ་ཐག་ཁྲོད་ཀྱི་རིམ་པ་གཉིས་པ་དེ་ཁ་གསབ་བྱས། 

图片
སུམ་བརྩེགས་དུས་རབས་ཀྱི་ཆུ་སྲིན་ཧྲ་ཡུས་ཀྱི་མཆེ་བའི་འགྱུར་རྡོ། 
三叠纪鲨鱼牙化石

མདོ་དབུས་མཐོ་སྒང་ནི་སྐྱེ་དངོས་སྣ་མང་རང་བཞིན་རིམ་འགྱུར་ཁྲོད་ཀྱི་གནད་འགག་གལ་ཆེན་ཞིག་ཡིན་པ་དང་། གནའ་བོའི་སྐྱེ་དངོས་འགྱུར་རྡོ་ནི་སྐྱེ་དངོས་རིམ་འགྱུར་གྱི་དཔང་རྟགས་གལ་ཆེན་ཞིག་ཡིན་པར་མ་ཟད། ས་གཤིས་དུས་རབས་ཀྱི་ཁོར་ཡུག་དང་ནམ་ཟླའི་འགྱུར་ལྡོག་ཤེས་རྟོགས་བྱེད་པའི་ཞིབ་འཇུག་རྒྱུ་ཆ་གལ་ཆེན་ཞིག་ཀྱང་ཡིན། 


图片

གནའ་བོའི་སྐྱེ་དངོས་རུ་ཁག་གིས་ཇོ་བོ་དབུ་ཡག་གི་འགྱུར་རྡོ་རྙེད་ས་རུ་བརྟག་དཔྱད་བྱེད་བཞིན་པ། 

古生物队在卓奥友峰加布拉化石点调查

ཚན་ཞིབ་རུ་མིས་ཇོ་བོ་དབུ་ཡག་གི་མཐོ་ཚད་སྨི4800ལྷག་ཙམ་གྱི་སར་དུས་གསར་སྔ་མའི་སྐབས་ཀྱི་སྐྱེར་པ་དང་ཚར་འབྲུམ། སྤྲིན་གསོམ་སོགས་ཀྱི་འགྱུར་རྡོ་སྣ་ཚོགས་རྙེད་པས། ད་ལྟའི་བར་ལོ་ངོ་ཁྲི500ཟིན་པའི་ས་གཤིས་དུས་གསར་སྔ་མའི་དུས་མགོའི་ས་རིམ་ཁྲོད་དུ་ལོ་མ་ཁབ་དབྱིབས་ཅན་གྱི་ནགས་ཚལ་ཚོམ་ཡོད་པར་ངོས་འཛིན་བཞིན་ཡོད་ལ། དེས་སྐབས་དེར་ཧི་མ་ལ་ཡའི་རི་རྒྱུད་མདོ་དབུས་མཐོ་སྒང་གི་ཕང་བ་ནས་ཡར་འཕགས་པའི་གོ་རིམ་ཁྲོད་མཚོ་འཕགས་མཐོ་ཚད་སྨི3000ལས་བརྒལ་བ་ར་སྤྲོད་བྱས། 

图片
དུས་གསར་སྔ་མའི་སྐབས་ཀྱི་སྐྱེར་པའི་འགྱུར་རྡོ། 
上新世小檗化石
图片
དུས་གསར་སྔ་མའི་སྐབས་ཀྱི་ཚར་འབྲུམ་གྱི་འགྱུར་རྡོ།
上新世栒子化石
图片
དུས་གསར་སྔ་མའི་སྐབས་ཀྱི་སྤྲིན་གསོམ་གྱི་འགྱུར་རྡོ།
上新世云杉化石

ཇོ་བོ་དབུ་ཡག་ཚན་ཞིབ་སྒར་ས་ཆེན་མོ་དེ་མཐོ་ཚད་སྨི4950ཡི་སར་གནས་པ་དང་། ཚན་ཞིབ་ཁྲོད་ཞུགས་པའི་ཀྲུང་གོ་ཚན་རིག་གླིང་གནའ་བོའི་སྒལ་ཚིགས་སྲོག་ཆགས་དང་གནའ་བོའི་མིའི་རིགས་ཞིབ་འཇུག་ཁང་གི་སུའོ་ཀྲང་ཏེང་ཐའོ་ཡིས་བཤད་རྒྱུར། ཇོ་བོ་དབུ་ཡག་ཏུ་ད་ལྟའི་བར་ལོ་ངོ་དུང་ཕྱུར2.2ཟིན་པའི་སུམ་བརྩེགས་དུས་རབས་དུས་མཇུག་གི་ས་རིམ་ཁྲོད་ཆུ་སྲིན་ཧྲ་ཡུས་ཀྱི་འགྱུར་རྡོ་རྙེད་པ་དེས་སུམ་བརྩེགས་དུས་རབས་ཀྱི་གནའ་བོའི་རྒྱ་མཚོའི་སྐྱེ་ཁམས་མ་ལག་ལ་ཤེས་རྟོགས་བྱེད་པར་ཆ་འཕྲིན་སྔར་བས་མང་པོ་འདོན་སྤྲོད་ཐུབ་ལ། ཇོ་བོ་དབུ་ཡག་སྒར་ས་ཆེན་མོའི་དུས་ཡུན་ཐུང་ཐུང་གི་འགྲུལ་བཞུད་ཁྲོད་དུ་མདོ་དབུས་མཐོ་སྒང་ཞེས་པའི་རང་བྱུང་ཚོད་ལྟ་ཁང་འདིའི་ལོ་ངོ་དུང་ཕྱུར་མང་པོའི་རིང་གི་ས་གཤིས་དང་ནམ་ཟླ། ཁོར་ཡུག སྐྱེ་དངོས་རིམ་འགྱུར་བཅས་ཀྱི་ཞིབ་ཆ་གཅིག་བསྡུས་དང་ཞིབ་འབྲི་བྱས་ཡོད། དེ་ལ་བརྟེན་ནས་མི་སྔར་བས་མང་པོ་ཞིག་གིས་མདོ་དབུས་མཐོ་སྒང་གི་ཁོར་ཡུག་གི་འགྱུར་ལྡོག་དང་ཚེ་སྲོག་རིམ་འགྱུར་གྱི་ལོ་རྒྱུས་ལ་རྒྱུས་ལོན་དང་། ལོ་ངོ་དུང་ཕྱུར་གཉིས་ལྷག་སྔོན་གྱི་གནའ་བོའི་ཐེ་ཐི་སི་རྒྱ་མཚོའི་ཚེ་སྲོག་གི་གཞིས་ཀར་རྒྱུས་ལོན་བྱ་ཐུབ་ངེས། 

图片

ཆུ་སྲིན་ཧྲ་ཡུས། པར་རིས་པའེ་ཏུའུ་དྲ་བ་དྲངས། 

鲨鱼 图片来源:百度百科




图片


青藏高原发现距今2.2亿年鲨鱼化石


图片

记者从巅峰使命卓奥友峰科考古生物分队获悉:在2023年卓奥友峰科考中,由中国科学院古脊椎动物与古人类研究所和西双版纳热带植物园组成的古生物分队在卓奥友峰地区获得重大发现:在距今2.2亿年的三叠纪晚期地层中发现鲨鱼化石,为当时的6级海洋生态链补上第二级缺环。

青藏高原是生物多样性演化的重要枢纽,古生物化石不但是生物演化的重要证据,也是认识地质时期环境与气候变化的重要研究材料。

科考队员在卓奥友峰4800多米发现了上新世的小檗、栒子、云杉等化石,认为在距今500万年的上新世早期地层中,有一片针叶林群落,证明当时喜马拉雅山脉在青藏高原隆升过程中已超过3000米海拔高度。

卓奥友峰科考大本营位于4950米,参与科考的中国科学院古脊椎动物与古人类研究所所长邓涛表示:在卓奥友峰距今2.2亿年的三叠纪晚期地层中发现鲨鱼化石,将为人们了解三叠纪古海洋生态系统提供更多的信息。短短的一条卓奥友峰大本营之路就浓缩和刻画了青藏高原这个天然实验室亿万年来的地质、气候、环境和生物演化细节,能让越来越多的人了解青藏高原环境变迁和生命演化的历史,了解两亿多年前古特提斯洋的生命家园。

图文来源:央视新闻