མཚོ་བྱང་ཁུལ་གྱིས་སྲོལ་ཡིག་ཅིག་ཁྱབ་སྒྲོག་དང་ལག་བསྟར་བྱས་པ།
发布时间:2023年11月01日 消息来源:

མཚོ་བྱང་ཁུལ་གྱིས་སྲོལ་ཡིག་ཅིག་ཁྱབ་སྒྲོག་དང་ལག་བསྟར་བྱས་པ།

2  རྩོམ་སྒྲིག ཚེ་གཟུངས་སྐྱིད། ཡོང་ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར་ཚགས་པར། བཤེར་འབེབས། ཚེ་བརྟན་བཀྲ་ཤིས།

640.jpg

ཟླ10པའི་ཚེས31ཉིན། མཚོ་བྱང་ཁུལ་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས《མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་གྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་དང་ཉམས་གསོའི་སྲོལ་ཡིག》ཁྱབ་སྒྲོག་དང་ལག་བསྟར་བྱེད་པའི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་མཚོ་བྱང་ཁུལ་དུ་བསྡུས། ཚོགས་ཐོག་ཏུ། མཚོ་བྱང་ཁུལ་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་འབྲེལ་ཡོད་མགོ་ཁྲིད་པས《མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་གྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་དང་ཉམས་གསོའི་སྲོལ་ཡིག》གཏན་འབེབས་ཀྱི་དགོས་ངེས་རང་བཞིན་དང་རྩ་དོན། གཞི་འཛིན་ས། གོ་རིམ། སྒྲོམ་གཞི། ནང་དོན་གཙོ་བོ་བཅས་ཀྱི་ཐད་ནས་ངོ་སྤྲོད་བྱས་ཤིང་། ཁུལ་མི་དམངས་སྲིད་གཞུང་གི་འབྲེལ་ཡོད་མགོ་ཁྲིད་པས་སྲོལ་ཡིག་འདི་ཉིད་ལག་བསྟར་དངོས་འབེབས་བྱེད་པའི་ཐད་བཀོད་སྒྲིག་བྱས། མཚོ་བྱང་ཁུལ་སྐྱེ་ཁམས་ཁོར་ཡུག་ཅུས་དང་ཁུལ་རང་བྱུང་ཐོན་ཁུངས་ཅུས། ཁུལ་ནགས་ལས་དང་རྩྭ་ཐང་ཅུས་བཅས་ཀྱི་འགན་ཁུར་བློ་མཐུན་གྱིས་ཡུལ་དངོས་ནས་སྨྱན་བྱད་ཀྱི་དྲི་བར་ལན་བཏབ། མཚོ་བྱང་ཁུལ་གྱི་འབྲེལ་ཡོད་སྡེ་ཁག་གི་འགན་ཁུར་མི་སྣ་སོགས་མི40ལྷག་ཡོངས་བསྒྲགས་ཚོགས་འདུར་ཞུགས།

640 (1).jpg

640 (2).jpg

640 (3).jpg