རང་ཞིང་རྒྱལ་ཡོངས་ཀྱི་ཨང་བཞི་པ་རེད།
ཉེ་ཆར། རྒྱལ་ཁབ་ཁྲོམ་རའི་ལྟ་སྐུལ་དོ་དམ་སྤྱི་ཁྱབ་ཅུས་ཀྱིས་རྒྱལ་ཡོངས་ཀྱི་ཁྱབ་ཁོངས་སུ་འཛད་སྤྱོད་གཏུག་བཤེར་ཐག་གཅོད་བརྡ་འཕྲིན་ཟུར་བཤེར་བྱ་བ་སྤེལ་ཏེ། གཙོ་བོ་གཞི་རིམ་གྱི་ཁྲོམ་རའི་ལྟ་སྐུལ་དོ་དམ་སྡེ་ཁག་གི་ལས་སྒྲུབ་མི་སྣས་གཏུག་བཤེར་ཐག་གཅོད་པའི་གོ་རིམ་ཁྲོད་འཛད་སྤྱོད་པ་དང་བརྗེ་རེས་གང་ལེགས་བྱས་ཡོད་མེད་དང་ཡང་ན་ཕྱོགས་གཉིས་ཀ་བཙལ་ནས་འདུམ་སྒྲིག་བྱས་ཡོད་མེད་ལ་ཟུར་བཤེར་བྱས་པ་ན། རང་ཞིང་གི་ཡིད་ཚིམས་ཚད89.29%ཡིན་ཏེ། རྒྱལ་ཡོངས་ཀྱི་ཆ་སྙོམས་ཆུ་ཚད་ལས་བརྒྱ་ཆའི་ཆ6.48ཀྱིས་མཐོ་བས། རྒྱལ་ཡོངས་ཀྱི་གོ་གནས་ཨང་བཞི་པ་ཟིན་ཡོད། ཉེ་བའི་ལོ་འགའི་རིང་ལ། ཞིང་ཆེན་ཡོངས་ཀྱི་རིམ་པ་སོ་སོའི་ཁྲོམ་རའི་ལྟ་སྐུལ་དོ་དམ་སྡེ་ཁག་གིས་འཛད་སྤྱོད་པ་བླ་ན་མེད་པའི་འདུ་ཤེས་བརྟན་པོར་བཙུགས་ཏེ། འཛད་སྤྱོད་ཁེ་དབང་ལ་སྲུང་སྐྱོང་བྱེད་ཤུགས་ཆེ་རུ་བཏང་ཞིང་། འཛད་སྤྱོད་རྩོད་གཞི་ཧུར་ཐག་གིས་མགོ་ཁུངས་ནས་ཐག་བཅད་པ་དང་། ཁྲོམ་རའི་བརྟན་འཇགས་ལ་སྲུང་སྐྱོང་དང་མང་ཚོགས་ཀྱི་རེ་ཞུ་བྱེད་ཐབས་རྒྱུན་ཆད་མེད་པར་ཇེ་ལེགས་སུ་བཏང་བ། ནུས་པའི་འཛུགས་སྐྲུན་ལ་ཤུགས་སྣོན་པ་དང་། རིམ་པ་སོ་སོའི་འགན་འཁྲི་ནན་གཅགས་བྱེད་པ། གཞི་གྲངས་དབྱེ་ཞིབ་བརྡར་གཅོད་དང་འཛད་སྤྱོད་རྩོད་གཞིའི་སྔོན་བརྡ་རྒྱག་པ་བཅས་རྒྱུན་རྣམ་ཅན་གྱི་སྒོ་ནས་སྤེལ་བ་དང་། ཞིང་ཆེན་ཡོངས་ཀྱི་ཐད་སྦྲེལ་ཁ་པར12315ཡི་ཆེད་སྤྱོད་ཁ་པར8ནས30(20གསར་དུ་བསྣན)རུ་ཇེ་མང་དུ་བཏང་སྟེ། ཚད་གཞི་མཐོ་བའི་སྒོ་ནས་རྒྱལ་ཡོངས་ཀྱི་སྟེགས་བུ་དང་སྦྲེལ་མཐུད་བྱེད་པའི་བྱ་བ་ལེགས་འགྲུབ་བྱས་པ་དང་། གོང་འོག་རིམ་པ5སྦྲེལ་བའི་བྱ་བའི་མ་ལག་བསྐྲུན་པ། དེ་དང་ཆ་མཐུན་དུ་སྐད་དོན་ཚོམས་ཆེན་དང་ཞུ་གཏུག་སྣེ་ལེན་ཁང་། དྲ་ཐོག་འདུམ་སྒྲིག་ཁང་། གྲངས་ཉུང་མི་རིགས་ཀྱི་ཆེད་དམིགས་བཞུགས་གནས་སོགས་ཀྱི་བྱེད་ནུས་ཁུལ་བཀོད་སྒྲིག་བྱས། སྟེགས་བུའི་བྱེད་ནུས་བེད་སྤྱོད་སྔོག་འདོན་གཏིང་ཟབ་བྱས་ཏེ། སྔ་རྗེས་སུ་སྐད་འཕྲིན་སྤྱི་སྟེགས་དང་གཏོང་སྤྲོད་ནོར་གྱི་འགྲོ་རིམ་ཆུང་བ། ཁ་པརAPPསོགས་དྲ་ལམ་གཏུག་བཤེར་དང་ཐེར་འདོན་བྱེད་ནུས་ཤར་གཏོང་བྱས་ནས། འཛད་སྤྱོད་པའི་འདྲི་རྩད་དང་གཏུག་བཤེར་ཐེར་འདོན་དོན་ཚན་ལ་དུས་ཐོག་ཏུ་དྲིས་ལན་བཏབ་པ་དང་བརྒྱུད་སྤྲོད་ལས་སྒྲུབ་བྱས་ལ། ཕན་འབྲས་མཐོ་ཞིང་སྟབས་བདེ་བའི12315འཛད་སྤྱོད་པའི་ཞབས་ཞུའི་ཐད་སྦྲེལ་ཁ་པར་ཧུར་ཐག་གིས་སྒྲིག་འཛུགས་བྱས་ནས། འཛད་སྤྱོད་པའི་ཁྲིམས་མཐུན་ཁེ་དབང་ནུས་ཤུགས་གང་ཡོད་ཀྱིས་སྲུང་སྐྱོང་བྱས། ད་ལོའི་ཚུན་དུ། ཞིང་ཆེན་ཡོངས་ཀྱི་ཁྲོམ་རའི་ལྟ་སྐུལ་དོ་དམ་མ་ལག་གིས་འདྲི་རྩད་དང་གཏུག་བཤེར། ཐེར་འདོན་བཅས་ཀྱི་གྱོད་དོན་ཁྲི10བདག་སྤྲོད་བྱས་ཏེ། འཛད་སྤྱོད་པའི་དཔལ་འབྱོར་གྱོང་གུད་སྒོར་ཁྲི800ལྷག་ཕྱིར་འཐེན་བྱས། གཏུག་བཤེར་གྱི་ཐོག་མའི་ཞིབ་བཤེར་ཚད99.91%ཡིན་ལ། ཐེར་འདོན་གོང་ཞུར་ལྟ་ཞིབ་བྱས་ཚད99.89%ཡིན་པ་དང་། འགན་ནུས་ཁྱབ་ཁོངས་ཀྱི་བདག་སྤྲོད་བྱས་ཚད100%རེད། ། |