གསར་འགྱུར་གལ་ཆེན།
发布时间:2023年11月24日 消息来源:

གསར་འགྱུར་གལ་ཆེན།

     རྩོམ་སྒྲིག་པ། ཚེ་གཟུངས་སྐྱིད། ཡོང་ཁུངས། མི་དམངས་ཉིན་རེའི་ཚགས་པར་འཕྲིན་སྟེགས། བཤེར་འབེབས། ཚེ་བརྟན་བཀྲ་ཤིས།

  • ཟླ11པའི་ཚེས23ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་གོ་ལ་ཧྲིལ་པོའི་གྲངས་འཛིན་ཚོང་དོན་དངོས་མང་སྟོན་ཚོགས་སྐབས་གཉིས་པར་རྟེན་འབྲེལ་འཕྲིན་ཡིག་སྤྲིངས།

  • ཟླ11པའི་ཚེས21ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཡོའེ་སེ་ཕུའུ·ཉི་ཝུའུ་མ·པོ་ཨ་ཁའེ(约瑟夫.尼乌玛.博阿凯)ལ་གློག་འཕྲིན་བཏང་ནས་ཁོང་ལི་པེ་རི་ཡ་སྤྱི་མཐུན་རྒྱལ་ཁབ་ཀྱི་ཙུང་ཐུང་ལ་བདམས་ཐོན་བྱུང་བར་རྟེན་འབྲེལ་ཞུས།

  • ཟླ11པའི་ཚེས21ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཧ་ཝེར·སྨི་ལའེ(哈维尔.米莱)ལ་གློག་འཕྲིན་བཏང་ནས་ཁོང་ཨ་ཀེན་ཐིན་སྤྱི་མཐུན་རྒྱལ་ཁབ་ཀྱི་ཙུང་ཐུང་ལ་བདམས་ཐོན་བྱུང་བར་རྟེན་འབྲེལ་ཞུས།

    1.jpg

  • ཚེས23ཉིན། ལྷོ་ཁོ་རེ་ཡར་ཡོད་པའི་ཀྲུང་གོ་མི་དམངས་དང་བླངས་དམག་གི་སྔོན་གཤེགས་དཔའ་བོའི་གདུང་རུས་ཁག་བཅུ་པ་མཁའ་དམག་སྐྱེལ་འདྲེན20པའི་ཆེད་སྤྱོད་གནམ་གྲུར་བསྡད་དེ་རྒྱལ་ནང་དུ་ལོག

  • རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཆོག་མཆན་ཐོབ་པ་བརྒྱུད། ཀྲུང་གོ་གློག་རྡུལ་ཚན་རྩལ་ཚོགས་པ་ཚད་ཡོད་སྤྱི་གཉེར་དང་ཀྲུང་གོ་ཧྭ་ལུའུ་ཚོགས་པ་ཚད་ཡོད་སྤྱི་གཉེར་བསྐྱར་སྒྲིག་བྱས།

  • འགྲིམ་འགྲུལ་སྐྱེལ་འདྲེན་པུས་གནས་ཚུལ་སྤེལ་བར་གཞིགས་ན། 2022ལོའི་ལོ་མཇུག་བར་རང་རྒྱལ་གྱི་མྱུར་བགྲོད་གཞུང་ལམ་ཐོག་རླངས་འཁོར་ཤར་གཏོང་ཐུབ་པའི་ལམ་ཐག་སྤྱི་ལེ་ཁྲི17.7ཟིན་ནས་འཛམ་གླིང་གི་ཨང་དང་པོར་སླེབས་ཡོད།

  • ཚེས23ཉིན། སྐྱེ་ཁམས་ཁོར་ཡུག་པུས་གནས་ཚུལ་སྤེལ་བར་གཞིགས་ན། རེས་སྐོར་གསུམ་པའི་རེབ་དང་པོའི་ཀྲུང་དབྱང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལྟ་ཞིབ་ཚན་ཆུང་ལྔ་པོ་ཡོངས་སུ་ལྟ་ཞིབ་བཅའ་སྡོད་བྱས་པ་དང་། ཐེར་འདོན་ཐབས་ལམ་ཁྱབ་བསྒྲགས་བྱས།

    2.jpg

  • ཚེས23ཉིན། རང་རྒྱལ་གྱིས་ཞི་ཁྲང་སྲུང་སྐར་འཕེན་གཏོང་ལྟེ་གནས་སུ་རྒྱང་སྐྱོད་ཨང་གཉིས་པའི་སྐྱེལ་འདྲེན་མེ་ཤུགས་འཕུར་མདའ་སྤྱད་དེ་སྲུང་སྐར་དྲ་སྦྲེལ་ལག་རྩལ་ཚོད་ལྟའི་སྲུང་སྐར་མཁའ་དབྱིངས་སུ་འཕེན་གཏོང་བྱས།

  • ལྷོ་རྒྱུད་དམག་ཁུལ་གྱིས་ཨ་རི་དང་ཧྥི་ལི་ཕིན་གྱིས་ལྷོ་རྒྱ་མཚོར་མཉམ་འབྲེལ་སྐོར་ཞིབ་བྱས་པའི་ཐད། འཐབ་ཁུལ་གྱི་དཔུང་སྡེས་དོགས་ཟོན་ཆེན་པོ་བྱས་ནས་རྒྱལ་ཁབ་ཀྱི་བདག་དབང་བདེ་འཇགས་དང་རྒྱ་མཚོའི་ཁེ་དབང་སྲུང་སྐྱོང་མཐའ་གཅིག་ཏུ་བྱེད་པ་དང་ལྷོ་རྒྱ་མཚོའི་ས་ཁུལ་གྱི་ཞི་བདེ་བརྟན་ལྷིང་ལ་སྲུང་སྐྱོང་མཐའ་གཅིག་ཏུ་བྱེད་རྒྱུ་ཡིན་ཞེས་བཤད།

  • ཕ་རི་སིའི་ཨའོ་རྩལ་འགྲན་ཚོགས་སྒྲིག་འཛུགས་ཨུ་ལྷན་གྱིས་ཟླ་འདིའི་ཟླ་མཇུག་ཏུ2024ལོའི་ཕ་རི་སིའི་ཨའོ་རྩལ་འགྲན་ཚོགས་དང་དབང་པོ་སྐྱོན་ཅན་གྱི་ཨའོ་རྩལ་འགྲན་ཚོགས་ཀྱི་སྒོ་འཛིན་ཁྲི40ཙམ་བཙོང་རྒྱུ་ཡིན་ཞེས་བཤད།

    སྤྱི་ཚོགས།

  • ཀྲུང་དབྱང་གནམ་གཤིས་ལས་ཁུངས་ཀྱིས་གྲང་རྒྱུན་གྱི་སྔོན་བརྡ་ཁྱབ་བསྒྲགས་བྱས་པ་སྟེ། དེ་རིང་ནང་སོག་གི་དབུས་ཤར་རྒྱུད་དང་ཧེ་ལུང་ཅང་གི་ས་ཆ་མང་ཆེ་བའི་དྲོད་ཚད་དམའ་ཤོས20℃མན་དུ་སླེབས་རྒྱུ་དང་། ས་ཁུལ་ཁ་ཤས་ཀྱི་དྲོད་ཚད30℃མན་དུ་སླེབས་རྒྱུ་རེད།

  • རྒྱལ་ཁབ་ཆམ་རིམས་ལྟེ་གནས་ཀྱི་ལྟ་ཞིབ་ཚད་ལེན་གྲངས་གཞི་ལས་མངོན་པ་ལྟར་ན། གཟའ་འཁོར་འདིར་ལྷོ་རྒྱུད་དང་བྱང་ཕྱོགས་ཞིང་ཆེན་གྱི་ཆམ་རིམས་ནད་དུག་ཞིབ་དཔྱད་ཚད་ལེན་བྱས་པ་གདགས་གཤིས་སུ་འགྱུར་ཚད་མུ་མཐུད་མཐོ་རུ་ཕྱིན་འདུག

  • གྲངས་གཞི་ལས་མངོན་པ་ལྟར་ན། 2022ལོར་ཀྲུང་གོའི་གྲངས་འཛིན་ཚོང་དོན་གྱི་སྤྱིའི་གཞི་ཁྱོན་གྱིས་སླར་ཡང་ལོ་རྒྱུས་ཀྱི་ཟིན་ཐོ་གསར་པ་བཏོད་ཡོད་པ་དང་། རྒྱལ་མཚམས་སྒྲོལ་བའི་དྲ་ཐོག་ཚོང་དོན་གྱི་ཕྱིར་གཏོང་ནང་འདྲེན་བྱེད་ཚད་མི་དམངས་ཤོག་སྒོར་དུང་ཕྱུར་ཁྲི2.11ཟིན་ཞིང་། དུས་མཚུངས་ལས9.8%འཕར་ཡོད།

  • ཉེ་ཆར། ཞིབ་དཔྱོད་ལས་ཁུངས་ཀྱིས་ཀུའེ་ཀྲོའུ་ཞིང་ཆེན་སྲིད་གྲོས་ཀྱི་དེ་སྔའི་ཏང་ཙུའི་ཧྲུའུ་ཅི་གཞོན་པ་ཀྲོའུ་ཅན་ཁུན་གྱིས་ལྐོག་རྔན་བླངས་པའི་དོགས་ཡོད་གྱོད་གཞིར་ཁྲིམས་ལྟར་གཞུང་གཏུག་བྱས།

  • ཚེས23ཉིན། ཧུའུ་ནན་ཞིང་ཆེན་ཁྲེན་ཀྲོའུ་གྲོང་ཁྱེར་འབྲིང་རིམ་མི་དམངས་ཁྲིམས་ཁང་གིས་འདྲི་གཅོད་དང་པོའི་ཁྲིམས་ར་འཚོགས་ནས་ཀོང་ཏུང་ཞིང་ཆེན་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་དེ་སྔའི་ཏང་ཙུའི་ཧྲུའུ་ཅི་གཞོན་པའམ་ཀྲུའུ་རེན་གཞོན་པ་ལི་ཁྲུན་ཧྲེང་གིས་ལྐོག་རྔན་བླངས་པའི་གྱོད་གཞི་དེར་ཞིབ་གཅོད་བྱས།

  • 2024ལོའིU23ཨེ་ཤེ་ཡའི་བུམ་པའི་རྒྱན་འཕེན་འབྲས་བུ་ཁྱབ་བསྒྲགས་བྱས་པ་ལྟར་ན། ཀྲུང་གོའི་ཨོ་ལིམ་ཕིག་སྐྱེས་པའི་རྐང་རྩེད་སྤོ་ལོའི་རུ་ཁག་དེ་ཚོགས་ཆུངBལ་བགོས་ཤིང་། འགྲན་ཡ་ལ་འཇར་པན་རུ་ཁག་དང་། ལྷོ་ཁོ་རེ་ཡའི་རུ་ཁག ཨ་རབ་མཉམ་འབྲེལ་ཚོ་དཔོན་རུ་ཁག་བཅས་ཡོད།

    3.jpg

  • རང་རྒྱལ་གྱི་ཚན་ཞིབ་མི་སྣས་ཡུན་ནན་གྱི་ཀུང་ཧྲན་དང་། སེམས་ཀྱི་ཉི་ཟླ། ལི་ཅང་། བོད་ལྗོངས་གི་མེ་ཏོག་རྫོང་བཅས་སུ་ཕྱི་རོལ་གྱི་བརྟག་དཔྱད་ཐེངས་མང་བྱེད་པའི་རིང་། ཚི་སྣ་ཕྲ་བའི་ཅུ་ལན་སོགས་ལན་ཁུའི་རིགས་ཀྱི་རྩི་ཤིང་རིགས་གསར་པ6ཤེས་རྟོགས་བྱུང་།

  • ཉིན་ཤས་གོང་། ཧྲང་ཧའེ་ཁྲུང་མིང་ཏུང་འདབ་ཆགས་ཀྱི་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་དུ་རྒྱལ་ཁབ་ཀྱི་རིམ་པ་དང་པོའི་སྲུང་སྐྱོང་སྲོག་ཆགས་ཏེ། ཤར་ཕྱོགས་ཀྱི་ཆུ་བྱ་དཀར་པོ72ཐོ་འགོད་བྱས་ཤིང་། དེ་ཡིས་སྲུང་སྐྱོང་ཁུལ་གྱིས་ཟིན་ཐོ་བཀོད་ཚུན་ནས་ལོ་རྒྱུས་ཀྱི་ཟིན་ཐོ་གསར་པ་བཏོད་ཡོད།

    4.jpg

  • ཧྲན་ཏུང་ཅི་ནན་གྱི་ཚལ་འདེབས་ཞིང་པ་ལི་ཤིའུ་ཧྥུང་གིས་ལོ་གསུམ་རིང་སྡེ་ཁུལ་གྱི་རྒན་རྒོན་ལ་རིན་མེད་སྔོ་ཚལ་བསྐྱལ་བ་དང་། པད་ཚལ་རྒྱ་མ་ཁྲི10ལྷག་རིན་མེད་ཀྱིས་སྤྲད།

    སྲིད་ཇུས།

  • ལེའོ་ཉིང་གིས་བྱ་ཐབས་པར་འགྲེམས་བྱས་ཏེ། སློབ་ལོ་མ་སོན་གོང་གི་བྱིས་པར་དྲ་ཐོག་གསོ་སྦྱོང་བྱེད་མི་ཆོག་པའི་གཏན་འབེབས་བྱས།

  • ཧྲའན་ཞི་ཡིས་བརྡ་ཐོ་བཏང་དོན། ཟླ12པའི་ཚེས1ཉིན་ནས་བཟུང་སྨན་བཅོས་ཞབས་ཞུ་སྒོ་རྩར་སྐྱེལ་བའི་སྐབས་སྨན་བཅོས་འགན་བཅོལ་གྱི་གཏོང་སྤྲོད་ཁྱབ་ཁོངས་དང་མཐུན་པའི་སྨན་བཅོས་འགྲོ་གྲོན་སྒོ་བསྟེན་སྨན་བཅོས་ཀྱི་འགྲོ་གྲོན་ལྟར་རྩིས་རྒྱག་རྒྱུ་རེད།

  • ཀོང་ཞིས་བྱེད་ཐབས་བཏོན་ནས་སྣང་ཚུལ་རིམ་པའི་རིག་གནས་གནས་སྐོར་རྣམ་གྲངས་ལ་བྱ་དགའ་སྒོར་ཁྲི1000སྤྲོད་རྒྱུ་རེད།

    དེ་རིང་གི་གནམ་གཤིས།

5.jpg

  • ནང་སོག་གི་བྱང་ཤར་རྒྱུད་དང་། ཧེ་ལུང་ཅང་གི་ཤར་ལྷོའི་རྒྱུད། ཅི་ལིན་གྱི་ཤར་རྒྱུད། ཧྲན་ཏུང་གི་བྱང་ཤར་རྒྱུད། ཞིན་ཅང་བྱང་མའི་བྱང་རྒྱུད། དབྱི་ལི་ལུང་ཤུར། བོད་ལྗོངས་ཀྱི་བྱང་རྒྱུད་དང་དབུས་རྒྱུད་སོགས་ཀྱི་ས་ཁུལ་ཁ་ཤས་སུ་ཁངས་ཆུང་བའམ་ཁངས་ཆར་འདྲེས་མ་འབབ་རྒྱུ་རེད། བོད་ལྗོངས་ཀྱི་ལྷོ་རྒྱུད་དང་། ཧྲའན་ཞིའི་ལྷོ་རྒྱུད། སི་ཁྲོན་གཤོང་སའི་དབུས་བྱང་རྒྱུད། ཀུའེ་ཀྲོའུ་ཡི་ནུབ་རྒྱུད། ཡུན་ནན་གྱི་ཤར་རྒྱུད་དང་ལྷོ་ནུབ་རྒྱུད། ཐའེ་ཝན་གླིང་ཕྲན་གྱི་ཤར་རྒྱུད་སོགས་ཀྱི་ས་ཁུལ་ཁ་ཤས་སུ་ཆར་པ་སིམ་སིམ་འབབ་རྒྱུ་རེད།