མཚོ་བྱང་གིས་སྒོར་ཁྲི290ལྷག་ཕུལ་ནས་མཚོ་ཤར་གྱི་ཡོམ་འགོག་གེགས་སེལ་ལ་རོགས་སྐྱོབ་བྱས།
发布时间:2023年12月28日 消息来源:

མཚོ་བྱང་གིས་སྒོར་ཁྲི290ལྷག་ཕུལ་ནས་མཚོ་ཤར་གྱི་ཡོམ་འགོག་གེགས་སེལ་ལ་རོགས་སྐྱོབ་བྱས།


རྩོམ་སྒྲིག་པ།ཚེ་གཟུངས་སྐྱིད།   ཡོང་ཁུངས། མཚོ་བྱང་མདོ་ལ་ཚགས་པར་ཁང་།  བཤེར་འབེབས། ཚེ་བརྟན་བཀྲ་ཤིས།


ཟླ12པའི་ཚེས18ཉིན་གྱི་ཆུ་ཚོད23དང་སྐར་མ59སྟེང་། ཀན་སུའུ་ཞིང་ཆེན་ཀ་ཅུ་ཧོས་རིགས་རང་སྐྱོང་ཁུལ་ཆུ་མ་མཁར་རྫོང་དུ་རིམ་པ6.2ཅན་གྱི་ས་ཡོམ་བྱུང་ཞིང་། རང་རེའི་ཞིང་ཆེན་གྱི་མཚོ་ཤར་གྲོང་ཁྱེར་གཞོང་ཐང་རྫོང་དང་ཡ་རྫི་རྫོང་སོགས་ས་ཁུལ་ལའང་མི་སྣ་ཤི་རྨས་དང་རྒྱུ་ནོར་གྱི་གྱོང་གུན་བཟོས་པ་རེད།  

ས་ཡོམ་བྱུང་རྗེས། མཚོ་བྱང་ཁུལ་ཨུ་དང་ཁུལ་སྲིད་གཞུང་གིས་མི་དམངས་བླ་ན་མེད་པ་དང་ཚེ་སྲོག་བླ་ན་མེད་པའི་འདུ་ཤེས་བཅངས་ནས་མཚོ་ཤར་གྱི་ཡོམ་འགོག་གེགས་སེལ་བྱ་བར་རོགས་སྐྱོབ་བྱེད་པའི་ལས་ལ་བྲེལ་ཞིང་། འཕྲལ་དུ་ཁུལ་མཁོ་བསྟུན་དོ་དམ་ཅུ་དང་རྐང་ཚ་རྫོང་ལ་བཀོད་སྒྲིག་གིས་སྒོར་ཁྲི80ལྷག་གི་བར་འཚང་ཅན་གྱི་རས་གུར་དང་མལ་ཁྲི། མལ་གོས། སྐམས་ལུག་ཤ་སོགས་རོགས་སྐྱོབ་དངོས་ཟོག་གནོད་ཐེབས་ས་ཁུལ་དུ་སྐྱེལ། 

ཟླ12པའི་ཚེས25ཉིན་གྱི་ཕྱི་དྲོར། ཁུལ་ཨུའི་རྒྱུན་ཨུའམ་ཁུལ་དཔོན་གཞོན་པ་ཨ་ཁྱུང་དང་། ཁུལ་དམངས་ཆེན་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རིན་གཞོན་པ་ཝང་ཞིན་ཧོས། ཁུལ་དཔོན་གཞོན་པ་ཧ་ཝུན་ཞུག ཁུལ་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཞོ་རོས་ཞིན་བཅས་ཀྱིས་མཚོ་བྱང་མི་དམངས་ཀྱི་བརྩེ་སེམས་ཁྱེར་ནས་མཚོ་ཤར་གྲོང་ཁྱེར་གཞོང་ཐང་རྫོང་གི་ས་ཡོམ་གནོད་ཐེབས་ས་ཁུལ་དུ་འཚམས་འདྲིའི་དངུལ་སྒོར་ཁྲི150ཕུལ་བ་དང་། ཡ་རྫི་རྫོང་གི་གནོད་ཐེབས་ས་ཁུལ་ལ་འཚམས་འདྲིའི་སྒོར་ཁྲི50ཕུལ་བ་མ་ཟད། སྒོར་ཁྲི10ཟིན་པའི་འོ་མ་སྒམ3000སྤྲད། གེགས་སེལ་མ་དངུལ་དང་དངོས་རྫས་ཁྱོན་སྡོམ་སྒོར་ཁྲི290ལྷག་ཟིན་ཡོད། མཚོ་བྱང་གི་རིགས་སོ་སོའི་མང་ཚོགས་ཀྱིས་བྱ་སྤྱོད་དངོས་ཀྱི་ཐོག་ནས“ཕྱོགས་གཅིག་ལ་དཀའ་ངལ་ཡོད་ན་ཕྱོགས་བཞི་མཚམས་བརྒྱད་ནས་རོགས་སྐྱོབ་བྱེད་པའི”བརྩེ་སེམས་བཅངས་ནས་གནོད་ཐེབས་ས་ཁུལ་གྱི་མང་ཚོགས་དཀའ་གནད་ལས་སྒྲོལ་རོགས་དང་ཁྱིམ་གཞིས་བསྐྱར་སྐྲུན་བྱེད་རོགས་བྱས།

ཁུལ་ཨུའི་དྲུང་ཡིག་ཆེན་མོ་གཞོན་པ་དང་། ཁུལ་སྲིད་གཞུང་གི་དྲུང་ཡིག་ཆེན་མོ་གཞོན་པ། ཁུལ་རྒྱ་གྲམ་དམར་བོ་ཚོགས་པའི་འབྲེལ་ཡོད་མགོ་ཁྲིད་མཉམ་དུ་འཚམས་འདྲི་གནང་བར་ཕེབས། འཚམས་འདྲི་གནང་སྐབས། ཁུལ་རྒྱ་གྲམ་དམར་བོ་ཚོགས་པས་གཞོང་ཐང་རྫོང་དང་ཡ་རྫི་རྫོང་གི་རྒྱ་གྲམ་དམར་བོ་ཚོགས་པར་ཞལ་འདེབས་བྱས་པའི་དངུལ་དང་དངོས་རྫས་རྩིས་སྤྲོད་བྱས།

7.jpg

ཕྱོགས་བཞི་མཚམས་བརྒྱད་ནས་ཐོན་པའི་བརྩེ་སེམས་གང་མགྱོགས་ངང་གནོད་ཐེབས་ས་ཁུལ་འདུ་འཛོམས་བྱུང་བས། མིག་སྔར་མཚོ་ཤར་གནོད་ཐེབས་ས་ཁུལ་གྱི་སླར་གསོ་དང་བསྐྱར་སྐྲུན་སོགས་ཀྱི་བྱ་བ་གོ་རིམ་ལྡན་པའི་ངང་སྤེལ་བཞིན་ཡོད།