ཁྲེན་ཀང་དང་ཝུའུ་ཞའོ་ཅུན་སོགས་མགོ་ཁྲིད་བློ་མཐུན་གྱིས་སྣེ་ཁྲིད་ནས་ཞལ་འདེབས་ཕུལ་བ།
发布时间:2023年12月29日 消息来源:

ཁྲེན་ཀང་དང་ཝུའུ་ཞའོ་ཅུན་སོགས་མགོ་ཁྲིད་བློ་མཐུན་གྱིས་སྣེ་ཁྲིད་ནས་ཞལ་འདེབས་ཕུལ་བ།


    ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ།


ཅི་ཧྲི་ཧྲན་ས་ཡོམ་རིམ་པ6.2བྱུང་རྗེས། མཚོ་སྔོན་ཞིང་ཆེན་གྱི་སྡེ་ཁག་སོ་སོ་དང་ལས་ཁུངས་སོ་སོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་བསྟར་མཐའ་འཁྱོལ་ནན་ཏན་བྱས་པ་དང་། ཡོམ་འགོག་གནོད་སེལ་གྱི་འབྲེལ་ཡོད་ལས་དོན་སྟོབས་ཤུགས་ཡོད་རྒུས་ལེགས་པར་སྒྲུབ་པ་དང་མཉམ་དུ། དངོས་ཟོག་དང་སྒོར་མོ་མ་སྐུལ་དང་བླངས་ཀྱིས་ཞལ་འདེབས་ཕུལ་ནས། ཡོམ་འགོག་གནོད་སེལ་དང་གནོད་རྗེས་བསྐྱར་སྐྲུན་ལ་ཡར་སྐུལ་གྱི་སྟོབས་ཆེན་པོ་གཅིག་ཏུ་བསྡུས། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅིའམ་ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཁྲེན་ཀང་དང་། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པའམ་ཧྲིན་ཀྲང་ཝུའུ་ཞའོ་ཅུན། ཞིང་ཆེན་སྲིད་གྲོས་ཀྱི་ཏང་ཙུའུ་ཧྲུའུ་ཅིའམ་ཀྲུའུ་ཞི་མགོན་པོ་བཀྲ་ཤིས། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ་ལིའུ་ཆི་ཧྥན་སོགས་མགོ་ཁྲིད་བློ་མཐུན་གྱིས་སྣེ་ཁྲིད་ནས་ཞལ་འདེབས་ཕུལ།

ས་ཡོམ་གནོད་ཚུལ་གྱིས་ཞིང་ཆེན་ཡོངས་ཀྱི་རིགས་སོ་སོའི་ལས་བྱེད་མང་ཚོགས་ཀྱི་སེམས་པ་སྐྱོ་པར་བྱས། ཉིན་འགའི་རིང་ལ། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་། ཞིང་ཆེན་སྲིད་གཞུང་། ཞིང་ཆེན་སྲིད་གྲོས་ཀྱི་ལས་ཁུངས། ཞིང་ཆེན་ཏང་ཨུའི་པུའུ་ཨུ་སོ་སོ། ཞིང་ཆེན་ཐད་གཏོགས་ལས་ཁུངས་སོ་སོ། མི་དམངས་ཚོགས་པ་དང་མང་ཚོགས་ཚོགས་པ་སོ་སོ་བཅས་ཀྱི་རྒྱ་ཆེ་བའི་ལས་བྱེད་ལས་བཟོ་པ་འབད་པས་འགུལ་སྐྱོད་བྱས་ཏེ། “ཕྱོགས་གཅིག་ལ་དཀའ་ངལ་ཡོད་ན་ཕྱོགས་བཞི་མཚམས་བརྒྱད་ནས་རོགས་སྐྱོར་བྱེད་པའི”སྲོལ་རྒྱུན་ཀུན་སྤྱོད་བཟང་པོ་དར་སྤེལ་བཏང་བ་དང་། གཏོང་ཕོད་ཀྱི་སྒོ་མོ་རབ་ཏུ་ཕྱེ་ནས། རང་འགུལ་གྱིས་དངོས་ཟོག་དང་སྒོར་མོ་ཞལ་འདེབས་ཕུལ། དངོས་ཡོད་ཀྱི་འགུལ་སྐྱོད་ལ་བརྟེན་ནས་གནོད་ཁུལ་ལ་རོགས་སྐྱོར་བྱས་པ་དང་། གནོད་ཐེབས་མང་ཚོགས་དཀའ་ཁག་ལས་ཐར་བར་རོགས་རམ་རྒྱབ་སྐྱོར་བྱས། མིག་སྔར། ཞལ་འདེབས་བྱེད་སྒོ་མུ་མཐུད་དུ་སྤེལ་བཞིན་ཡོད།

རྒྱ་ཆེ་བའི་ལས་བྱེད་ལས་བཟོ་པས་མགྲིན་གཅིག་ཏུ། གློ་བུར་དུ་བྱུང་བའི་ས་ཡོམ་གནོད་འཚེ་ལ་གདོང་གཏད་དེ། ཡོམ་འགོག་གནོད་སེལ་སྙིང་སྟོབས་ཤུགས་ཆེན་པོས་དར་སྤེལ་གཏོང་བ་དང་། རང་ཉིད་ཀྱི་སྟོབས་ཤུགས་ཆུང་ཆུང་ལ་བརྟེན་ནས། གནོད་ཁུལ་དུ་ཡོམ་འགོག་གནོད་སེལ་དང་གནོད་རྗེས་བསྐྱར་སྐྲུན་ལས་དོན་སྤེལ་བར་རྒྱབ་སྐྱོར་བྱས་ཏེ། གནོད་ཐེབས་མང་ཚོགས་དང་མཉམ་དུ་དཀའ་ཁག་ལས་ཐར་བ་དང་མཛེས་སྡུག་ལྡན་པའི་ཁྱིམ་གཞིས་བསྐྱར་སྐྲུན་བྱ་རྒྱུ་ཡིན་པའི་བསམ་ཚུལ་བསྟན།