གསར་འགྱུར་གལ་ཆེན།
发布时间:2024年01月11日 消息来源:

གསར་འགྱུར་གལ་ཆེན།

རྩོམ་སྒྲིག་པ། ཚེ་གཟུངས་སྐྱིད། ཡོང་ཁུངས། མཚོ་བྱང་ཁུལ་མི་དམངས་སྲིད་གཞུང་དྲ་བ།  བཤེར་འབེབས། ཚེ་བརྟན་བཀྲ་ཤིས།

图片

ཟླ1པོའི་ཚེས10ཉིན་གྱི་ཕྱི་དྲོ། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེན་མོར་ཀྲུང་གོར་རྒྱལ་དོན་འཚམས་འདྲི་གནང་བར་ཕེབས་པའི་མར་ཏི་ཝེའི(马尔代夫)ཙུང་ཐུང་མུའུ་དབྱི་ཙེ་དང་གྲོས་མོལ་གནང་།图片

ཟླ1པོའིཚེས10ཉིན་གྱི་ཕྱི་དྲོ། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཧྥིན་ལན(芬兰)གྱི་ཙུང་ཐུང་ཉི་ཉི་སི་ཐུའོ་དང་བརྙན་ལམ་ཐོག་མཇལ་འཛོམས་གནང་།

ཟླ1པོའི་ཚེས10ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་དང་ཐུ་ནི་སིའི(突尼斯)ཙུང་ཐུང་སའེ་དབྱི་ཏེ་རྣམ་གཉིས་ཀྱིས་རྒྱལ་ཁབ་གཉིས་པོའི་དབར་ཕྱི་འབྲེལ་བཙུགས་ནས་ལོ་འཁོར60འགོར་བས་རྟེན་འབྲེལ་གློག་འཕྲིན་སྤྲིངས་རེས་གནང་།

  • ཟླ1པོའི་ཚེས4ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཨ་རིའི་ཨའེ་ཨའོ་ཝ་ཁུལ་གྱི་གྲོགས་པོ་ས་ལ་ལན་ཏིར་འཕྲིན་ལན་སྤྲིངས།

    ཚེས10ཉིན། ཀྲུང་གོ་གུང་ཁྲན་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་སྤྱི་བསྒྲགས་ཁྱབ་བསྒྲགས་བྱས།

    ཚེས10ཉིན། ཀྲུང་གོའི་ཁེ་ལས་ཆུང་འབྲིང་མཐུན་ཚོགས་ཀྱིས་ཡོངས་བསྒྲགས་བྱས་པའི་གྲངས་གཞི་ལས་མངོན་པར། 2023ལོའི་ཁེ་ལས་ཆུང་འབྲིང་འཕེལ་རྒྱས་སྟོན་གྲངས་ཀྱི་ཆ་སྙོམས་རིན་ཐང89.2ཟིན་པ་དེ2022ལོའི་88.4ལས་མཐོ་བ་ཡོད།

    རྒྱལ་ཁབ་ལྕགས་ལམ་སྡེ་ཚོགས་ཀྱིས་གནས་ཚུལ་སྤེལ་བར་གཞིགས་ན། 2023ལོའི་ལོ་མཇུག་བར་རང་རྒྱལ་གྱི་ལྕགས་ལམ་ལས་གཉེར་ལམ་ཐག་སྤྱི་ལེ་ཁྲི15.9ཟིན་ཡོད། དེའི་ནང་མྱུར་བགྲོད་ལྕགས་ལམ་གྱི་སྤྱི་ལེ་ཁྲི4.5ཟིན།

    ཀྲུང་གོ་རྒྱལ་སྤྱིའི་ནང་འདྲེན་དངོས་མང་སྟོན་ཚོགས་ཅུས་ཀྱིས་གནས་ཚུལ་སྤེལ་བར་གཞིགས་ན། མིག་སྔའི་བར་ཁེ་ལས300ལྷག་ཙམ་གྱིས་སྐབས་བདུན་པའི་ནང་འདྲེན་དངོས་མང་སྟོན་ཚོགས་ཀྱི་ཁེ་ལས་ཚོང་ལས་འགྲེམས་སྟོན་ནང་ཞུགས་རྒྱུའི་གན་རྒྱ་བཞག་ཅིང་། འགྲེམས་སྟོན་གྱི་རྒྱ་ཁྱོན་སྨི་གྲུ་བཞི་མ་ཁྲི13ལས་བརྒལ་ཡོད་པ་རེད།图片

    ཟླ་བའི་ལྷ་མོ་ཨང་དྲུག་པའི་བརྟག་ཞིབ་ཡོ་བྱད་ཀྲུང་གོའི་ཝུན་ཁྲང་དབྱིངས་སྐྱོད་འཕེན་གཏོང་བྱ་ཡུལ་དུ་འབྱོར་ནས་ལོ་སྟོད་དུ་འཕེན་གཏོང་བྱ་རྩིས་ཡོད་པ་རེད།

图片

ས་གནས་དེ་གའི་དུས་ཚོད་ཚེས9ཉིན། ཐེངས40པའི་ཀྲུང་གོའི་ལྷོ་སྣེའི་རྟོག་ཞིབ་ལས་འགན་སྒྲུབ་བཞིན་པའི“གངས་འབྲུག”རྟགས་ཅན་གྱིས་ལྕགས་རི་རིང་པོའི་ས་ཚིགས་ཀྱི་དངོས་ཟོག་འབེབས་པའི་ལས་འགན་ལེགས་གྲུབ་བྱུང་སྟེ། ཡང་བསྐྱར་ལམ་ལ་ཆས་ནས་ཐེངས་གཉིས་པར་ནུབ་རླུང་རྒྱུད་བརྒལ་རྒྱུ་ཡིན།

སྤྱི་ཚོགས།

རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་སོགས་སྡེ་ཁག་གིས་བརྡ་ཐོ་བཏང་སྟེ། རིན་མེད་ཁྲག་འབུལ་མཁན་ལ་སྐུལ་ལྕག་དང་བྱ་དགའ་སྤྲོད་པའི་བྱ་བ་སྔར་བས་ཡག་པོ་སྒྲུབ་དགོས་པའི་བླང་བྱ་བཏོན།

ཚེས10ཉིན། ལྕགས་ལམ་གྱི12306ལག་ཐོགས་ཁ་པར་མཁོ་མཁན་སྣེ་རུ་དཔྱིད་གསར་སྐྱེལ་འདྲེན་རིང་ལ་སློབ་མ་དང་ལས་མིའི་ཆེད་ཁུལ་གྱི་སྤ་སེ་སྔོན་མངག་ཉོ་ཐུབ་པའི་ནུས་པ་བཏོན།图片

ཚེས10ཉིན་རྒྱལ་ཁབ་རིག་དངོས་ཅུས་ཀྱིས་གཏོང་སྤྲོད་བྱས་པ་བརྒྱུད། གཅེས་སེམས་མི་སྣ་གསུམ་གྱིས་ཞལ་འདེབས་ཕུལ་བའི་ཕྱི་རྒྱལ་དུ་གྱར་བའི་པའོ་ཡུན་ཀོ་ཟངས་ཀྱི་སྒེའུ་ཁུང་དེ་དབྱི་ཧོ་སྐྱེད་ཚལ་དུ་དངོས་སུ་ཉར་ཚགས་བྱས་པ་རེད།

དབང་གྲགས་ལྡན་པའི་ལོ་རྒྱུས་གནའ་རྫས་རྟོག་ཞིབ་མཁས་དབང་གིས་རིགས་པས་ཁུངས་སྐྱེལ་བྱས་པ་བརྒྱུད། ནན་ཅིང་ནུབ་ཁྲོམ་གྱི་གནའ་ཤུལ་ནས་ཤེས་རྟོགས་བྱུང་བའི“ཁྲང་ཀན་གནའ་གྲོང”དེ་ལོ་ངོ3100ལྷག་ཙམ་གོང་གི་ཧྲང་ཀྲོའུ་དུས་སྐབས་སུ་བསྐྲུན་པ་དང་། དེས་ནན་ཅིང་གྲོང་ཁྱེར་འཛུགས་སྐྲུན་གྱི་ལོ་རྒྱུས་ལོ་ངོ600ལྷག་ཙམ་མདུན་དུ་འདེད་དགོས་པ་བསྟན།

图片

རང་རྒྱལ་གྱིས་རང་བརྟེན་ཞིབ་བཟོ་བྱས་པའི་ཨེ་ཤེ་ཡའི་ཐོག་མའི་གྲུ་གཟིངས་རླུང་ཤུགས་འཁྱིལ་མདོང་སྤྱོད་པའི་སྐུལ་འདེད་མ་ལག་བདེ་བླག་ངང་སྤྱོད་ཐུབ་པ་རེད།图片

ཧྲང་ཧའེ་ཉེན་རྟོག་ཕྱོགས་ཀྱིས་གསེར་ཉོ་བའི་བཙོག་དངུལ་གཙང་སྒྱུར་གྱི་གྱོད་གཞི་རབ་དང་རིམ་པ་མྱུལ་ཞིབ་བྱས་ཏེ། ཉེས་གསོག་དོགས་ཅན130ལྷག་ཙམ་བཟུང་བ་དང་གྱོད་འབྲེལ་གསེར་གྱི་ཐོན་རྫས་སྤྱི་རྒྱ59ཙམ་གཞུང་བཞེས་བཏང་།

སྲིད་ཇུས།

བཟོ་འཕྲིན་པུའུ་སོགས་སྡེ་ཁག་གིས“དྲ་ཆེན་མཐའ་མཚམས”འཛུགས་སྐྲུན་མགྱོགས་སུ་གཏོང་རྒྱུའི་བཀོད་སྒྲིག་བྱས་ཏེ། 2025ལོའི་ལོ་མཇུག་ཏུ་སླེབས་སྐབས་མཐའ་མཚམས་ས་ཁུལ་གྱི་རྫོང་དང་། ཡུལ་ཚོ། གྲོང་རྡལ་བཅས་བཅའ་སྡོད་བྱ་ཡུལ་དུ5Gདང་ཀྲའོ་སྟོང་གི་འོད་དྲ་ཤར་གཏོང་ཐུབ་པ་བྱ་རྒྱུ་རེད།

པེ་ཅིང་གིས2024ལོའི་འགྲུལ་སྐྱེལ་རླངས་འཁོར་ཆུང་གྲས་ཀྱི་དམིགས་ཚད་བགོ་བྱའི་བཅད་འབོར་ཁྱབ་བསྒྲགས་བྱས་ཤིང་། སྡོམ་འབོར་ཁྲི10ཟིན་པའི་ནང་སྤྱིར་བཏང་གི་དམིགས་ཚད་གྲངས་འབོར་ཁྲི2དང་། ནུས་རྒྱུ་གསར་པའི་དམིགས་ཚད་གྲངས་འབོར་ཁྲི8ཡོད་པ་རེད།

ཧྲའན་ཞིས་ཀྱིས་རིག་གནས་ཡུལ་སྐོར་ཐོན་ལས་འཕེལ་རྒྱས་མགྱོགས་སུ་གཏོང་བའི་བྱེད་ཐབས་འགའ་ཞིག་ཁྱབ་བསྒྲགས་བྱས་ཏེ། སྤྱི་པའི་དཔེ་མཛོད་ཁང་དང་། རིག་གནས་ཁང་། རྟེན་མཛོད་ཁང་སོགས་དུས་ཚོད་ནར་འགྱངས་བྱས་ནས་རིམ་བཞིན་སྒོ་འབྱེད་རྒྱུ་ཁ་གསལ་བཏོན་ཡོད།

དེ་རིང་གི་གནམ་གཤིས།

图片

ནང་སོག་གི་བྱང་ཤར་རྒྱུད་དང་། ཧེ་ལུང་ཅང་། ཅི་ལིན་གྱི་བྱང་རྒྱུད་དང་ཤར་རྒྱུད། ཞིན་ཅང་གི་བྱང་རྒྱུད་སོགས་ས་ཁུལ་ཁ་ཤས་སུ་ཁ་བ་ཆུང་ཆུང་ནས་འབྲིང་ཙམ་མམ་ཡང་ན་ཁ་ཆར་འདྲེས་མ་འབབ་རྒྱུ་རེད། དེའི་ནང་ཞིན་ཅང་ཐ་ཁྲེང་དང་ཨ་ལི་ཐའེ་ས་ཁུལ་སོགས་སུ་ཁ་བ་ཆེན་པོ་འབབ་རྒྱུ་ཡིན། ཀུའེ་ཀྲོའུ་དང་ཡུན་ནན་གྱི་ཤར་རྒྱུད། ཀོང་ཞི། ཧུའུ་ནན་གྱི་ལྷོ་ནུབ་རྒྱུད་སོགས་ས་ཁུལ་ཁ་ཤས་སུ་ཆར་ཆུང་ཆུང་ནས་འབྲིང་ཙམ་འབབ་རྒྱུ་རེད།