གསར་འགྱུར་གལ་ཆེན།
发布时间:2024年01月16日 消息来源:

གསར་འགྱུར་གལ་ཆེན།

རྩོམ་སྒྲིག་པ། ཚེ་གཟུངས་སྐྱིད། ཡོང་ཁུངས།  མཚོ་བྱང་ཁུལ་མི་དམངས་སྲིད་གཞུང་དྲ་བ། བཤེར་འབེབས། ཚེ་བརྟན་བཀྲ་ཤིས། 

ཟླ1པོའི་ཚེས16ཉིན་པར་སྐྲུན་བྱ་རྒྱུ་ཡིན་པའི《བདེན་འཚོལ》དུས་དེབ་ཐེངས་གཉིས་པའི་ཐོག་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་ཞི་ཅིན་ཕིང་གི་གསུང་རྩོམ་གལ་ཆེན《དུས་རབས་གསར་པའི་ཏང་གི་འཐབ་ཕྱོགས་གཅིག་གྱུར་བྱ་བ་ཆ་ཚང་ལ་ཡང་དག་པ། ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱེད་པའི་དགོངས་པ་གལ་ཆེན།》འགོད་རྒྱུ་རེད།

ཚེས14ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཏེན་མག་གི་གསར་དུ་བསྐོ་གཞག་བྱས་པའི་རྒྱལ་པོ་ཧྥེ་ཐེ་ལེ་སྐུ་ཕྲེང་བཅུ་པར་རྟེན་འབྲེལ་གློག་འཕྲིན་བཏང་སྟེ་ཁོང་ཁྲི་ལ་འཁོད་པར་རྟེན་འབྲེལ་ཞུས།

ཉེ་ཆར་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གིས《དུང་སྐྲ་དཔལ་འབྱོར་འཕེལ་རྒྱས་བཏང་ནས་རྒན་པའི་བདེ་སྐྱིད་ཆེ་རུ་གཏོང་རྒྱུའི་སྐོར་གྱི་བསམ་འཆར》པར་འགྲེམས་བྱས།

ཆེས་མཐོའི་མི་དམངས་ཁྲིམས་ཁང་གིས་ཁྲུན་གཅོད་ཡིག་རིགས་དྲ་ཐོག་ཏུ་ཞུགས་ཤུགས་ཆེ་རུ་བཏང་སྟེ། ཁྲིམས་སྐྱོང་གི་སྣེ་ཁྲིད་དང་། སློབ་གསོ། ཉེན་བརྡ་བཅས་ཀྱི་ནུས་པ་ལྡན་པའི་ཡིག་རིགས་ཚང་མ་དྲ་ཐོག་ཏུ་ཞུགས་དགོས་ཞེས་བཏོན་ཡོད།

བཟོ་འཕྲིན་པུས་གནས་ཚུལ་སྤེལ་བར་གཞིགས་ན། 2023ལོའི་རང་རྒྱལ་གྱི་གྲུ་གཟིངས་བཟོས་ནས་གྲུབ་ཚད་དང་། གསར་དུ་མངག་ཉོ་བྱེད་ཚད། ལག་ཏུ་ཡོད་པའི་མངགས་ཐོ་ཚད་བཅས་དམིགས་ཚད་ཆེན་པོ་གསུམ་རྒྱལ་སྤྱིའི་ཁྲོམ་རའི་ཐོབ་སྐལ་གྱི50%ལས་ཐོག་མར་བརྒལ།

རྒྱལ་ཡོངས་སྤྱི་ཁྱབ་བཟོ་ཚོགས་ཀྱིས་གནས་ཚུལ་སྤེལ་བར་གཞིགས་ན། རང་རྒྱལ་གྱིས་བཟོ་ཚོགས་ཀྱི་ས་ཚིགས་ཁྲི18.42བསྐྲུན་ཏེ་ཁོར་ཡུག་སྲུང་སྐྱོབ་བཟོ་པ་དང་། མྱུར་སྐྱེལ་བ། ཟ་མ་སྐྱེལ་མཁན་སོགས་ཕྱི་རོལ་གྱི་ངལ་རྩོལ་པར་ངལ་གསོའི་ཞབས་ཞུ་མཁོ་འདོན་བྱས་པ་དང་། མི་ཐེངས་དུང་ཕྱུར10ལས་བརྒལ་བར་ཞབས་ཞུ་མཁོ་འདོན་བྱས་ཡོད།

རྒྱལ་ཁབ་ཕྱི་དངུལ་དོ་དམ་ཅུས་གནས་ཚུལ་སྤེལ་བར་གཞིགས་ན། 2023ལོར་རང་རྒྱལ་གྱིས་ལོ་ཧྲིལ་བོར་ཕྱི་དངུལ་ཨ་སྒོར་དུང་ཕྱུར་ཁྲི3.1ཡན་གསོག་འཇོག་བྱས་ཡོད།

图片

ཚེས15ཉིན། མཁའ་གྲུ་ཨང་བདུན་པའི་ཟོག་འདྲེན་འཕུར་གྲུ་དང་རྒྱང་སྐྱོད་ཨང་བདུན་པ་རྟགས་ཅན་གྱི་རྒྱང་ཚོར་བརྒྱད་པའི་སྐྱེལ་འདྲེན་མེ་ཤུགས་འཕུར་མདའི་སྡེབ་སྒྲིག་གཟུགས་ཐད་ཀར་འཕེན་གཏོང་ཁུལ་དུ་དབོར་འདྲེན་བྱས་ཤིང་། ཉེ་ཆར་གོ་སྐབས་བདམས་ནས་འཕེན་གཏོང་བྱ་རྒྱུ་རེད།

ས་གནས་དེ་གའི་ཚེས15ཉིན། ནའོ་ལུའུ་སྲིད་གཞུང་གིས་ཀྲུང་གོ་གཅིག་གི་རྩ་དོན་ཁས་ལེན་བྱས་པ་དང་ཐའེ་ཝན་དབང་འཛིན་སྲིད་དབང་དང“ཕྱི་འབྲེལ་འབྲེལ་བ”བཅད་པ་ཁྱབ་བསྒྲགས་བྱས།

ཚེས15ཉིན། རང་རེའི་ཕྱི་འབྲེལ་པུས་བདག་དབང་རང་བཙན་གྱི་རྒྱལ་ཁབ་ནོ་ལུའུ་ཡིས་ཀྲུང་གོ་གཅིག་གི་རྩ་དོན་ཁས་ལེན་བྱ་རྒྱུའི་ཁྱབ་བསྒྲགས་བྱས་པ་དང་ཐའེ་ཝན་དབང་འཛིན་སྲིད་དབང་དང“ཕྱི་འབྲེལ་འབྲེལ་བ”བཅད་ནས་ཀྲུང་གོ་དང་ཕྱི་འབྲེལ་འབྲེལ་བ་སླར་གསོ་བྱེད་འདོད་ཡོད་པས་ཀྲུང་གོ་ཕྱོགས་ཀྱིས་ནའོ་ལུའུ་སྲིད་གཞུང་གི་གཏན་འབེབས་ལ་བསྔགས་བརྗོད་དང་དགའ་བསུ་ཞུ་རྒྱུ་ཡིན་ཞེས་བཤད།

སྤྱི་ཚོགས།

དེ་རིང་ནས་ཚེས19ཉིན་བར། རང་རྒྱལ་གྱིས་ས་ཁུལ་མང་ཆེ་བས་ད་ལོའི་གཞི་ཁྱོན་ཆེ་བའི་ཁངས་ཆར་འབབ་པའི་གནམ་གཤིས་ཐོག་མ་དེ་བསུ་རྒྱུ་རེད། ཧྲའན་ཞི་དང་ཧྲན་ཞི་སོགས་ཀྱི་ས་ཁུལ་ཁ་ཤས་སུ་ཁ་བ་ཆེན་པོ་འབབ་པའམ་ཁངས་ཆེན་འབབ་རྒྱུ་རེད། ཅང་ཧོའེ་དང་འབྲི་ཆུའི་ལྷོ་རྒྱུད་སོགས་ཀྱི་ས་ཁུལ་ཁ་ཤས་སུ་ཆར་པ་ཆེན་པོ་འབབ་རྒྱུ་རེད།

ཆེས་མཐོའི་མི་དམངས་ཁྲིམས་ཁང་གིས་གནས་ཚུལ་སྤེལ་བར་གཞིགས་ན། 2023ལོར་རྒྱལ་ཡོངས་ཁྲིམས་ཁང་གིས་གཏུག་བཤེར་མ་བྱས་གོང་འདུམ་འགྲིག་བྱས་པའི་གྱོད་གཞི་ཁྲི1204ཟིན། དེས་ཁྲིམས་ཁང་ལ་གཏུག་བཤེར་བྱས་པའི་དམངས་དོན་སྲིད་འཛིན་གྱོད་གཞིའི་སྡོམ་འབོར་གྱི40.33%བཟུང་ཡོད།

སྤྱི་བདེ་པུས་གནས་ཚུལ་སྤེལ་བར་གཞིགས་ན། 2023ལོའི་ཟླ་11པའི་ཟླ་མཇུག་བར་སྤྱི་བདེ་པུས་ས་གནས་ཁག་གིས་གོང་ཞུ་བྱས་པའི་ལས་སྒོ་གཉེར་ཚད་ཁྲི5.89ཞིབ་བཤེར་བྱས་པའི་ནང་ལས་སྒོ་བཅུ་ཆ་གསུམ་ལས་བརྒལ་བ་གཉེར་སྒྲུབ་བྱེད་རིམ་ཧྲིལ་པོར་དྲ་ཐོག་ནས་གཉེར་ཐུབ་པ་བྱུང་ཡོད།

ཀྲུང་གོ་ནད་ཡམས་སྔོན་འགོག་ཚོད་འཛིན་གྱིས་ད་ཐེངས་ཀྱི་དར་ཁྱབ་ཆེ་བའི་དུས་ཚིགས་སུ་ཆམ་རིམས་ཀ་པ་ཕོག་མྱོང་ན། ད་དུང་སླར་ཡང་ཆམ་རིམས་ཁ་པ་ཕོག་སྲིད་པས། ཉེན་ཁ་ཆེ་བའི་མི་ཚོགས་ཀྱིས་ཆམ་རིམས་ཀྱི་རིམས་འགོག་སྨན་ཁབ་གང་མགྱོགས་སྒོས་རྒྱག་དགོས་པའི་གྲོས་མགོ་བཏོན།

ཉིན་ཤས་གོང་ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་གིས་ཁྲིམས་ལྟར་ལྐོག་ཟའི་ཉེས་གསོག་གི་དོགས་གཞི་ཡོད་པ་དང་ལྐོག་རྔན་བླངས་པའི་ཉེས་གསོག་ལ་བརྟེན་ནས་ཀྲུང་གོ་ཀོང་ཏ་ཚོགས་པ་མ་རྐང་སྤྱི་གཉེར་གྱི་དེ་སྔའི་ཏང་ཨུའི་ཧྲུའུ་ཅིའམ་ཏུང་ཧྲི་ཀྲང་ཐང་ཧྲོང་ཉིང་འཛིན་བཟུང་བྱ་རྒྱུའི་གཏན་འབེབས་བྱས།图片

ཉེ་ཆར། རང་རྒྱལ་གྱི་པོ་ཧའེ་མཚོ་ཁུག་གི་སྨི་རྒྱ་དཔངས་གྲུ་བཞི་དུང་ཕྱུར་སྟོང་གི་རླངས་ཞིང་ཆེན་པོ་པོ་ཀྲུང19-6གི་རླངས་ཞིང་གསར་སྤེལ་ལས་གཞིའི་ཐོན་སྐྱེད་ཁྲོན་པ—པོ་ཀྲུང་གི19-6-M4ཁྲོན་འབིགས་ཀྱིས་འབིགས་ཐུབ་པའི་གཏིང་ཚད་ལ་སྨི5910ཟིན་པ་དང་། དེ་ཡིས་པོ་ཧའེ་སྣུམ་ཞིང་གི་ཁྲོན་པའི་གཏིང་ཚད་ཀྱི་ཟིན་ཐོ་སླར་ཡང་བརྒལ་ཡོད།图片

ཉེ་ཆར། ཧྥུ་ཅན་གྱིས་རྒྱལ་ཁབ་ཀྱི་རིམ་པ་དང་པོའི་སྲུང་སྐྱོབ་སྲོག་ཆགས་ཏན་ཏིང་ཁྲུང་ཁྲུང་ལ་ཐེངས་དང་པོར་ལྟ་ཞིབ་ཚད་ལེན་བྱས།

  ཁྲུང་ཆིང་ཉེན་རྟོག་ཕྱོགས་ཀྱིས་རྒྱལ་མཚམས་སྒྲོལ་བའི་དྲ་རྒྱའི་རྒྱན་འཛུགས་གྱོད་གཞི་ཞིག་རྩད་ཆོད་པ་དང་། ཁྲིམས་འགལ་ཉེས་གསོག་དོགས་ཅན100ལྷག་ཙམ་འཛིན་བཟུང་བྱས་ཤིང་། གྱོད་འབྲེལ་མ་དངུལ་སྒོར་དུང་ཕྱུར10ལྷག་ཙམ་རྩད་ཆོད།

སྲིད་ཇུས།

པེ་ཅིང་གིས་སློབ་གྲྭ་ཆུང་འབྲིང་གིས་ཉུང་མཐར་ཡང་སློབ་གྲྭ་རེར་སེམས་ཁམས་བདེ་ཐང་སློབ་གསོའི་དགེ་རྒན་རེ་བཀོད་སྒྲིག་བྱེད་དགོས་པ་ཁ་གསལ་བཏོན།

ཧོ་པེ་ཡིས་སྡོད་ཁང་མཛེས་སྤྲས་བྱེད་པའི་བརྒྱུད་རིམ་ནང་འཛུགས་སྐྲུན་གྱི་གྲུབ་ཆ་བསྒྱུར་བའམ་ལྗིད་ཐེག་གྲུབ་ཆ་འགྱུར་ལྡོག་གཏོང་བ་སོགས་ཀྱི་བྱ་སྤྱོད་གཏན་འགོག་བྱེད་དགོས་པའི་གཏན་འབེབས་བྱས།

ཀོང་ཏུང་གིས་བསམ་འཆར་བསྡུ་ལེན་མ་ཟིན་ཁྱབ་བསྒྲགས་བྱས་པ་སྟེ། བདེན་པའི་རྒྱབ་ལངས་མི་སྣ་ཤི་རྨས་བྱུང་བ་དང་བདེན་པའི་རྒྱབ་ལངས་བྱས་པའི་མི་སྣར་ཐེངས་གཅིག་རང་བཞིན་གྱི་བྱ་དགའི་དངུལ་སྤྲོད་རྩིས་ཡོད་པ་དང་། མཐོ་ཤོས་ལ་སྒོར་ཁྲི100སྤྲོད་རྒྱུ་རེད།

དེ་རིང་གི་གནམ་གཤིས།

图片

ཤིན་ཅང་གི་བྱང་རྒྱུད་དང་། བོད་ལྗོངས་ཀྱི་ཤར་རྒྱུད་དང་ལྷོ་རྒྱུད། ཁྲོན་ནུབ་ས་མཐོ། ཀན་སུའུ་ཡི་ལྷོ་ནུབ་རྒྱུད། ཧྲའན་ཞིའི་ས་ཆ་མང་ཆེ་བ་སོགས་ཀྱི་ས་ཁུལ་ཁག་གཅིག་ཏུ་ཁ་བ་ཆུང་ནས་འབྲིང་བའམ་ཁ་ཆར་འདྲེས་མ་འབབ་རྒྱུ་ཡིན་ལ། ཧྲའན་ཞིའི་ལྷོ་རྒྱུད་དང་ཧོ་ནན་ཀྱི་ནུབ་རྒྱུད། ཧུའུ་པེའི་ནུབ་བྱང་རྒྱུད་སོགས་ཀྱི་ས་ཁུལ་ཁ་ཤས་སུ་ཆར་པ་འབབ་རྒྱུ་རེད། ལྷོ་ནུབ་ས་ཁུལ་དང་། ཅང་ཧན། ཅང་ཧོའེ་སོགས་ཀྱི་ས་ཁུལ་ཁག་གཅིག་ཏུ་ཆར་ཆུང་ཙམ་ནས་འབྲིང་འབབ་རྒྱུ་རེད། དེའི་ནང་ཡུན་ནན་གྱི་དབུས་ལྷོ་རྒྱུད་དང་། ཁྲུང་ཆིང་གི་དབུས་རྒྱུད། ཧུའུ་པེའི་ནུབ་རྒྱུད་དང་དབུས་རྒྱུད་སོགས་ཀྱི་ས་ཁུལ་ཁག་ཅིག་ཏུ་ཆར་ཆེན་འབབ་རྒྱུ་རེད། ས་ཁུལ་ཁག་ཅིག་ཏུ་དྲག་ཆར་འབབ་རྒྱུ་རེད།