གསར་འགྱུར་གལ་ཆེན།
གསར་འགྱུར་གལ་ཆེན།
རྩོམ་སྒྲིག་པ། ཚེ་གཟུངས་སྐྱིད། ཡོང་ཁུངས། མཚོ་བྱང་ཁུལ་མི་དམངས་སྲིད་གཞུང་དྲ་བ། བཤེར་འབེབས། ཚེ་བརྟན་བཀྲ་ཤིས།
➤2023ལོར་རྒྱལ་ཡོངས་སུ་གསར་དུ་འཕར་བའི་ཁྲལ་འཕྲི་དངུལ་གཅོག་དང་ཁྲལ་སློག་དུས་འགྱངས་གྲོན་དངུལ་སྒོར་དུང་ཕྱུར་ཁྲི2.2ལས་བརྒལ་ཡོད།
➤《རྒྱལ་སྲིད་སྤྱི་ཁྱབ་ཁང་གི་སྲིད་འཛིན་ཁྲིམས་སྲོལ་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་གཏན་འབེབས་ཁག་གཅིག་ལ་བཟོ་བཅོས་རྒྱག་རྒྱུའི་སྐོར་གྱི་གཏན་འབེབས》ཉིན་ཤས་གོང་ཁྱབ་བསྒྲགས་བྱས།
➤ཀྲུང་དབྱང་རྩ་འཛུགས་པུའུ་ཡིས་ཀྲུང་དབྱང་གི་ཚབ་བྱས་ཏེ་དོ་དམ་བྱེད་པའི་ཏང་དངུལ་ཁྲོད་ནས་སྒོར་དུང་ཕྱུར3.85གནམ་ལོ་གསར་ཚེས་དང་དཔྱིད་གསར་དུས་ཆེན་རིང་འཚོ་བར་དཀའ་ངལ་ཡོད་པའི་ཏང་ཡོན་དང་། ཏང་ཡོན་རྒན་པ། ལས་བྱེད་པ་རྒན་པ་བཅས་ལ་འཚམས་འདྲི་བྱེད་པར་སྤྱོད་རྒྱུ་རེད།
➤《སྤྱི་ཚོགས་རྩ་འཛུགས་ཀྱི་མིང་དོ་དམ་བྱ་ཐབས》ཉེ་ཆར་ཡོངས་བསྒྲགས་བྱས། དེའི་ནང་ཐོག་དང་པོར་སྤྱི་ཚོགས་རྩ་འཛུགས་ཀྱི་མིང་གཅིག་གྱུར་གཏན་འབེབས་བྱས་ཤིང་། ལས་རིགས(ལས་དོན)ཁྱབ་ཁོངས་སུ“ཨང་དང་པོ”དང“མཐོ་ཤོས”སོགས་གོ་ནོར་ཐེངས་སླ་བའི་ཡི་གེ་སྤྱོད་མི་ཆོག་པ་ཁ་གསལ་བཟོས།
➤རྒྱལ་ཁབ་ནུས་རྒྱུ་ཅུས་ཀྱིས་གྲངས་གཞི་ཁྱབ་བསྒྲགས་བྱས་པར་གཞིགས་ན། 2023ལོར་སྤྱི་ཚོགས་ཡོངས་ཀྱི་གློག་སྤྱོད་ཚད་སྟོང་ཝ་ཆུ་ཚོད་དུང་ཕྱུར92241ཟིན། དུས་མཚུངས་ལས6.7%འཕར་ཡོད།
➤རྒྱལ་ཁབ་གནས་སྤོས་ཡུལ་མི་དོ་དམ་ཅུས་ཀྱིས་གནས་ཚུལ་སྤེལ་བར་གཞིགས་ན། 2023ལོར་རྒྱལ་ཡོངས་ཀྱི་གནས་སྤོས་ཡུལ་མི་དོ་དམ་སྒྲིག་གཞིས་རིམ་རྩིས་བྱས་ན་ས་མཚམས་ནས་འགྲོ་འོང་བྱེད་མཁན་གྱི་མི་ཐེངས་དུང་ཕྱུར4.24ལ་ཞིབ་བཤེར་བྱས་ཤིང་། དུས་མཚུངས་ལས266.5%འཕར་ཡོད།
➤རྒྱལ་ཁབ་འཕེལ་སྒྱུར་ཨུ་ལྷན་གྱིས་གནས་ཚུལ་སྤེལ་བར་གཞིགས་ན། “ལྔ་བཅུ་བཞིའི”ཚུན་དུ་དཔྱད་རྩོམ་གཞན་གྱིས་ལུང་འདྲེན་བྱས་པ་མཐོ་ཤོས་ཀྱི(高被引论文)གྲངས་འབོར་འཛམ་གླིང་གི་ཨང་གཉིས་པ་རྒྱུན་འཁྱོངས་ཐུབ་ཡོད་པ་དང་། ཁེ་ལས་ཀྱི་ཞིབ་འཇུག་གསར་སྤེལ་གྲོན་དངུལ་གྱིས་སྤྱི་ཚོགས་ཡོངས་ཀྱི་སྡུར་ཚད་ནང77%ལས་བརྒལ་བ་ཟིན་ཡོད།
➤ཚེས18ཉིན་གྱི་ཆུ་ཚོད1:46སྟེང་། མཁའ་གྲུ་ཨང་བདུན་པའི་ཟོག་འདྲེན་འཕུར་གྲུ་དང་བར་སྣང་ས་ཚིགས་ཀྱི་སྡེབ་སྒྲིག་གཟུགས་སྦྲེལ་མཐུད་ལེགས་གྲུབ་བྱུང་སྟེ་སྡེབ་སྒྲིག་གཟུགས་ཀྱི་འཕུར་སྐྱོད་དུས་མཚམས་སུ་སླེབས།
➤ཀྲུང་ཧྭ་རྒྱལ་ཡོངས་སྤྱི་ཁྱབ་བཟོ་ཚོགས་ཀྱིས་ལོ་ལྟར་རྒྱལ་ཁབ་ཀྱི་ལག་ཤེས་པ་རྩེ་གྲ200ཙམ་གསོ་སྐྱོང་བྱ་རྒྱུའི་འཆར་གཞི་བཏོན།
སྤྱི་ཚོགས།
➤ཚེས20ཉིན་ནས་ཚེས23ཉིན་བར། གྲང་རྒྱུན་གྱི་ཤུགས་རྐྱེན་ཐེབས་པའི་དབང་གིས་ནང་སོག་གི་དབུས་རྒྱུད་དང་། ཧྲའན་ཞིའི་བྱང་རྒྱུད། ཧྭ་བྱང་གི་ནུབ་རྒྱུད་སོགས་ཀྱི་དྲོད་ཚད12~14℃མར་ཆག་རྒྱུ་ཡིན་པ་དང་། ས་ཁུལ་ཁ་ཤས་ཀྱི་དྲོད་ཚད་མར་ཆག་ཚད་ཧྲེ་ཧྲི་ཏུའུ14ཡན་ལ་སླེབས་རྒྱུ་རེད།
➤ཆེས་མཐོའི་མི་དམངས་ཁྲིམས་ཁང་གིས་རྒྱུ་རིན་དང་འབྲེལ་བའི་རྩོད་གཞིའི་གྱོད་དོན་ཞིབ་གཅོད་བྱེད་པར་ཁྲིམས་ལུགས་བཀོལ་སྤྱོད་བྱེད་པའི་གནད་དོན་འགའི་སྐོར་གྱི་གཏན་འབེབས་ཁྱབ་བསྒྲགས་བྱས་པ་སྟེ། ཕྱོགས་གཅིག་གིས་རྒྱུ་རིན་ལ་ཁ་གཡར་ནས་རྒྱུ་ནོར་གང་འདོད་ལྟར་ལེན་པའི་གནད་དོན་དང་འཕྲད་ཚེ། ཕྱོགས་གཞན་དེས་ཕྱིར་སྤྲོད་རྒྱུའི་རེ་བ་ཞུས་རིགས་མི་དམངས་ཁྲིམས་ཁང་གིས་རྒྱབ་སྐྱོར་བྱ་དགོས་ཞེས་ཁ་གསལ་བཏོན།
➤རྒྱལ་ཁབ་འཕེལ་སྒྱུར་ཨུ་ལྷན་སོགས་སྡེ་ཚན་བདུན་གྱིས་ཡིག་ཆ་བཀྲམ་སྟེ། མཐོ་སློབ་ཀྱིས་གསར་སྐྲུན་དང་། བསྐྱར་སྐྲུན། ཉམས་གསོ། སྒྲིག་སྦྱོར་ཅན་གྱི་སྒྱུར་བཀོད་རིམ་སྤོར་སོགས་ཀྱི་བྱེད་ཐབས་སྣ་ཚོགས་བརྒྱུད་མཐོ་སློབ་སློབ་མའི་ཉལ་ཁང་གི་ཞན་ཆ་གསབ་རྒྱུར་ཁྲིད་སྟོན་བྱེད་དགོས་པའི་བླང་བྱ་བཏོན།
➤ཁྲོམ་རའི་ལྟ་སྐུལ་དོ་དམ་སྤྱི་ཁྱབ་ཅུས་སོགས་སྡེ་ཚན་གསུམ་གྱིས་སྨྱུག་གུ་གཞོག་གྲི་དང་། སྐུལ་འོད་སྨྱུ་གུ་སོགས་བྱིས་པ་དང་སློབ་མའི་མཁོ་ཆས་ཀྱི་བདེ་འཇགས་དོ་དམ་ལ་ཤུགས་སྣོན་རྒྱུའི་སྤྱི་བསྒྲགས་སྤེལ།
➤ཉེ་ཆར། ཞིབ་དཔྱོད་ལས་ཁུངས་ཀྱིས་ཉིང་ཞ་ཧུའེ་རིགས་རང་སྐྱོང་ལྗོངས་ཏང་ཨུའི་དེ་སྔའི་ཧྲུའུ་ཅི་གཞོན་པའམ་དབྱིན་ཁྲོན་གྲོང་ཁྱེར་ཏང་ཨུའི་དེ་སྔའི་ཧྲུའུ་ཅི་ཅང་ཀྲི་ཀང་གིས་ལྐོག་རྔན་བླངས་པའི་དོགས་ཡོད་གྱོད་གཞིར་ཁྲིམས་ལྟར་གཞུང་གཏུག་བྱས།
➤ཚེས18ཉིན། ཅི་ལིན་ཞིང་ཆེན་སྲིད་གྲོས་ཀྱི་དེ་སྔའི་ཏང་ཙུའི་ཁོངས་མིའམ་ཀྲུའུ་ཞི་གཞོན་པ་ཀྲང་ཞའོ་ཕེ་ཡིས་ལྐོག་རྔན་བླངས་པའི་གྱོད་གཞིའི་འདྲི་གཅོད་དང་པོའི་ཁྲིམས་ར་འཚོགས།
➤ཚེས18ཉིན། ཅིན་ཝུའེ་མྱུར་བགྲོད་ལྕགས་ལམ་གྱི་ཅིན་ཀུའུ་ཧའེ་ཆུ་བོའི་ཕུག་ལམ་གྱི་ཚངས་ཐིག་ཆེ་ཤོས་ཀྱི་ཕུབ་བཟོ་འཕྲུལ་འཁོར་ཏེ། “ཅིན་ཁྲེང་དང་པོ་རྟགས་ཅན”བདེ་བླག་ངང་འཁོར་སྐྱོད་བྱེད་མགོ་ཚུགས། དེས་པེ་ཅིང་དང་། ཐེན་ཅིན། ཧོ་པེ་བཅས་ས་ཁུལ་སྦྲེལ་བའི་ཚངས་ཐིག་ཆེ་ཤོས་དང་བར་ཐག་རིང་ཤོས་ཀྱི་མྱུར་བགྲོད་ལྕགས་ལམ་གྱི་ཕུག་ལམ་དངོས་སུ་སྔོག་འདོན་བྱེད་མགོ་ཚུགས་པ་མཚོན་ཡོད།
➤ཚན་རིག་ཞིབ་འཇུག་མི་སྣས་ཀུའེ་ཀྲོའུ་ལི་པོ་རྫོང་དུ་ཤིང་གཞིའི་རྩི་ཤིང་གི་རིགས་གསར་པ“ལི་པོའི་གསེར་སྐུད་ཀྱི་ཁམ་བུ”ཤེས་རྟོགས་བྱུང་།
➤ཧའེ་ནན་སན་ཡ་ཉེན་རྟོག་ཕྱོགས་ཀྱིས་དུག་ཚོང་གྱོད་གཞི་ཆེན་པོ་ཞིག་རྩད་ཆོད་དེ། “དགོད་དུག”ཧྲེང1000ཙམ་གཞུང་བཞེས་བཏང་སྟེ་ལེའོ་ཉིང་ནས་ཧའེ་ནན་བར་གྱི་དུག་ཚོང་བགྲོད་ལམ་ཞིག་མེད་པར་བཟོས།
➤ཧྲན་ཏུང་ཆུས་ཧྥུ་ཡི་སློབ་མ་ཞིག་གིས་སེམས་ཆུང་མ་བྱས་པར་ཆུའི་ནང་དུ་ལྷུང་། ལམ་འགྲོ་བས་གཅིག་རྗེས་གཉིས་མཐུད་ངང་སྲིང་བལ་གྱི་གྱོན་གོས་ཕུད་ཅིང་། གྱོན་གོས་མཐུད་དེ་ཆུར་ལྷུང་བའི་སློབ་མ་བསྐྱབས།
སྲིད་ཇུས།
➤ཐེན་ཅིན་གྱིས་གཏན་འབེབས་བྱས་དོན། འགྲུལ་སྐྱེལ་གཉེར་སྐྱོང་བྱེད་མཁན་ལམ་བར་དུ་སྡོད་པ་དང་། འགྲུལ་པ་བསྐྱུར་བ་སོགས་ལ་སྒོར་ཆིག་སྟོང་ཡན་ནས་སྒོར་ཉིས་སྟོང་མན་གྱི་དངུལ་ཆད་གཅོད་རྒྱུ་རེད།
➤ཧོ་ནན་གྱིས་ལོ0ནས6བར་གྱི་སློབ་ལོ་རན་པའི་བྱིས་པར་རིན་མེད་བདེ་ཐང་ཞིབ་བཤེར་ཐེངས13མཁོ་འདོན་བྱ་རྒྱུ་ཁ་གསལ་བཏོན།
➤ཅང་སུའུ་ཡིས་དམངས་གཉེར་ཁེ་ལས་ཀྱིས་སྣེ་ཁྲིད་བྱས་པའི་རྒྱལ་ཡོངས་ཀྱི་གཙོ་གནད་ཚོད་ལྟ་ཁང་གི་ཆོག་མཆན་ཐོབ་མཁན་ལ། ཆོག་མཆན་ཐོབ་པའི་ལོ་འཁོར་ནས་བཟུང་ལོ་ལྔའི་ནང་ལོ་ལྟར་འགྲོ་གྲོན་ཆ་ཚང་སྒོར་ཁྲི500ཡི་རྒྱབ་སྐྱོར་བྱ་རྒྱུ་ཡིན་ཞེས་ཁ་གསལ་བཏོན་ཡོད།
དེ་རིང་གི་གནམ་གཤིས།
➤ནང་སོག་གི་དབུས་ནུབ་རྒྱུད་དང་། ཤིན་ཅང་གི་ཐེན་ཧྲན་ས་ཁུལ། བོད་ལྗོངས་ཀྱི་ཤར་ལྷོའི་རྒྱུད། ཀན་སུའུ་ཡི་རྨ་ནུབ་སོགས་ཀྱི་ས་ཁུལ་ཁ་ཤས་སུ་ཁ་བ་ཆུང་ཆུང་ནས་འབྲིང་ཙམ་མམ་ཡང་ན་ཁ་ཆར་འདྲེས་མ་འབབ་རྒྱུ་རེད། དེའི་ཁྲོད་ནང་སོག་གི་དབུས་རྒྱུད་དང་ཧོ་ནན་གྱི་དབུས་རྒྱུད་སོགས་ཀྱི་ས་ཁུལ་ཁ་ཤས་སུ་ཁ་བ་འབྲིང་ཙམ་ནས་ཆེན་པོ་འབབ་རྒྱུ་རེད། ཅང་ཧོའེ་ནུབ་རྒྱུད་དང་། ཅང་ཧན་གྱི་ཤར་རྒྱུད། འབྲི་ཆུའི་ལྷོ་རྒྱུད་ཀྱི་བྱང་རྒྱུད་དང་ནུབ་རྒྱུད་སོགས་ཀྱི་ས་ཁུལ་ཁག་གཅིག་ཏུ་ཆར་འབྲིང་ཙམ་ནས་ཆར་ཆེན་འབབ་རྒྱུ་རེད། དེའི་ནང་ཀུའེ་ཀྲོའུ་ཡི་ཤར་ལྷོའི་རྒྱུད་དང་། ཧུའུ་ནན་གྱི་དབུས་ནུབ་རྒྱུད། ཅང་ཞིའི་ནུབ་བྱང་རྒྱུད། ཀོང་ཞིའི་ནུབ་བྱང་རྒྱུད་བཅས་སུ་དྲག་ཆར་འབབ་རྒྱུ་རེད།