བོད་ལྗོངས་རྒྱལ་རྩེའི་ཁུ་ལུ་ཧྥ་རན་སེའི་རྒྱལ་སར་འགྲེམས་སྟོན་བྱས་པ།
发布时间:2024年01月30日 消息来源:

རྩོམ་སྒྲིག་པ། ཚེ་གཟུངས་སྐྱིད། ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན བཤེར་འབེབས། ཚེ་བརྟན་བཀྲ་ཤིས།
ཉེ་ཆར། ཧྲང་ཧའེ་ཅིན་ཧྲན་ནས་ཡོང་བའི་རང་བདག་རྩེར་སོན་སྒྱུ་རྩལ་གྱི་ཁུ་ལུའི་སྤུས་རྟགས་ཧྲ་ཅོན(sandriver)ཞེས་པ་དེ་ཀྲུང་གོའི་ཁུ་ལུ་སྤུས་རྟགས་གཅིག་པུ་ཡིན་པའི་ངོས་ནས2024ལོར་ཧྥ་རན་སེའི་ཕ་རི་སིའི་དར་སྲོལ་ཁྱིམ་ཆས་ཇུས་འགོད་འགྲེམས་སྟོན་ཐོག་དངོས་སུ་འགྲེམས་སྟོན་བྱས་པ་རེད། འགྲེམས་སྟེགས་ཐོག ཧྲ་ཅོན་གྱིས་ཁུ་ལུའི་ཁྲ་ཡོལ་དང་ཁུ་ལུའི་རྩིག་ཤོག་སོགས་ཐོན་རྫས་གསར་པ་འགྲེམས་སྟོན་བྱས་པ་དང་འབྲེལ་ཆེད་མངགས་བོད་ལྗོངས་རྒྱལ་རྩེའི་སྣམ་བུའི་ལག་ཤེས་བཟོ་རྩལ་པ་གདན་དྲངས་པ་རེད།

图片

   ཡུལ་དངོས་སུ། ཐེངས་འདིའི་འགྲེམས་སྟོན་ཆེད་ཕ་རི་སིར་སྐྱོད་མཁན་རྒྱལ་རྩེའི་ལག་ཤེས་པ་སྐལ་བཟང་ལ་ཀུན་གྱི་དོ་ཁུར་ཆེན་པོ་ཐོབ།

  

ཧྲ་ཅོན་གསར་གཏོད་བྱེད་མཁན་ཀུའོ་ཤིའུ་ལིང་གིས་གསར་འགོད་པར། ང་ཚོས་ཐེངས་འདིའི་འགྲེམས་ཚོགས་ཐོག་འཁྱེར་ཡོང་བའི་ཁུ་ལུའི་ཁྲ་ཡོལ་དང་ཁུ་ལུའི་རྩིག་ཤོག་སོགས་ཐོན་རྫས་གསར་པ་ནི་བོད་རིགས་ཀྱི་སྲོལ་རྒྱུན་གྱི“སྣམ་བུའི”བཟོ་རྩལ་རྨང་གཞིར་བྱས་པ་ཞིག་རེད་ཅེས་ངོ་སྤྲོད་བྱས། “རྒྱལ་རྩེའི་སྣམ་བུ”ནི་ལོ་ངོ་ཉིས་སྟོང་གི་ལོ་རྒྱུས་ལྡན་པའི་གཟུགས་འདས་རིག་གནས་ཤུལ་བཞག་གི་ལག་རྩལ་ཞིག་ཡིན་ཞིང་། སྤྱིར་གངས་ལྗོངས་རང་ནས་རྒྱུ་ཆ་འཚོལ་བ་ཞིག་ཡིན་པ་དང་། ལུག་གི་མཇིང་པའི་འོག་གི་ཝེ་སྨི14.3ནས14.9བར་གྱི་རྩ་ཆེའི་སྤུ་འཇམ་པོ་རྒྱུ་ཆ་རུ་བྱས་ཏེ་སྲོལ་རྒྱུན་གྱི་འཕྲུལ་འཁོར་ལ་བརྟེན་ནས་ལག་ཤེས་འཁེལ་འཐག་དང་ཚོས་བྱུག་པ་སོགས་ཀྱི་ལས་རིམ་མང་པོ་བརྒྱུད་དགོས་ཤིང་། གཟའ་འཁོར་གཅིག་ཡན་འགོར་རྗེས་གཞི་ནས་ཐོན་རྫས་གྲུབ་མར་གྱུར་ཐུབ།

图片


2022ལོར་ཧྲང་ཧའེ་གྲོང་ཁྱེར་གྱི་བོད་སྐྱོར་ལས་བྱེད་པའི་འབྲེལ་གཏུག་ཚོགས་ཆུང་གི་ཤུགས་ཆེའི་རྒྱབ་སྐྱོར་འོག “ཧྲ་ཅོན་སྣམ་བུའི་ལོ་བཅུའི་བསྐྱར་དར་འཆར་གཞི”དངོས་སུ་ལག་བསྟར་བྱེད་མགོ་ཚུགས་པ་རེད། རྒྱལ་ཁབ་རིམ་པའི་ལག་ཤེས་དེར་འཕྲད་པའི་སྣ་རིགས་རྐྱང་པ་དང་ལག་རྩལ་རྒྱུན་ཆད་པ་སོགས་ཀྱི་གནད་དོན་ཐག་གཅོད་བྱ་ཆེད། ཀུའོ་ཤིའུ་ལིང་དང་ཁོང་གི་ཚོགས་པས་རིམ་འཇུག་སྲོལ་རྒྱུན་གྱི་འཁེལ་འཐག་འཕྲུལ་འཁོར་གསར་བརྗེ་བྱས་ནས། བཟོ་ལྟ་གསར་པ་ཞིབ་འཇུག་གསར་སྤེལ་དང་ཇུས་འགོད་བྱས་པ་རེད། རྒྱལ་རྩེ་རྫོང་དང་ཧྲང་ཧའེ་ས་ཆ་གཉིས་སུ་སློབ་ཁྲིད་ལྟེ་གནས་བཏོད་དེ་རྒྱལ་རྩེའི་ལག་ཤེས་བཟོ་རྩལ་པར་སློབ་ཁྲིད་བྱས་ནས་ཐང་གའི་སྒྱུ་རྩལ་དང་སྲོལ་རྒྱུན་གྱི་བཟོ་རྩལ་དག་དེང་རབས་ཀྱི་འཚོ་བའི་ཁྱིམ་ཆས་ནང་མཉམ་འདྲེས་བྱས་པས་སྲོལ་རྒྱུན་གྱི་ལག་ཤེས་བཟོ་རྩལ་ལ་ཉམས་འགྱུར་དང་འཕེལ་ཕྱོགས་གསར་པ་ཞིག་རིམ་གྱིས་མངོན་ཡོད་པ་རེད། ན་ནིང་ཟླ་དགུ་པར“གངས་ལྗོངས་ཀྱི་གྲགས་པ”ཞེས་པའི་སྲོལ་རྒྱུན་གྱི་སྣམ་བུའི་རྒྱན་གོས་བཟོ་རྩལ་གྱི་ཤོམ་སྟོན་དེ་ས་བབ་མཐོ་ཚད་སྨི4800ཟིན་པའི་གནས་ཆེན་གངས་བཟང་གི་འདབས་སུ་སྤེལ་ཞིང་། ན་ནིང་ལོ་མཇུག་ཏུ་བོད་ལྗོངས་གཞིས་རྩེ་ཤིའར་ཏུན་མགྲོན་ཁང་དུ་ཧྲ་ཅོན་གྱི་བོད་སྐྱོར་རྒྱལ་རྩེའི་སྣམ་བུའི་ཚོང་ཁང་དང་པོ་ལས་གཉེར་བྱེད་མགོ་ཚུགས་པ་རེད།
 

图片


ཀུའོ་ཤིའུ་ལིང་གིས་ཧྲ་ཅོན་ནི་ཨན་མའེ་དང་ཀུའེ་ལི་སོགས་གོ་ལ་ཧྲིལ་པོའི་རྩེར་སོན་རྒྱས་སྤྲོས་མགྲོན་ཁང་གི་གཞུང་ཕྱོགས་མཉམ་ལས་ཀྱི་སྤུས་རྟགས་ཤིག་ཡིན་པ་དང་། ཁུ་ལུའི་སྟོད་ལྷེ་དང་འབོལ་ཁྲིའི་གདན། རྐུབ་བཀྱག་གི་གདན། ཉལ་ལྭ་སོགས་ཚབ་མཚོན་བརྩམས་ཆོས་ལ་མགྲོན་ཁང་ནང་སྡོད་མཁན་རྣམས་ཀྱིས་དགའ་པོ་བྱེད་ཀྱི་ཡོད། ཐེངས་འདིར་ཕ་རི་སིའི་དར་སྲོལ་ཆེ་བའི་ཁྱིམ་ཆས་ཇུས་འགོད་འགྲེམས་སྟོན་ཐོག་འགྲེམས་སྟོན་བྱས་ཤིང་། ཁོང་ཚོས་ཁུ་ལུའི་ཁྲ་ཡོལ་དང་ཁུ་ལུའི་རྩིག་ཤོག་སོགས་ཐོན་རྫས་གསར་པ་ཐོག་མར་འགྲེམས་སྤེལ་བྱས་པ་བརྒྱུད་རྒྱལ་སྤྱིའི་ཐོག་གི་མི་མངོན་པའི་སྟོབས་ཤུགས་ཧ་ཅང་ཆེ་བའི“ཁུ་ལུའི་གྱོན་ཆས”ཁྱབ་ཁོངས་ནང་ཀྲུང་གོའི་སྐད་སྒྲ་སྙན་པོ་བསྒྲགས་ནས། ཧྲང་ཧའེ་ཡི་རང་བདག་སྤུས་རྟགས་གསར་གཏོད་ཀྱི་གཏམ་རྒྱུད་ཡག་པོ་ཤོད་རྒྱུའི་རེ་བ་བྱེད་ཀྱི་ཡོད་ལ། དེ་དང་ཆབས་ཅིག་གྲངས་ཉུང་མི་རིགས་གཏོགས་ཁོངས་ཀྱི་བུད་མེད་ཐག་ཉེ་སར་ལས་ཞུགས་བྱ་རྒྱུར་སྔར་བས་སྐུལ་འདེད་བཏང་ནས་ལག་རྩལ་གྱིས་གྲོང་གསེབ་དར་སྤེལ་དང་ཐོན་ལས་རོགས་སྐྱོར་རྒྱུན་མཐུད་འཕེལ་རྒྱས་ཡོང་བ་སྐུལ་ཁྲིད་བྱ་རྒྱུ་རེད་ཅེས་གསུངས།