གསར་འགྱུར་གལ་ཆེན།
发布时间:2024年01月31日 消息来源:


རྩོམ་སྒྲིག་པ། ཚེ་གཟུངས་སྐྱིད། ཡོང་ཁུངས། མཚོ་བྱང་མི་དམངས་དྲ་བ། བཤེར་འབེབས། ཚེ་བརྟན་བཀྲ་ཤིས།

图片

ཀྲུང་དབྱང་དམག་ཨུས་པེ་ཅིང་དུ་སྡོད་པའི་དམག་དཔུང་གི་ལས་བྱེད་རྒན་པར་འཚམས་འདྲི་གནང་བའི་དཔྱིད་གསར་དུས་ཆེན་བསུ་བའི་རིག་རྩལ་འཁྲབ་སྟོན་ཚེས29ཉིན་པེ་ཅིང་དུ་འཚོགས། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅིའམ་རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་འཁྲབ་སྟོན་ལ་གཟིགས་པ་དང་། བྱེད་སྒོར་ཞུགས་པའི་དམག་དཔུང་གི་བློ་མཐུན་རྒན་པ་དང་དམག་ཁོངས་ཀྱི་ལས་འཁྱུར་ངལ་གསོ་བྱས་པའི་ལས་བྱེད་རྒན་པར་དུས་ཆེན་གྱི་འཚམས་འདྲི་དང་དཔྱིད་གསར་གྱི་ཤིས་ཚིག་ཕུལ།

图片

ཟླ1པོའི་ཚེས30ཉིན་གྱི་ཕྱི་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེན་མོ་རུ་ཀྲུང་གོར་བཅའ་སྡོད་བྱས་པའི་གཞུང་ཚབ་ཆེན་མོ་བ42ཀྱིས་ཕུལ་བའི་རྒྱལ་ཡིག་དང་ལེན་གནང་།

ཟླ1པོའི་ཚེས28ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཨ་ཀྲ་ལི·ཨ་སུའུ་མ་ཉི་ལ་གློག་འཕྲིན་བཏང་ནས་ཁོང་བསྟུད་མར་ཁོ་མོ་ལུའོ་མནའ་འབྲེལ་གྱི་ཙུང་ཐུང་ལ་བདམས་ཐོན་བྱུང་བར་རྟེན་འབྲེལ་ཞུས།

2023ལོར། རྒྱལ་ཡོངས་ཀྱི་གཞི་ཁྱོན་ཡན་གྱི་རིག་གནས་དང་འབྲེལ་ཡོད་ཐོན་ལས་ཁེ་ལས་ཁྲི7.3ལ་ལས་གཉེར་ཡོང་འབབ་སྒོར་དུང་ཕྱུར129515མངོན་འགྱུར་བྱུང་བ་དང་། ལོ་གོང་མ་ལས8.22%འཕར།

འགྲིམ་འགྲུལ་སྐྱེལ་འདྲེན་པུའུ་ཡིས་གནས་ཚུལ་སྤེལ་བར་གཞིགས་ན། དཔྱིད་གསར་སྐྱེལ་འདྲེན་གྱི་སྔོན་གྱི་ཉིན་བཞི་པོར་མི་ཐེངས་དུང་ཕྱུར7.6ལྷག་ཙམ་འགྲོ་སྐྱོད་བྱས།

དམངས་སྲིད་པུའུ་སོགས་སྡེ་ཁག12ཀྱིས་མཉམ་འབྲེལ་ཐོག་བསམ་འཆར་པར་འགྲེམས་བྱས་ཏེ། རྒན་གསོའི་ཞབས་ཞུའི་སྒྲིག་གཞིས་རྒན་གསོའི་ཞབས་ཞུའི་ཤེས་ལྡན་མི་སྣའི་གླ་ཕོགས་དང་ཐོབ་ཐང་དངོས་སུ་མཐོ་རུ་གཏོང་བར་རྒྱབ་སྐྱོར་དང་ཁྲིད་སྟོན་བྱེད་རྒྱུ།

སྡོད་འཛུགས་པུའུ་ཡིས་གནས་ཚུལ་སྤེལ་བར་གཞིགས་ན། 2023ལོར། རྒྱལ་ཡོངས་སུ་མཁར་གྲོང་གི་གཞིས་ཁུལ་རྙིང་བ་ཁྲི5.37ལ་སྒྱུར་བཅོས་བྱས་ཤིང་། ཁྱོན་སྡོམ་སྒོར་དུང་ཕྱུར2400ཙམ་བཏང་།

ཟླ1པོའི་ཚེས30ཉིན་ནས་ཟླ2པའི་ཚེས28ཉིན་བར། ཞང་ཀང་དམིགས་བསལ་སྲིད་འཛིན་ཁུལ་གྱི་སྲིད་གཞུང་གིས་ཞང་ཀང་གི་གཞི་རྩའི་བཅའ་ཁྲིམས་ཀྱི་དོན་ཚན་ཉེར་གསུམ་པའི་ཁྲིམས་འཛུགས་སྤྱི་དམངས་ཀྱི་བློ་འདྲི་དངོས་སུ་སྤེལ།

ཉེ་དུས། ཨ་རི་ཕྱོགས་ཀྱིས་ཨ་རིར་ཡོད་པའི་ཀྲུང་གོའི་མ་འཇོག་ཁེ་ལས་ལ་འཕྲལ་མར་སྔོག་བཤེར་ཐེངས་མང་བྱས། རང་རྒྱལ་ཚོང་དོན་པུའུ་ཡིས་བསྟན་དོན། ཀྲུང་གོ་ཕྱོགས་ཀྱིས་གནས་ཚུལ་འཕེལ་རྒྱས་ལ་དོ་ཁུར་ཆེན་པོ་བྱས་ནས། ཀྲུང་གོའི་ཁེ་ལས་དང་སྤྱི་དམངས་ཀྱི་ཁྲིམས་མཐུན་ཁེ་དབང་ལ་མཐའ་གཅིག་ཏུ་སྲུང་སྐྱོང་བྱ་རྒྱུ་ཡིན་ཟེར།

རྒྱལ་སྤྱིའི་དངུལ་ལོའི་ཐེབས་རྩ་རྩ་འཛུགས(IMF)ཀྱིས་ཚེས30ཉིན་སྙན་ཞུ་ཁྱབ་བསྒྲགས་བྱས་ནས། 2024ལོའི་གོ་ལ་ཧྲིལ་པོའི་དཔལ་འབྱོར་འཕར་བའི་སྔོན་དཔག་དེ3.1%བར་མཐོ་རུ་གཏོང་རྒྱུ།

སྤྱི་ཚོགས།

ཟླ1པོའི་ཚེས31ཉིན་ནས་ཟླ2པའི་ཚེས5ཉིན་བར། རང་རྒྱལ་གྱི་དབུས་ཤར་རྒྱུད་ས་ཁུལ་དུ་དགུན་ཁ་སླེབས་པ་ནས་བཟུང་གི་རྒྱུན་མཐུད་དུས་ཡུན་རིང་ཤོས་དང་ཤུགས་རྐྱེན་ཐེབས་ཁྱོན་ཆེ་ཤོས་ཀྱི་ཁངས་ཆར་འཁྱགས་རོམ་གྱི་གནམ་གཤིས་ཐོན་རྒྱུ་རེད།

རྒྱལ་ཁབ་སྦྲག་སྲིད་ཅུས་ཀྱིས་བསྟན་དོན། གནམ་གཤིས་ཀྱི་ཤུགས་རྐྱེན་ཕོག་པའི་དབང་གིས་ས་ཁུལ་ཁག་གཅིག་གི་མྱུར་སྐྱེལ་ཞབས་ཞུའི་དུས་ཡུན་རིང་དུ་གཏོང་སྲིད་པ་དང་། གལ་ཏེ་མྱུར་སྐྱེལ་དངོས་རྫས་དུས་ཚོད་འགོར་འགྱངས་བྱུང་ཚེ་ཤེས་རྟོགས་གནང་རོགས་ཞུ་རྒྱུ།

ཀྲུང་གོ་གློག་ཤུགས་ཁེ་ལས་མཉམ་འབྲེལ་ལྷན་ཚོགས་ཀྱིས་གནས་ཚུལ་སྤེལ་བར་གཞིགས་ན། རང་རྒྱལ་གྱི་རྡོ་སོལ་གློག་གི་གློག་འདོན་འཕྲུལ་འཁོར་གྱི་གློག་འདོན་ཚད་ཀྱིས་བཟུང་བའི་བསྡུར་ཚད2023ལོའི་ལོ་མཇུག་ཏུ39.99%བར་ཆག་ནས་ཐེངས་དང་པོར40%བར་མར་ཆག་པ་རེད།

ཀྲུང་གོ་དང་འབར་མས་མཉམ་འབྲེལ་ཐོག་རྒྱལ་ཁོངས་བརྒལ་བའི་གློག་འཕྲིན་དྲ་རྒྱའི་མགོ་སྐོར་ཉེས་གསོག་ལ་རྡུང་རྡེག་གཏོང་བར་མཚོན་རྟགས་རང་བཞིན་གྱི་གྲུབ་འབྲས་གལ་ཆེན་ཐོབ་པ་དང་། པའེ་སུའོ་ཁྲེང་དང་པའེ་དབྱིང་ཚང་། ཝུའེ་ཧོའེ་རེན། ལིའུ་ཀྲེང་ཞང་། ལིའུ་ཀྲེང་ཧྭ། ཞུས་ལའོ་ཧྥ་སོགས་འབར་མའི་བྱང་རྒྱུད་ཀྱི་ཉེས་གསོག་དོགས་ཅན་མི10ཚེས30ཉིན་རང་རྒྱལ་དུ་བཟུང་སྐྱེལ་བྱས།

ཚེས30ཉིན། ཀྲུང་གོའི་མཆོང་རྒྱུག་འཕེན་གསུམ་མཐུན་ཚོགས་ཀྱི་དེ་སྔའི་ཀྲུའུ་ཞི་ཡུས་ཧུང་ཁྲེན་གྱིས་ལྐོག་རྔན་བླངས་པའི་གྱོད་གཞི་དེར་འདྲི་གཅོད་དང་པོའི་ཁྲིམས་ར་འཚོགས་ནས་ཡུས་ཧུང་ཁྲེན་གྱིས་ཁྲིམས་འགལ་ངང་གཞན་གྱིས་སྤྲད་པའི་རྒྱུ་དངོས་དེ་མི་དམངས་ཤོག་སྒོར་བྱས་ན་སྒོར་ཁྲི2254ལྷག་ཙམ་བླངས་ཡོད།

ཉེ་ཆར། རྒྱལ་ཡོངས་ཀྱི་རྟེན་མཛོད་ཁང་མང་པོ་ཞིག་གིས་དཔྱིད་གསར་དུས་ཆེན་གྱི་གུང་གསེང་རིང་སྒོ་འབྱེད་པའི་བཀོད་སྒྲིག་སྔ་རྗེས་སུ་ཁྱབ་བསྒྲགས་བྱས།

རང་བྱུང་ཐོན་ཁུངས་པུའི་ཀྲུང་གོ་ས་གཤིས་བརྟག་དཔྱད་ཅུའི་སན་མོན་ཞ་གཤོང་སའི་དབུས་རྒྱུད་དུ་གནས་པའི་ལིང་པའོ་པན་ཀུའུ་འགག་སྒོ་ནས་ཐོན་མཐོའི་བཟོ་ལས་སྣུམ་རྒྱུན་ཐོན་པ་དང་། ཚོད་རྩིས་བྱས་ན་སྣུམ་ཁྲོན་དེའི་མ་བཅོས་རྡོ་སྣུམ་ཐོན་ཁུངས་ཏུན་དུང་ཕྱུར1.07ཐོན་རྒྱུ།

ཚེས30ཉིན། “2023ལོའི་ཀྲུང་གོའི་གནའ་རྫས་རྟོག་ཞིབ་ཀྱི་གསར་རྙེད་གསར་པས”ཡོངས་བསྒྲགས་བྱས་ཏེ། སི་ཁྲོན་ཙི་དབྱང་གྲོང་ཁྱེར་མིང་ཞི་གཙང་པོའི་རྡོ་ཆས་རྙིང་པའི་དུས་རབས་ཀྱི་རྗེས་ཤུལ་སོགས་རྣམ་གྲངས་དྲུག་བདམས་པ་རེད།

图片

ཉིན་ཤས་གོང་། རང་རྒྱལ་གྱིས་ཞིབ་བཟོ་བྱས་པའི་ཆིང་ནང་འབར་འཕྲུལ་འཁོར་སྒུལ་ཤུགས་སུ་བྱས་པའི་གནམ་གྲུ་དང་པོ་སྟེ། འཛམ་གླིང་གི་ཆིང་ནང་འབར་ཐོག་མའི་གནམ་གྲུ་བདེ་བླག་ངང་འཕུར་ཐུབ།图片

ཉེ་ཆར། ཅང་སུའུ་ཝུའུ་ཅང་གི་ལོ8ཡིན་པའི་བྱིས་པ་ཞིག་སེམས་ཆུང་མ་བྱས་པར་ཆུའི་ནང་དུ་ལྷུང་བ་དང་། ལམ་ན་འགྲོ་བཞིན་པའི་གྲོང་མི་ཀྲའོ་ཀྲི་ཀང་གིས་གྲང་ངར་ལ་མ་འཛེམ་པར་ཆུའི་ནང་དུ་མཆོངས་ནས་བྱིས་པ་བསྐྱབས།

སྲིད་ཇུས།

ཧྲང་ཧའེ་ཡིས་བརྡ་ཐོ་བཏང་ནས། ཧྲང་ཧའེ་རུ་སྤྱི་ཚོགས་འགན་བཅོལ་སྤྲད་པ་དང་ཡང་ན་སྒེར་ཁྲལ་བསྟུད་མར་འཇལ་ནས་ལོ་ལྔ་དང་དེའི་ཡན་ཟིན་པའི་ཧྲང་ཧའེ་ཡི་ཐེམ་ཐོ་མིན་པའི་གྲོང་མིས་ཕྱི་ཕྱོགས་ཀྱི་ས་ཁོངས་ཕྱི(ཁྲུང་མིང་ཆུས་ཕུད)ནས་སྡོད་ཁང་གཅིག་ཉོས་ཆོག

ཧའེ་ནན་གྱིས་བརྡ་ཐོ་བཏང་ནས། ལོ་འཁོར་གྱི་གཏན་འཇགས་རྒྱུ་ནོར་ལ་མ་འཇོག་སྒོར་ཁྲི2000དང་དེའི་ཡན་གྱི་གནས་སྐོར་ལས་རིགས་རྣམ་གྲངས་ལ་ལོ་འཁོར་གྱི་གཏན་འཇགས་རྒྱུ་ནོར་ལ་མ་འཇོག་བྱེད་ཚད་མཐོ་ཤོས་ལ་གཞིགས་ནས་བྱ་དགའ་སྒོར་ཁྲི2000སྤྲོད་རྒྱུ།

ཧྲེན་ཀྲེན་གྱིས་ཇུས་གཞི་པར་འགྲེམས་བྱས་ནས། རྩ་དོན་ཐོག་གཞུང་བཙུགས་བྱིས་སྙོར་ཁང་ལ་གསར་དུ་ཞུགས་པའི་དགེ་རྒན་ལ100%ཡི་དངོས་གཞིའི་ཚན་ཁག་དང་དེའི་ཡན་གྱི་སློབ་རིམ་ལྡན་དགོས་པའི་བླང་བྱ་བཏོན།

དེ་རིང་གནམ་གཤིས།图片

ནང་སོག་གི་ཤར་ལྷོའི་རྒྱུད་དང་བྱང་ཤར་ས་ཁུལ་གྱི་དབུས་ཤར་རྒྱུད། ཞིན་ཅང་གི་ནུབ་རྒྱུད། མཚོ་སྔོན་གྱི་དབུས་ལྷོ་རྒྱུད། བོད་ལྗོངས་ཀྱི་བྱང་རྒྱུད་དང་ཤར་རྒྱུད། ཀན་སུའུ་ཡི་ཤར་རྒྱུད། ཉིང་ཞ། ཧྲའན་ཞི་ཡི་དབུས་བྱང་རྒྱུད། ཧྲན་ཞིའི་ལྷོ་རྒྱུད། ཧོ་ནན་གྱི་ནུབ་བྱང་རྒྱུད་སོགས་ས་ཁུལ་ཁག་གཅིག་ཏུ་ཁ་བ་ཆུང་ཆུང་ནས་འབྲིང་ཙམ་མམ་ཁ་ཆར་འདྲེས་མ་འབབ་རྒྱུ་རེད། ནུབ་བྱང་ས་ཁུལ་གྱི་ཤར་ལྷོའི་རྒྱུད་དང་། ཧོང་ཧོའེ་ཡི་ས་ཆ་མང་ཆེ་བ། ཅང་ཧོའེ། ཅང་ཧན། ཅང་ནན། ལྷོ་ནུབ་ས་ཁུལ་གྱི་ཤར་རྒྱུད། ཡུན་ནན་གྱི་ཤར་ལྷོའི་རྒྱུད། ཧྭ་ནན་གྱི་ས་ཆ་མང་ཆེ་བ་སོགས་ཀྱི་ས་ཁུལ་དུ་ཆར་ཆུང་ཆུང་ནས་འབྲིང་ཙམ་འབབ་རྒྱུ་རེད།