2024ལོར་མཚོ་སྔོན་གྱིས་སྐྱེ་ཁམས་སླར་གསོ་ཐད་སྒོར་དུང་ཕྱུར3.60བཏང་།
ཉེ་ལམ་མཚོ་སྔོན་ཞིང་ཆེན་ནོར་སྲིད་ཐིང་གིས2024ལོའི་ཀྲུང་དབྱང་གི་སྐྱེ་ཁམས་སྲུང་སྐྱོབ་དང་སླར་གསོ་བཅོས་སྐྱོང་ཐད་མ་དངུལ་སྒོར་དུང་ཕྱུར3.60སྤྲད་ལ། མཚོ་བོད་མཐོ་སྒང་གི་སྐྱེ་ཁམས་སྲུང་ཡོལ་ཁུལ་ཤར་རྒྱུད་དེ་ཙོང་ཆུ་འབབ་རྒྱུད་ཀྱི་རི་ཆུ་ནགས་ཚལ་ས་ཞིང་མཚོ་མོ་རྩྭ་ཐང་བྱེ་ཀླུང་བཅས་གཞི་གཅིག་ཅན་སྲུང་སྐྱོབ་དང་སླར་གསོ་ལས་གཞི་འཛུགས་སྐྲུན་ལ་རྒྱབ་སྐྱོར་བྱ་རྒྱུ་རེད། ཐེངས་འདིའི་རྒྱབ་སྐྱོར་བྱེད་པའི་ཁག་བགོས་ལས་གཞི24ཡི་ནང་། ཟི་ལིང་གྲོང་ཁྱེར་ལ་སྒོར་དུང་ཕྱུར2.36སྤྲད་དེ་ལས་གཞི16ལག་བསྟར་བྱས། མཚོ་ཤར་གྲོང་ཁྱེར་ལ་མ་དངུལ་དུང་ཕྱུར0.88བཏང་སྟེ། ལས་གཞི7ལག་བསྟར་བྱ་རྒྱུ། མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་ལ་མ་དངུལ་དུང་ཕྱུར0.36སྤྲད་དེ་ལས་གཞི1ལག་བསྟར་བྱ་རྒྱུ་རེད། ཞིང་ཆེན་ནོར་སྲིད་ཐིང་གིས་འདི་སྐད། སྔར་བཞིན་དུ་མ་དངུལ་ལྟ་སྐུལ་དོ་དམ་ལ་ཤུགས་བསྣན་ཏེ། འབྲེལ་ཡོད་ས་ཁུལ་དང་སྡེ་ཁག་གིས་ལོ་འཁོར་གྱི་ལས་གཞི་ལག་བསྟར་གྱི་འཆར་འགོད་ལྟར་མ་དངུལ་དེ་དག་ཚུལ་ལྡན་གྱི་སྒོ་ནས་བེད་སྤྱེད་གཏོང་བར་སྐུལ་འདེད་བྱ་རྒྱུ་དང་། ལས་གཞི་ལག་བསྟར་དང་མ་དངུལ་དངོས་འབེབས་ཀྱི་རིམ་པ་ཇེ་མགྱོགས་སུ་བཏང་སྟེ། དུས་ལྟར་དུ་ལོ་འཁོར་གྱི་ལས་གཞི་འཛུགས་སྐྲུན་ཁག་གི་དམིགས་འབེན་ལེགས་འགྲུབ་ལ་འགན་ལེན་བྱ་རྒྱུ། དེ་དང་ཆབས་ཅིག འབྲེལ་ཡོད་ལས་རིགས་ཀྱི་གཙོ་འགན་སྡེ་ཁག་དང་བསྟུན་ནས་འབྲེལ་ཡོད་ས་ཁུལ་དང་སྡེ་ཁག་གིས་ལས་གཞི་འཛུགས་སྐྲུན་གྱི་སྔོན་འགྲོའི་འཆར་འགོད་ལས་ཀ་སྔ་མོ་ནས་སྤེལ་བར་ཁྲིད་སྟོན་བྱས་ནས་ལས་གཞི་འཛུགས་སྐྲུན་ཕྱོགས་ཡོངས་ནས་ལེགས་འགྲུབ་ཡོང་བར་རྨང་གཞི་བརྟན་པོ་འདིང་རྒྱུ་ཡིན་པར་བསྟན།