ནད་དུག་གསར་པ་འདི་ཐོན་སྲིད་པའི་ཉེན་བརྡ་བཏང་།
发布时间:2024年03月15日
消息来源:
རྩོམ་སྒྲིག་པ། ཚེ་གཟུངས་སྐྱིད། ཡོང་ཁུངས། མི་དམངས་དྲ་བ། བཤེར་འབེབས། ཚེ་བརྟན་བཀྲ་ཤིས།
འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱི་སྤྱི་ཁྱབ་ལས་གཉེར་བ་ཐན་ཏེ་སའེ་ཡིས་ཉེ་ཆར“Xརིམས་ནད་ཐོན་སྲིད་པའི་ཐད་ཐ་ཚིག་བསྒྲགས། ནད་དུག་གསར་པ་དང་རིམས་ནད་གསར་པ་ཐོན་རྒྱུ་ནི“དུས་ཚོད་ཀྱི་གནད་དོན་ཡིན་པ་ལས་ཐོན་མིན་གྱི་གནད་དོན་མིན”ཞེས་བརྗོད་པ་རེད། ཚེས9ཉིན། རྒྱལ་ཁབ་ནད་ཡམས་སྔོན་འགོག་ཚོད་འཛིན་ཅུས་ཀྱི་ཅུས་ཀྲང་ཝང་ཧོ་ཧྲེང་གིས་ཚེས9ཉིན་པེ་ཅིང་དུ“Xནད་ཡམས”ལས་གཡོལ་རྒྱུ་དཀའ་མོད། འོན་ཀྱང་དེ་ལས་ཐོན་པའི་ནད་ཡམས་ཆེན་མོ་ནི་སྔོན་འགོག་དང་ཁ་གཏད་གཅོག་ཐུབ་ཅེས་བཤད་པ་རེད།