མཚོ་སྔོན་ཞིང་ཆེན་རྒྱལ་ཡོངས་རིག་དངོས་ཁྱབ་བཤེར་ཐེངས་བཞི་པའི་མགོ་ཁྲིད་ཚན་ཆུང་གི་གྲོས་ཚོགས་ཐེངས་དང་པོ་ཟི་ལིང་དུ་བསྡུས།
རྩོམ་སྒྲིག ཚ།ེ་གཟུངས་སྐྱིད། ཡོང་ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། བཤེར་འབེབས། ཚེ་བརྟན་བཀྲ་ཤིས།
ཟླ3པའི་ཚེས19ཉིན། མཚོ་སྔོན་ཞིང་ཆེན་རྒྱལ་ཡོངས་རིག་དངོས་ཁྱབ་བཤེར་ཐེངས་བཞི་པའི་མགོ་ཁྲིད་ཚན་ཆུང་གི་གྲོས་ཚོགས་ཐེངས་དང་པོ་ཟི་ལིང་དུ་བསྡུས། ཚོགས་ཐོག་ནས་ཞི་ཅིན་ཕིང་གི་དགོངས་པ་སློབ་སྦྱོང་དང་ལག་བསྟར་བྱས་པ་དང་། མཚོ་སྔོན་ཞིང་ཆེན་གྱི་རྒྱལ་ཡོངས་རིག་དངོས་ཁྱབ་བཤེར་ཐེངས་བཞི་པའི་ལག་བསྟར་ཇུས་གཞི་དང་། མཚོ་སྔོན་ཞིང་ཆེན་གྱི་རྒྱལ་ཡོངས་རིག་དངོས་ཁྱབ་བཤེར་ཐེངས་བཞི་པའི་དྲིལ་སྒྲོག་ཇུས་གཞི་ལ་གྲོས་ཞིབ་བྱས་ཤིང་། རང་ཞིང་གི་རྒྱལ་ཡོངས་རིག་དངོས་ཁྱབ་བཤེར་ཐེངས་བཞི་པའི་བྱ་བ་བཀོད་སྒྲིག་བྱས། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། ཞིང་ཆེན་ཏང་ཨུའི་དྲིལ་སྒྲོག་པུའུ་ཡི་པུའུ་ཀྲང་། མགོ་ཁྲིད་ཚན་ཆུང་གི་ཚན་གཙོ་ཝང་ཏ་ནན་དང་། ཧྲིན་ཀྲང་གཞོན་པ། མགོ་ཁྲིད་ཚན་ཆུང་གི་ཚན་གཙོ་ཧི་ལུའུ་ཁྲུན་གྲོས་ཚོགས་ལ་ཞུགས་པར་མ་ཟད་གཏམ་བཤད།
གྲོས་ཚོགས་སྟེང་ནན་གྱིས་བསྟན་དོན། རིག་དངོས་ཁྱབ་བཤེར་བྱ་བ་བཟང་བོར་སྒྲུབ་ན། རང་ཞིང་གི་རིག་དངོས་ཐོན་ཁུངས་ཀྱི་མ་གྲངས་ཕྱོགས་ཡོངས་ནས་མཐིལ་རྟོགས་བྱེད་པ་དང་། མཚོ་སྔོན་གྱི་རིག་གནས་ལྔ་སྐྱེད་སྲིང་དང་དར་སྤེལ་གཏོང་བ། དུས་རབས་གསར་བའི་རིག་དངོས་ལས་དོན་སྤུས་ཚད་མཐོན་པོས་འཕེལ་རྒྱས་སུ་གཏོང་བའི་ཐད་དོན་སྙིང་གལ་ཆེན་ལྡན་པས། ཆབ་སྲིད་ཀྱི་འགན་འཁྲི་འདུ་ཤེས་དང་དུས་རབས་ཀྱི་འགན་འཁྲི་འདུ་ཤེས་ཇེ་དྲག་ཏུ་གཏོང་དགོས་པ་དང་། ས་ཆ་སོ་སོ་དང་འབྲེལ་ཡོད་སྡེ་ཁག་སོ་སོས་འགན་སྒྲུབ་ནན་མོ་བྱེད་པ་དང་ཁག་ཁུར་འབད་འཐབ་བྱས་ཏེ། སྲུང་སྐྱོབ་བྱེད་པ་ལས་འགན་གཙོ་བོར་བརྩི་བ། རིག་དངོས་བདེ་འཇགས་ལ་ཁག་ཐེག་བྱེད་རྒྱུ་སྲོག་ཤིང་དུ་བརྩིས་ནས། བརྟག་བཤེར་བྱེད་འོས་པ་ཚང་མར་བརྟག་བཤེར་བྱེད་པ་དང་། འགན་སྲུང་བྱེད་འོས་པ་ཚང་མར་འགན་སྲུང་བྱས་ཏེ། རིམ་པ་སོ་སོ་དང་རིགས་སོ་སོའི་རིག་དངོས་ཐོན་ཁུངས་ཁྱབ་བཤེར་དང་དོ་དམ་བྱ་བ་བཟང་བོར་བསྒྲུབ་དགོས།
གྲོས་ཚོགས་སྟེང་རྩ་འཛུགས་མགོ་ཁྲིད་དང་གཅིག་འདོམས་མཐུན་སྦྱོར་ལ་ཤུགས་སྣོན་པ་དང་། སེམས་ཞིབ་མོས་བྱ་བའི་ཇུས་གཞི་གཏན་འབེབས་བྱེད་པ། མི་སྣའི་ལག་རྩལ་གསོ་སྦྱོང་ལ་ཤུགས་སྣོན་པ། ཁྱབ་བཤེར་ལས་ཆོད་དང་ཆུ་ཚད་མཐོར་འདེགས་གཏོང་བ། སྲིད་ཇུས་ཞིབ་འཇུག་ལ་ཤུགས་སྣོན་པ། ཁྱབ་བཤེར་གྲོན་དངུལ་གྱི་འགན་སྲུང་ཇེ་ཆེར་གཏོང་བ། སྤུས་ཚད་ལྟ་སྐུལ་དང་དོ་དམ་ཇེ་དམ་དུ་བཏང་ནས། རིག་དངོས་བདེ་འཇགས་ཀྱི་འགོག་མཚམས་ཇེ་བརྟན་དུ་གཏོང་དགོས། དྲིལ་སྒྲོག་སྐུལ་སློང་ལ་ཤུགས་སྣོན་པ་དང་། རིག་དངོས་ཁྱབ་བཤེར་གྱི་བརྗོད་དོན་དྲིལ་སྒྲོག་དང་སྲིད་ཇུས་དྲིལ་སྒྲོག གྲུབ་འབྲས་དྲིལ་སྒྲོག དཔེ་མཚོན་དྲིལ་སྒྲོག་བཅས་ལ་རྩ་འཛུགས་བྱེད་པ། སྤྱི་ཚོགས་ཡོངས་ཀྱི་རིག་དངོས་སྲུང་སྐྱོབ་འདུ་ཤེས་ཇེ་དྲག་ཏུ་གཏོང་བ། རིག་དངོས་རྒྱབ་ཕྱོགས་ཀྱི་གཏམ་རྒྱུད་བཟང་བོར་བཤད་དེ། རིག་དངོས་ཁྱབ་བཤེར་དེ་དམངས་ཡོངས་ཀྱི་རིག་གནས་ཤུལ་བཞག་སྲུང་སྐྱོབ་ཀྱི་འགུལ་སྐྱོད་ཆེན་པོར་འགྱུར་བར་བྱེད་དགོས་པའི་རེ་བ་བཏོན།
གྲོས་ཚོགས་སྟེང་ཞིང་ཆེན་རང་བྱུང་ཐོན་ཁུངས་ཐིན་དང་ཡུས་ཧྲུའུ་ཁུལ་སྲིད་གཞུང་། མཚོ་ཤར་གྲོང་ཁྱེར་སྲིད་གཞུང་བཅས་ཀྱིས་བརྗེ་རེས་གཏམ་བཤད་སྤེལ།
རྩོམ་སྒྲིག དོན་འགྲུབ་མཚོ། ཡོང་ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། བཤེར་འབེབས། རིན་ཆེན་ཚེ་རིང་།