སྤྱི་ཁྱབ་ལས་ཁུངས་ཀྱིས་མཚོ་སྔོན་གཅན་ཚར་ཡོངས་བསྒྲཊ་སློབ་ཚན་འཚོཊ།
རྩོམ་སྒྲིག་པ། ཚེ་གཟུངས་སྐྱིད། ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན། བཤེར་འབེབས། ཚེ་བརྟན་བཀྲ་ཤིས།

དཔྱིད་ཀྱི་དཔལ་ཡོན་རབ་ཏུ་རྒྱས་པའི་དུས་བཟང་འདིར། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་ཀྱི་དྭངས་གསལ་བརྒྱུད་གཏོང་རླངས་འཁོར་ལེ་བར་སྟོང་ཕྲག་གི་ཆོད་པའི་ལམ་ཐག་བརྒྱུད། མཚོ་སྔོན་གཅན་ཚ་མདའ་མོ་གཡང་རྫོང་གི་གཅན་ཚ་རྫོང་མི་རིགས་སློབ་འབྲིང་གཉིས་པར་འབྱོར་ནས་ཡོངས་བསྒྲགས་སློབ་ཚན་འཚོགས་འགོ་བརྩམས།
སྙན་སྒྲོན་པ་གྲགས་ཅན་ཁང་ཧུའེ་ཡིས་སློབ་ཁྲིད་གནང་བཞིན་པ།
ཡོངས་བསྒྲགས་སློབ་ཚན་གྱི་བྱེད་སྒོ་ཐོག་མ་སྤེལ་ཡུལ་འདིར། སློབ་མ་ཚོས་ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་ཀྱི་སྙན་སྒྲོན་པ་གྲགས་ཅན་ཁང་ཧུའེ་དང་འཇིག་རྟེན་འཕུར་སྐྱོད་པ་ལིའུ་དབྱང་། ཝང་དབྱང་སོགས་དགེ་རྒན་རྣམས་དང་ངོ་ཐུག་སྤེལ་རེས་བྱས་ཏེ། རྒྱལ་ཁབ་ཀྱི་འཕེལ་རྒྱས་དང་དུས་རབས་ཀྱི་འཕོ་འགྱུར་དངོས་སུ་མྱོང་ཚོར་བྱས་ཡོད།

ད་རེས་ཀྱི་སློབ་ཁྲིད་ལས་དགེ་སློབ་ཡོངས་ཀྱིས་སྤྱི་སྐད་སློབ་སྦྱོང་བྱེད་པའི་ཐབས་ཤེས་དང་། གསར་འགྱུར་ལས་དོན་གྱི་གལ་ཆེན་རང་བཞིན་རྟོགས་པ་དང་། ཕུགས་འདུན་ཡོད་ལ་ཕུགས་འདུན་སྙེག་ཕོད་པ་དང་། རང་ས་རང་ཡུལ་གྱི་སྣོད་བཅུད་མཛེས་པར་གཅེས་ཤེས་པ། བར་སྣང་འཇིག་རྟེན་ལ་རྒྱུས་ལོན་བྱེད་པ། ཕྱི་རོལ་གྱི་འཇིག་རྟེན་འཚོལ་ཞིབ་བྱེད་པའི་ཤེས་རབ་འཕེལ་བ། འབྱུང་འགྱུར་གྱི་འཕེལ་རྒྱས་ཁྲོད་རང་ཉིད་དེ་བས་ལེགས་པ་ཞིག་ཡོང་བར་སྔ་ན་མེད་པའི་གོ་བསྐོན་བློ་འགུག་གི་བློ་བསྐྱེད་མི་དམན་པ་བྱུང་ཡོད།