རྒོལ་འཇོམས་གནམ་གྲུ་གཏོང་མཁན་གྱི་བོད་རིགས་བུ་མོ་ཐོག་མ།
发布时间:2024年04月23日 消息来源:

རྩོམ་སྒྲིག་པ། ཚེ་གཟུངས་སྐྱིད། ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། བཤེར་འབེབས། ཚེ་བརྟན་བཀྲ་ཤིས།
图片

སྐལ་བཟང་པད་སྒྲོན་དང་ཁོ་མོའི་ཕ་མ་གཉིས།

འདྲ་པར་གྱི་དཀྱིལ་དུ་ཡོད་པའི་བུ་མོ་ཆུང་ཆུང་འདི་ནི་སྐལ་བཟང་པད་སྒྲོན་ཡིན། བུ་མོ་ཆུང་ཆུང་འདི་ནི་ཨ་སྔོན་དུ་འཕུར་རྩལ་ངོམ་པའི་རྒོལ་འཇོམས་གནམ་གྲུ་གཏོང་མཁན་འདི་དང་མི་གཅིག་ཡིན་པ་ནི་བསམ་ཡུལ་ལས་འདས་ཤིག་ཡིན།

མཚོ་བོད་མཐོ་སྒང་ནས་འཚར་ལོངས་བྱུང་བའི་སྐལ་བཟང་པད་སྒྲོན་ནི། གངས་རིའི་འདབས་སུ་བཞད་པའི་སྐལ་བཟང་མེ་ཏོག་དང་འདྲ་བར་བློ་བག་ཡངས་བ་དང་། གདེང་ཚོད་ཆེ་བ། མཛེས་སྡུག་ལྡན་པ། ཁོ་མོར་ད་དུང་ཉམས་དོད་པའི་ཐོབ་ཐང་གཞན་ཞིག་ཡོད་དེ་ནི—ཀྲུང་གོའི་མཁའ་དམག་གི་ཁག12པའི་བུད་མེད་འཕུར་སྐྱོད་པ་ཡིན་ལ། དུས་མཚུངས་སུ་མཁའ་དམག་གིས་བོད་ལྗོངས་ནས་བསྡུས་པའི་བོད་རིགས་ཀྱི་བུད་མེད་འཕུར་སྐྱོད་པ་དང་པོའང་རེད།
图片

2017ལོར། སྐལ་བཟང་པད་སྒྲོན་གྱིས་སློབ་གྲོགས་ཤིག་གིས་མཁའ་དམག་གི་འཕུར་སྐྱོད་པར་རྒྱུགས་འཕྲོད་པ་ཤེས་རྗེས།  “ཨ་སྔོན་ཕུགས་འདུན”གྱི་ས་བོན་ཞིག་ཁོ་མོའི་སེམས་ཀྱི་ཞིང་ཁམས་སུ་དལ་བུར་མྱུ་གུ་འབུས། ཡིན་ནའང་སྐབས་དེ་དུས་ད་དུང་ཐེ་ཚོམ་ཅུང་ཙམ་ཡོད་དེ། བུ་མོ་ཞིག་ལ་མཚོན་ན་འཕུར་སྐྱོད་པ་ཞིག་བྱེད་པ་ནི་ཧ་ཅང་དཀའ་ལས་ཁག་པོ་རེད་སྙམ།ཉིན་ཞིག་སྐལ་བཟང་པད་སྒྲོན་གྱིས་བརྙན་འཕྲིན་ཐོག་ནས་ཁོང་ཚོ་མཐོང་།

图片
བུད་མེད་འཇིག་རྟེན་འཕུར་སྐྱོད་པ་ལིའུ་དབྱང་དང་ཝང་ཡ་ཕིང་གི་བྱས་རྗེས་ལས་ཁོ་མོར་སྐུལ་མ་ཐེབས་ནས། སེམས་སུ་ཡིད་ཆེས་ཀྱིས་ཁེངས། 2019ལོར་མཁའ་དམག་མཁའ་འགྲུལ་སློབ་ཆེན་གྱིས་འཕུར་སྐྱོད་སློབ་མ་བུ་མོ་བསྡུ་བཞིན་ཡོད་པའི་གནས་ཚུལ་ཤེས་རྗེས། མཐོ་གསུམ་འགྲིམ་བཞིན་པའི་སྐལ་བཟང་པད་སྒྲོན་དགའ་ཐག་ཆོད་དེ། ཕ་མ་གཉིས་པོས་ཀྱང་ཁོ་མོར་བློ་ཁོག་ཆེན་པོས་ཚོད་ལྟ་བྱེད་པའི་སྐུལ་ལྕག་བྱས།
图片
ཐོག་མའི་རྒྱུགས་ལེན་ལམ་ལྷོངས་བྱུང་རྗེས། ཁོ་མོ“ཨ་སྔོན་ཕུགས་འདུན”དང་གོམ་གང་ཉེ་རུ་སོང་། 2019ལོར་འཕུར་སྐྱོད་སློབ་མ་བུ་མོ་བསྡུ་བའི་གྲངས་འབོར་ནི་མི40ལས་མེད། ཐོག་མའི་རྒྱུགས་ལེན་དང་བསྐྱར་རྒྱུགས་གཏོང་བར་ཞུགས་མཁན་མི200ཙམ་ཡོད་པས། འགྲན་རྩོད་དྲག་པོ་ཡོད་པ་ནི་སྨོས་མི་དགོས་པ་ཞིག་རེད། 2019ལོའི་ཟླ6པའི་ཚེས29ཉིན་སྐལ་བཟང་པད་སྒྲོན་ལ་བག་ཆགས་ཟབ་མོ་བྱུང་ཞིང་། དེ་ཉིན་ཁོ་མོ་བསྐྱར་རྒྱུགས་ལ་ཞུགས། བློ་བརྟན་ཞུམ་མེད་ཀྱི་གཤིས་ཀ་དང་གྲ་སྒྲིག་ཨང་བསར་བྱས་པར་བརྟེན་ནས་ཁོ་མོ་འགྲན་རྩོད་དྲག་པོ་ལས་རྣམ་པར་རྒྱལ་ཏེ་བསམ་འདུན་ལྟར་འཕུར་སྐྱོད་པ་ཞིག་ཏུ་གྱུར།
图片

སྐལ་བཟང་པད་སྒྲོན་གྱི་བསྡུ་ལེན་བརྡ་ཐོ།

ལོ18ནས་འཕུར་སྐྱོད་ལ་འབྲེལ་འདྲིས་བྱས་ཀྱང་སློབ་སྦྱོང་དང་སྦྱོང་བརྡར་གྱི་ནང་དོན་ཡང་རེ་རེ་ལས་མ་འདས་པར་ཁག་ཏུ་སོང་། མཁའ་འགྲུལ་རིག་པའི་ཤེས་བྱ་དང་། འཕྲུལ་ཆས་ཀྱི་རྩ་བའི་རིགས་པ། ཐོག་མའི་སྦྱོང་བརྡར་འཕྲུལ་ཆས་དང་མཐོ་རིམ་སྦྱོང་བརྡར་འཕྲུལ་ཆས། དེ་ནས་སོ་སོ་གཅིག་པུས་རྒོལ་འཇོམས་གནམ་གྲུ་གཏོང་བའི་དཔྱད་ཞིབ་བར། སོ་སོའི་ཆུ་ཚད་མཐོ་རུ་ཕྱིན་པ་དང་བསྟུན་ཏེ་གཏན་ནས་མི་འདྲ་བའི་གནམ་གྲུའི་གྲུབ་ཚུལ་དང་། ཁ་ལོ་བའི་ལག་རྩལ། དེ་བཞིན་འཕུར་སྐྱོད་ཐེག་ཚད་ཇེ་ཆེར་འགྲོ་བ་སོགས་ནི་ཁོ་མོའི་ངོས་ནས་བཤད་ན་ཚང་མ་ཀླད་ཀོར་ནས་འགོ་འཛུགས་དགོས་པའི་འགྲན་སློང་དུ་གྱུར་མོད། འོན་ཀྱང་རང་ཉིད་ཀྱི“ཨ་སྔོན་ཕུགས་འདུན”གྱི་ཆེད་དུ་ཁོ་མོས་དཀའ་ངལ་རེ་རེ་བཞིན་ཁྱད་དུ་བསད།
图片
འཕུར་སྐྱོད་སློབ་མ་བུ་མོའི་ཁྲོད་ནས་བོད་རིགས་སློབ་མ་གཅིག་པུ་ཡིན་པའི་ཁོ་མོར་བསམ་པའི་གནོན་ཤུགས་ནི་སྨོས་མ་དགོས་པ་ཞིག་ཡོད། ས་ངོས་ཀྱི་སྦྱོང་བརྡར་ནང་དུ་ཁོ་མོས་རྔུལ་ཆུ་མང་ཤོས་བཏོན་ཡོད་ལ། དཀའ་སྡུག་ཀྱང་མི་ཉུང་བ་ཞིག་མྱངས་ཡོད།
图片
“སྐྲངས་སྦོས་ཐེངས་གསུམ་དྲག་ན་གཞི་ནས་སྤྲིན་པའི་གསེབ་ཏུ་འཕུར་ཐུབ” ཅེས་པའི་སྐད་ཆ་འདི་སྐལ་བཟང་པད་སྒྲོན་གྱིས་ཡིད་ལ་བརྟན་པོར་ངེས་ཏེ། ཕུགས་བསམ་གྱི་ཆེད་དུ། ཁོ་མོས་རྒྱུན་དུ་ཆད་མེད་སྦྱོང་བརྡར་བྱེད་ཀྱི་ཡོད། མཚན་གུང་ལ་ཁྲ་ལྷམ་མེར་སྤར་བའི་གློག་སྒྲོན་དང་། སྦྱོང་བརྡར་ར་བར་འཐོར་བའི་རྔུལ་ཆུ་ལས་སྐལ་བཟང་པད་སྒྲོན་གྱི་རྒྱུན་ཆད་མེད་པར་ཚད་བརྒལ་བྱས་པ་དང་། འཕུར་སྐྱོད་བྱ་གཞག་ལ་འབད་བརྩོན་བྱས་པར་བདེན་དཔང་བྱེད་བཞིན་ཡོད།
图片
ལས་འགན་ཚང་མར་ཁོ་མོས་ཡག་ཐོག་ཡག་བརྩེགས་བརྩོན་ལེན་བྱེད་ཅིང་། འཕུར་སྐྱོད་ཚར་རྗེས་ཁོ་མོས་ཡང་བསྐྱར་ཕྱོགས་སྡོམ་ནན་ཏན་བྱེད་དེ་ཕམ་ཁར་མགོ་མི་སྒུར་བའི་ངར་ཤུགས་འདི་ལ་བརྟེན་ནས། སྐལ་བཟང་པད་སྒྲོན་ད་གཟོད་ཡར་རྒྱས་བྱུང་སྟེ་རྒོལ་འཇོམས་གནམ་གྲུ་ག་གེ་མོས་གཅིག་པུས་གཏོང་བའི་དཔྱད་ཞིབ་བདེ་བླག་ངང་ལོན་པ་དང་། བཅོས་སྒྲིག་སྦྱོང་བརྡར་གྱི་གྲུབ་འབྲས་ཕུལ་དུ་བྱུང་བ་ཐོབ་སྟེ། ཨ་སྔོན་དུ་འཕུར་འདོད་པའི་བོད་རིགས་བུ་མོ་ཞིག་ནས་དཔའ་ངར་ཆེན་པོས་ཨ་སྔོན་དུ་འཕུར་བའི་བུ་མོ་ཞིག་ཏུ་འཚར་ལོངས་བྱུང་།
图片
བར་སྣང་ལེ་དབར་ཁྲི་སྟོང་། རླུང་དང་འགྲོགས་ན་འཕུར་སླ། རི་ཀླུང་ཐམས་ཅད་བལྟས་པ་ཙམ་གྱིས་མཐོང་ཞིང་། ཁོ་མོས་ཐེངས་དང་པོ་མང་པོར་བརྟེན་ནས་བར་སྣང་ཁམས་སུ་མཛེས་སྡུག་ལྡན་པའི་འཕུར་ཤུལ་བཀོད་ལ། ཁོ་མོས་དཀའ་སྤྱད་ཀྱི་རྔུལ་ཆུར་བརྟེན་ནས་མྱ་ངམ་ཐང་དུ་བཀྲག་མདངས་འཚེར་བའི་མེ་ཏོག་བཞད་དུ་བཅུག
图片
སྐལ་བཟང་པད་སྒྲོན་གྱིས“མེས་རྒྱལ་དང་མི་དམངས་ཐུགས་བློ་བདེ་པོ་གནང་རོགས། ངས་ཧུར་ཐག་འབད་ཐག་བྱས་ནས་འཕུར་རྩལ་སྦྱངས་ཏེ། མེས་རྒྱལ་གྱི་མངའ་ཁོངས་བར་སྣང་དུ་འཕུར་ནས་བདེ་སྐྱིད་ཀྱི་འཚོ་བ་དང་བཀྲ་ཤིས་པའི་རྣམ་པ་འདི་སྲུང་བཞིན་ཡོད།
ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ།