རྐང་ཚ་རྫོང་དཔལ་དགེ་གྲོང་རྡལ་ཐང་ཆུ་སྡེ་བས་བསམ་པའི་དཔལ་ཡོན་འཛུགས་སྐྱོང་གཏིང་ཟབ་དང་ཏན་ཏིག་ངང་སྤེལ་བར་སྐུལ་འདེད་བཏང་ཡོད།
རྩམ་སྒྲིག་པ། ཚེ་གཟུངས་སྐྱིད། ཡོང་ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། བཤེར་འབེབས། ཚེ་བརྟན་བཀྲ་ཤིས།
2023ལོ་ནས་བཟུང་། ཞིང་སྡེའི་བསམ་པའི་དཔལ་ཡོན་གྱིས་མི་སེམས་གསོ་སྐྱོང་དང་མི་སེམས་འགུག་པ།མི་སེམས་གཅིག་ཏུ་སྒྲིལ་བ་སོགས་ཐད་ཀྱི་ཁྱད་པར་བའི་ནུས་པ་འདོན་སྤེལ་གང་ལེགས་བྱ་ཆེད། མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་རྐང་ཚ་རྫོང་དཔལ་དགེ་གྲོང་རྡལ་ཐང་ཆུ་སྡེ་བའི“དཀྱིལ་སྙིང་གཅིག་དང་དཔུང་སྡེ་ལྔ་ཡིས་དར་སྤེལ་ལ་སྐུལ་འདེད་གཏོང་བའི”རིག་གནས་དྲིལ་བསྒྲགས་ལས་སྒྲུབ་རུ་ཁག་གིས་ཞིང་སྡེའི་རིག་གནས་འཛུགས་སྐྱོང་ལས་དོན་ཡག་པོ་བསྒྲུབ་པ་དེ་གྲོང་གསེབ་དར་སྤེལ་ལ་སྐུལ་འདེད་གཏོང་བའི་རྐང་ཚུགས་སར་བརྩི་རྒྱུ་རྒྱུན་འཁྱོངས་བྱས་ནས།བསམ་པའི་ཐོག་ནས་སྣེ་ཁྲིད་དང་གཡུལ་ས་བརྟན་པོར་གཏོང་བ།ཞབས་ཞུ་ཏན་ཏིག་གིས་སྒྲུབ་པ།དཔེར་མཚོན་འདེམས་པ་སོགས་ཕྱོགས་མང་པོའི་ཐད་ནས་ཤུགས་བཏོན་ཏེ།ཞིང་སྡེའི་བསམ་པའི་དཔལ་ཡོན་འཛུགས་སྐྱོང་གཏིང་ཟབ་དང་ཏན་ཏིག་ངང་སྤེལ་བར་རྒྱུན་ཆད་མེད་པར་སྐུལ་འདེད་་བཏང་ཡོད།
གཡུལ་ས་འཛུགས་སྐྲུན་བརྟན་པོར་བཏང་ནས་རིག་གནས་དར་སྤེལ“ཇེ་ཕྱུག”ཏུ་འགྲོ་བར་སྐུལ་འདེད་གཏོང་དགོས། གཡུལ་ས་འཛུགས་སྐྲུན་བྱ་རྒྱུ་དེ་སྡེ་བ་ཡོངས་ཀྱི་བསམ་པའི་དཔལ་ཡོན་འཛུགས་སྐྱོང་ལས་དོན་སྤེལ་བའི་རྨང་གཞིའི་རང་བཞིན་གྱི་འགན་སྲུང་དུ་བརྩི་རྒྱུ་རྒྱུན་འཁྱོངས་བྱས་ནས།གྲོང་གསེབ་ཀྱི་གར་སྟེགས་ཆེན་པོ་དང་དུས་རབས་གསར་པའི་དཔལ་ཡོན་ལག་ལེན་ས་ཚིགས།ཞིང་བའི་དཔེ་ཁང་སོགས་སྤྱི་པའི་ཞབས་ཞུའི་སྒྲིག་བཀོད་གཅིག་གྱུར་འཆར་འགོད་ཀྱིས་བེད་སྤྱོད་དེ་རིགས་པའི་གཞུང་ལུགས་སྒྲོག་འགྲེལ་དང་དམངས་ཕན་རིག་གནས་ལས་དོན་སྤེལ་ཏེ།མང་ཚོགས་ཀྱིས་ཚན་རིག་ལ་བརྩི་མཐོང་དང་དཔལ་ཡོན་ལག་ལེན་བསྟར་བར་ཁྲིད་སྟོན་བྱས་ནས་ཞིང་སྡེའི་བསམ་བློ་རིག་གནས་ཀྱི་གཡུལ་ས་དམ་པོར་སྲུང་དགོས།
གསར་གཏོད་བྱེད་སྒོ་མང་པོ་སྤེལ་ནས་རིག་གནས་དར་སྤེལ“ཇེ་ལེགས”སུ་འགྲོ་བར་སྐུལ་འདེད་གཏོང་དགོས།ཐང་ཆུ་སྡེ་བའི་རིག་གནས་དྲིལ་བསྒྲགས་ལས་སྒྲུབ་རུ་ཁག་གིས་གོམས་སྲོལ་བསྒྱུར་བ་དང་།ཡུལ་སྲོལ་དཔལ་ཡོན་འཛུགས་སྐྱོང་དང་མང་ཚོགས་ཀྱི་རིག་གནས་བྱེད་སྒོར་ཟུང་འབྲེལ་དམ་ཟབ་བྱས་ནས།དུས་བཀག་ལྟར་དཔེ་ཆ་སྐྱེལ་བ་དང་འཆད་ཁྲིད་བྱེད་པ།སྲིད་ཇུས་སྒྲོག་པ་སོགས་དམངས་ཕན་རིག་གནས་ཞབས་ཞུའི་བྱེད་སྒོ་རབ་དང་རིམ་པ་སྤེལ་ཏེ།རྒྱ་ཆེའི་མི་དམངས་མང་ཚོགས་ཀྱི་འཚོ་བའི་ཁྲོད་དུ་སྤུས་ལེགས་རིག་གནས་ཞབས་ཞུའི་ཐོན་རྫས་བསྐྱལ་ནས་མང་ཚོགས་ཀྱི་རིག་གནས་འཚོ་བ་ཕུན་ཚོགས་སུ་བཏང་ཡོད། དེ་དང་ཆབས་ཅིག་སྡེ་བ་དེ་གའི་མིའི་རིག་ལོ་རྒྱུས་དང་ཡུལ་སྲོལ་གོམས་གཤིས།རིག་གནས་ཀྱི་ནང་དོན་སྔོག་འདོན་དང་བེད་སྤྱོད་གང་ལེགས་བྱས་ཏེ་ཞིང་རྨོའི་རིག་གནས་དང་གཙོད་ཀྱི་རིག་གནས།པད་ཁའི་ལྟ་སྐོར་སོགས་ཐོན་ལས་རིག་གནས་དེ་གྲོང་གསེབ་དར་སྤེལ་དང་ཟུང་འབྲེལ་དམ་ཟབ་བྱས་ནས་རིག་གནས་ཀྱི་ཉིང་བཅུད་མངོན་པར་བྱས་ཡོད།
དྲིལ་བསྒྲགས་ཁྱབ་སྤེལ་དམ་འཛིན་བྱས་ནས་རིག་གནས་དར་སྤེལ“ཇེ་རྒྱས་”སུ་འགྲོ་བར་མངོན་འགྱུར་བྱ་དགོས། ཐང་ཆུས་སྡེ་བའི་ལས་འཛིན་ལྷན་ཚོགས་དང་ལྟ་སྐུལ་ཨུ་ཡོན་ལྷན་ཁང་བཙུགས་ཏེ་གོམས་སྲོལ་བཅོས་བསྒྱུར་ལ་སྐུལ་འདེད་བཏང་ནས་བཀས་བཀོད་རྒྱུད་འཛིན་གྱི་རྨོངས་དད་མེད་པར་བཟོ་དགོས། ཀུན་སྤྱོད་དཔེ་བཟང་གི་སྣེ་ཁྲིད་ནུས་པ་འདོན་སྤེལ་བྱས་ཏེ་ཉེ་འཁོར་གྱི་མི་དང་བྱ་བར་བརྟེན་ནས་ཉེ་འཁོར་གྱི་མང་ཚོགས་ལ་སློབ་གསོ་གཏོང་དགོས།