གསར་འགྱུར་གལ་ཆེན།
རྩོམ་སྒྲིག་པ། ཚེ་གཟུངས་སྐྱིད། ཡོང་ཁུངས། མི་དམངས་ཉིན་རེའི་ཚགས་པར་འཕྲིན་སྟེགས། བཤེར་འབེབས། ཚེ་བརྟན་བཀྲ་ཤིས།
-
ཞི་ཅིན་ཕིང་གིས་ཁྲུང་ཆིང་དུ་རྟོག་ཞིབ་བྱེད་སྐབས། སྒྱུར་བཅོས་སྒོ་དབྱེ་ཁྱོན་ཡོངས་ནས་སྔར་བས་གཏིང་ཟབ་ཏུ་བཏང་ནས། ཀྲུང་གོའི་རྣམ་པའི་དེང་རབས་ཅན་གྱི་ཁྲུང་ཆིང་གི་ལེའུ་ཟམ་མི་ཆད་པར་འབྲི་དགོས་པ་ནན་གྱིས་བསྟན།
-
ཚེས24ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས“ཀྲུང་གོ-ལ་ཏིང་མེ་གླིང་དང་ཅ་ལེ་པིའི་རྒྱལ་ཁབ་ཀྱི་འཇིག་རྟེན་འཕུར་སྐྱོད་མཉམ་ལས་གླེང་སྟེགས”སྐབས་དང་པོར་རྟེན་འབྲེལ་འཕྲིན་ཡིག་སྤྲིངས།
-
རང་རྒྱལ་གྱིས་ཚེས25ཉིན་གྱི་ཆུ་ཚོད20དང་སྐར་མ59ཡི་ཐོག ལྷ་གྲུ་ཨང18པའི་མི་སྡོད་འཕུར་གྲུ་འཕེན་གཏོང་བྱས་པ་དང་། འཇིག་རྟེན་འཕུར་སྐྱོད་པའི་ཚོ་ཆུང་ནི་ཡེ་ཀོང་ཕུའུ་དང་ལི་ཚུང་། ལི་ཀོང་སུའུ་བཅས་འཇིག་རྟེན་འཕུར་སྐྱོད་པ་གསུམ་ལས་གྲུབ་པ་རེད།
-
ལྷ་གྲུ་ཨང་བཅུ་བདུན་པའི་འཇིག་རྟེན་འཕུར་སྐྱོད་པའི་ཚོ་ཆུང་ཚེས30ཉིན་ཏུང་ཧྥིན་ས་ཐོག(东风着陆地)ཏུ་ལོག་རྒྱུ་ཡིན་པ་རེད།
-
རང་རྒྱལ་གྱི་འཇིག་རྟེན་འཕུར་སྐྱོད་པ་ཁག་བཞི་པ་འདེམས་སྒྲུག་ལས་དོན་ལེགས་འགྲུབ་འབྱུང་ལ་ཉེ་བ་རེད། ཁོང་ཚོ་རུ་ཁག་ནང་ཞུགས་རྗེས་དངོས་ཞབས་འཇིག་རྟེན་འཕུར་སྐྱོད་པ་དང་མཉམ་དུ་བར་སྣང་ས་ཚིགས་ཀྱི་རྗེས་མཐུད་ལས་འགན་སྒྲུབ་པ་དང་འབྲེལ་ཀྲུང་གོ་བ་ཟླ་བའི་གོ་ལར་འཛེགས་རྒྱུ་མངོན་འགྱུར་བྱ་རྒྱུ་རེད།
-
ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ལྷན་དང་རྒྱལ་ཁབ་ལྟ་ཞིབ་ཨུ་ལྷན་གྱིས་སྒྲིག་འགལ་ཟ་འཐུང་གི་དཔེ་མཚོན་གནད་དོན་བརྒྱད་ཡོངས་བསྒྲགས་ངང་བརྡ་ཁྱབ་བཏང་བ་རེད།
-
ཀྲུང་དབྱང་སློབ་གསོའི་ལས་དོན་མགོ་ཁྲིད་ཚོགས་ཆུང་གི་དྲུང་ཡིག་ཚོ་ཆུང་གིས་བརྡ་ཐོ་དཔར་འགྲེམས་བྱས་ནས། སློབ་གསོ་སློབ་ཁྲིད་དང་འབྲེལ་བ་མེད་པའི་བྱེད་སྒོ་དང་ལས་ཀ་གང་འདོད་དུ་སློབ་གྲྭར་བསྐྱོད་པའི་གནས་ཚུལ་གཅིག་བསྡུས་ཀྱིས་བཅོས་སྒྲིག་བྱེད་དགོས་པའི་བླང་བྱ་བཏོན་ཡོད།
-
ནོར་སྲིད་པུ་དང་འཕྲལ་སྡོམ་དོ་དམ་པུ་ཡིས་ཀྲུང་དབྱང་གི་རང་བྱུང་གནོད་འཚེ་གེགས་སེལ་མ་དངུལ་སྒོར་དུང་ཕྱུར1.1འཕྲལ་མྱུར་སྔོན་གཏོང་བྱས་ནས་ཅང་ཤིས་དང་ཀོང་ཏུང་། ཀོང་ཤིས་བཅས་ཞིང་ཆེན་གསུམ(རང་སྐྱོང་ལྗོངས)གྱི་ཆུ་ལོག་སྔོན་འགོག་གེགས་སེལ་ལས་དོན་ལ་རྒྱབ་སྐྱོར་བྱས་པ་རེད།
-
ཆུ་བེད་པུས་བརྡ་ཁྱབ་བཏང་དོན། ཆར་པ་དྲག་པོའི་ཤུགས་རྐྱེན་ཐེབས་ནས་ཀྲུའུ་ཅང་གཙང་པོའི་འབབ་རྒྱུད་དུ་ཉེ་ཆར་ཆུ་ལོག་ཐོན་སྲིད་ཅེས་བཤད་པ་རེད།
-
ཚེས24ཉིན། ཕྱི་འབྲེལ་པུའི་མགྲིན་ཚབ་པས་ཀྲུང་གོའི“ཐོན་ནུས་ཆེ་དྲགས་པ”ཞེས་སྨྲ་བ་ནི་སྲུང་སྐྱོང་རིང་ལུགས་ལ་ཁ་གཡར་ས་མཁོ་འདོན་བྱས་པ་ཙམ་རེད། ཀྲུང་གོའི་གློག་སྒུལ་རླངས་འཁོར་སོགས་ནུས་རྒྱུ་གསར་པའི་ཐོན་རྫས་ཕྱི་གཏོང་ལ་ཚོད་འཛིན་བྱེད་པ་དེས“མང་ཙམ་ཕམ་པའི”རྣམ་པ་ལས་ཐོན་རྒྱུ་མེད་ཅེས་བསྟན།
སྤྱི་ཚོགས།
-
སྙན་ཞུ་གསར་ཤོས་ལས་མངོན་པ་ལྟར་ན། 2023ལོར་རང་རྒྱལ་གྱི་གྲངས་འཛིན་དཔེ་ཀློག་སྤྱོད་མཁན་གྱི་གཞི་ཁྱོན་དུང་ཕྱུར5.7ཟིན་ཡོད་པ་རེད།
-
རྒྱལ་ཁབ་པར་དབང་ཅུས་གནས་ཚུལ་སྤེལ་བར་གཞིགས་ན། ཉེ་ཆར་“མཐོང་ཚོར་ཞན་པའི་ཚོགས་སྤྱིའི་དཔེ་ཀློག་གི་པར་དབང་ཞབས་ཞུའི་མཉམ་འབྲེལ་སྒྲིག་གཞི”བཙུགས་ནས་མཐོང་ཚོར་ཞན་པའི་ཚོགས་སྤྱིའི་དཔེ་ཀློག་གི་ཁེ་དབང་འགན་སྲུང་ལ་སྐུལ་འདེད་གཏོང་རྒྱུ་ཡིན་པ་རེད།
-
ཉེ་ཆར། ཨན་ཧུའེ་ཞིབ་དཔྱོད་ལས་ཁུངས་ཀྱིས་ཁྲིམས་ལྟར་ཧྲང་ཧའེ་གྲོང་ཁྱེར་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་དེ་སྔའི་ཏང་ཙུའུ་ཧྲུའུ་ཅི། ཀྲུའུ་རེན་ཏུང་ཡུན་ཧུའུ་ཡིས་ལྐོག་རྔན་བླངས་པའི་གྱོད་གཞིར་གཞུང་གཏུག་བྱས་པ་རེད།
-
ཚེས24ཉིན། ཧྲན་ཏུང་ཅི་ནན་འབྲིང་རིམ་མི་དམངས་ཁྲིམས་ཁང་གིས་འདྲི་གཅོད་དང་པོའི་ཁྲིམས་ར་ཡོངས་བསྒྲགས་ངང་འཚོགས་ནས་ཀྲུང་གོ་དངུལ་ཁང་མ་རྐང་ཚད་ཡོད་ཀུང་སིའི་དེ་སྔའི་ཏང་ཨུའི་ཧྲུའུ་ཅི། ཏུང་ཧྲི་ཀྲང་ལིའུ་ལན་ཀེ་ཡིས་ལྐོག་རྔན་བླངས་པ་དང་ཁྲིམས་འགལ་ངང་དངུལ་བུན་སྤྲད་པའི་གྱོད་གཞིར་ཞིབ་བཤེར་བྱས།
-
འབྲི་ཆུའི་ཟུར་གསུམ་གླིང་ལྕགས་ལམ་གྱིས“ལྔ་གཅིག”གུང་གསེང་གི་སྐྱེལ་འདྲེན་ཇུས་གཞི་བཏོན་པ་དང་། སྔོན་དཔག་བྱས་ན་ཉིན་རེར་འགྲུལ་པ་མི་ཐེངས་ཁྲི340ཡན་སྐྱེལ་འདྲེན་བྱ་རྒྱུ་ཡིན་པས་ཉིན་རེར་འགྲུལ་པ་སྐྱེལ་འདྲེན་བྱས་པ་ཆེས་མང་བའི་གུང་གསེང་གི་སྐྱེལ་འདྲེན་ཐེངས་ཤིག་རེད།
-
འབྲི་ཆུའི་འགག་གསུམ་ཚོགས་པས་གནས་ཚུལ་སྤེལ་བར་གཞིགས་ན། འཛམ་གླིང་གི་ནུས་རྒྱུ་གཙང་མའི་བར་ཁྱམས་བཟོ་ལས་ཀྱི་དྲ་སྦྲེལ་སྟེགས་བུ་ཆེ་ཤོས་དེ་འབྲི་ཆུའི་ཆུ་རྒྱུན་གཙོ་བོའི་སྐས་རིམ་ཆུ་ཤུགས་གློག་ཁང་དྲུག་ཏུ་བཀོད་སྒྲིག་ལེགས་གྲུབ་བྱུང་ཡོད།
-
ཧྲེན་ཀྲེན་གྱི་ས་ཁང་བདག་ཁོངས་ཀྱི་སྡེ་ཚན13གྱིས་ཚོང་ཟོག་སྡོད་ཁང་གི“རྙིང་པ་གསར་པར་བརྗེ་བའི”བྱེད་སྒོ་སྤེལ་ནས་སྡོད་ཁང་ཉོ་ཚོང་གི་སྟབས་བདེ་ཆེ་རུ་ཕྱིན་ཡོད།
-
རང་རྒྱལ་གྱི་ཚན་ཞིབ་མི་སྣས་མིའི་རིགས་ཀྱི་ཐོག་མའི་སྦྲུམ་རྟེན་འཚར་སྐྱེ་སྙོམས་སྒྲིག་གི་རྐྱེན་རྩ་གསལ་སྟོན་བྱས་ནས་འབྲེལ་ཡོད་ཁྱབ་ཁོངས་ཀྱི་སྟོང་ཆ་གསབ་ཡོད། ཞིབ་འཇུག་གྲུབ་འབྲས་ཉིན་ཤས་གོང་རྒྱལ་སྤྱིའི་རིག་གཞུང་དུས་དེབ《ཕྲ་ཕུང》ཐོག་སྤེལ་ཡོད་པ་རེད།
-
དོམ་ཁྲ“ཅིན་ཞི”དང་“ཀྲུ་མོ”ཚེས29ཉིན། སི་ཕེན་གྱི་མ་ཏེ་རི(西班牙马德里)སྲོག་ཆགས་གླིང་དུ་བསྐྱོད་དེ་དུས་ཡུན་ལོ10ཡི་འཚོ་བ་སྐྱེལ་མགོ་འཛུགས་རྒྱུ་ཡིན་པ་རེད།
སྲིད་ཇུས།
-
ཐེན་ཅིན་གྱིས་ཇུས་གཞི་ཁྱབ་བསྒྲགས་བྱས་ནས་གཞི་ཁྱོན་ཆེ་བའི་སྒྲིག་ཆས་གསར་བརྗེས་དང་འཛད་རྫས་རྙིང་པ་གསར་བརྗེས་བྱ་རྒྱུར་སྐུལ་འདེད་གཏོང་བའི་ནང་། སྔར་ཡོད་སྡོད་ཁང་ལ་གློག་སྐས་བསྣན་ནས་གྲོང་མིས་ཁང་པ་རྙིང་པ་མཛེས་བཟོ་དང་ཐབ་ཚང་དང་གསང་སྤྱོད་སོགས་ཆ་ཤས་སྒྱུར་བཀོད་བྱ་རྒྱུར་རྒྱབ་སྐྱོར་བྱ་རྒྱུ་ཡིན་པ་རེད།
-
ཧྲང་ཧའེ་ཡིས་མཚེ་མ་གསུམ་ཡན་བཙའ་བའི་ཁྱིམ་ཚང་ལ་འཚོ་བའི་ཁ་གསབ་རོགས་དངུལ་སྤྲོད་ཀྱི་ཡོད་པ་དང་། ཁ་གསབ་རོགས་དངུལ་གྱི་ཚད་གཞི་ནི་ཟླ་རེར་སྒོར1970ཡིན། སྒྲིག་སྲོལ་གསར་པ་འདི་ཟླ5ཚེས1ཉིན་ནས་བཟུང་ལག་བསྟར་བྱ་རྒྱུ་ཡིན་པ་རེད།
-
ཧའེ་ནན་གྱིས་འགག་སྒོའི་ཚོང་གཉེར་ཁོར་ཡུག་ལེགས་སུ་གཏོང་བའི་སྲིད་ཇུས་གསར་པ་ཁྱབ་བསྒྲགས་བྱས་ནས་བླང་བྱ་དང་མཐུན་པའི་བཟའ་བཅའི་ནད་ཡམས་ཞིབ་བཤེར་ཞིབ་མཆན་ལ“སྙན་ཞུ་འཕྲལ་མཆན”སོགས་བྱེད་ཐབས25ལག་བསྟར་བྱེད་དགོས་ཞེས་བཏོན་ཡོད་པ་རེད།
དེ་རིང་གི་གནམ་གཤིས།
-
ཀུའེ་ཀྲོའུ་དབུས་ཤར་རྒྱུད་དང་། ཧུའུ་ནན་ལྷོ་རྒྱུད། ཅང་ཤིས་ལྷོ་རྒྱུད། ཧྥུའུ་ཅན་ལྷོ་རྒྱུད། ཀོང་ཞི་བྱང་རྒྱུད་དང་ཤར་རྒྱུད། ཀོང་ཏུང་དབུས་ཤར་རྒྱུད་སོགས་ས་ཁུལ་ཁ་ཤས་སུ་དྲག་ཆར་ཆེན་པོ་འབབ་པ་དང་། དེའི་ནང་། ཀོང་ཞིའི་བྱང་ཤར་རྒྱུད་དང་ཀོང་ཏུང་ནུབ་བྱང་རྒྱུད་དང་དབུས་ཤར་རྒྱུད་སོགས་ས་ཁུལ་ཁ་ཤས་སུ་དྲག་ཆར་འབབ་རྒྱུ་དང་། ས་ཁུལ་ཁ་ཤས་སུ་དྲག་ཆར་ཆེན་པོ་འབབ་རྒྱུ་རེད།