གངས་ལྗོངས་མེ་ལོང་དྲ་བའི་དྲ་ལམ་ཞོགས་འཕྲིན།
发布时间:2024年05月23日
消息来源:
རྩོམ་སྒྲིག་པ། ཚེ་གཟུངས་སྐྱིད། ཡོང་ཁུངས། གངས་ལྗོངས་འཕྲིན་གསར། བཤེར་འབེབས། ཚེ་བརྟན་བཀྲ་ཤིས།
དྲ་ལམ་ཞོགས་འཕྲིན།,雪域头条,4分钟
ཟླ5པའི་ཚེས22ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་སུའུ་ལེན་ལ་གློག་འཕྲིན་སྤྲིངས་ནས་ཁོས་ཝེ་ཐེ་ནམ་སྤྱི་ཚོགས་རིང་ལུགས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཀྲུའུ་ཞིའི་འགན་བཞེས་པར་རྟེན་འབྲེལ་ཞུས།
ཟླ5པའི་ཚེས22ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཀྲུང་གོ་དང་ཨ་རིའི་ཡུལ་སྐོར་མཐོ་རིམ་གླེང་མོལ་སྐབས་བཅུ་བཞི་པ་མགོ་བརྩམས་པར་འཕྲིན་ཡིག་སྤྲིངས།ཟླ5པའི་ཚེས21ཉིན། ཅི་ཧྲི་ཧྲན་གྱི་ཚད་རིམ6.2ས་ཡོམ་གྱི་མཚོ་སྔོན་ཡོམ་ཁུལ་གྱི་གནོད་རྗེས་སླར་གསོ་བསྐྱར་འཛུགས་བྱ་བའི་མགོ་ཁྲིད་ཚན་ཆུང་གི་གྲོས་ཚོགས་མཚོ་ཤར་གྲོང་ཁྱེར་མེན་ཧི་ཧོས་རིགས་ཧོར་རིགས་རང་སྐྱོང་རྫོང་དུ་བསྡུས་ཏེ། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་གནོད་རྗེས་བསྐྱར་འཛུགས་བྱ་བའི་མགོ་ཁྲིད་ཚན་ཆུང་གི་ཚན་གཙོ་ཁྲིན་ཀང་གིས་གཏམ་བཤད་པ་དང་། ཞིང་ཆེན་གནོད་རྗེས་བསྐྱར་འཛུགས་བྱ་བའི་མགོ་ཁྲིད་ཚན་ཆུང་གི་ཚན་གཙོ་གཞོན་པ། ཧྲིན་ཀྲང་ཝུའུ་ཞའོ་ཅུན་གྱིས་གྲོས་ཚོགས་ལ་མགོ་འཛིན་བྱས།ནོར་སྲིད་པུའུ་དང་། ཞིང་ལས་ཞིང་སྡེ་པུའུ། དངུལ་རྩའི་ལྟ་སྐུལ་དོ་དམ་སྤྱི་ཁྱབ་ཅུས་བཅས་ཀྱི་བརྡ་ཁྱབ་ལྟར་ན། 2024ལོ་ནས་བཟུང་རྒྱལ་ཡོངས་སུ་ཆུ་འབྲས་དང་གྲོ མ་རྨོས་ལོ་ཏོག་བཅས་འབྲུ་རིགས་ལོ་ཏོག་ཆེན་པོ་གསུམ་གྱི་མ་གནས་ཆ་ཚང་འགན་བཅོལ་དང་འདེབས་འཛུགས་ཡོང་འབབ་འགན་བཅོལ་སྲིད་ཇུས་ཁྱོན་ཡོངས་ནས་ལག་བསྟར་བྱ་རྒྱུ་རེད།ད་ལོའི་ཟླ་དང་པོ་ནས་ཟླ་བཞི་བའི་བར་རྒྱལ་ཡོངས་ལྕགས་ལམ་གྱི་གཏན་འཇགས་རྒྱུ་ནོར་དངུལ་གཏོང་བྱེད་ཚད་སྒོར་དུང་ཕྱུར1849ལེགས་འགྲུབ་བྱུང་བ་དང་། ན་ནིང་གི་དུས་མཉམ་ལས10.5%འཕར་ཡོད་པ་རེད།ཟླ5ཚེས21ཉིན། གསར་འགོད་པས་ཞིང་ཆེན་ཆུ་བེད་ཐིན་ནས་ཤེས་རྟོགས་ལྟར་ན། ལོ་བཅུའི་རིང་། མཚོ་སྔོན་གྱིས་རྒྱལ་ཁབ་ཀྱི་ཆུ་གྲོན་ཆུང་བྱ་སྤྱོད་ཁྱོན་ཡོངས་ནས་ལག་བསྟར་བྱས་ཏེ། འདས་པའི་ལོ་བཅུའི་རིང་ཞིང་ཆེན་ཡོངས་ཀྱིས་རིམ་རྩིས་ལྟར་ན་ཆུ་སྨིད་རྒྱ་དཔངས་གྲུ་བཞི་མ་དུང་ཕྱུར་ལྔ་བྱེ་བ་གཉིས་གྲོན་ཆུང་བྱས་ཡོད།ཟླ5ཚེས20ཉིན། གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་འབྲི་ཆུའི་འགོ་ཁུངས(ཨ་ཆེན་གངས་རྒྱབ)གླིང་ཁུལ། རྒྱལ་ཁབ་སྤྱི་གླིང་འབྲི་སྟོད་བཅོས་སྐྱོང་དོ་དམ་ཁྲུའུ་ཐོན་ཁུངས་ཁོར་ཡུག་ཁྲིམས་འཛིན་ཅུས་ཀྱིས《འབྲི་ཆུའི་འགོ་ཁུངས་གླིང་ཁུལ་གྱི་ལྟེ་བའི་སྲུང་སྐྱོང་ཁུལ་དུ་ཡུལ་སྐོར་དང་། མྱུལ་དཔྱད། བགྲོད་བརྒལ་སོགས་ཀྱི་བྱེད་སྒོ་སྤེལ་མི་ཆོག་པའི་སྐོར་གྱི་བརྡ་ཐོ》ཁྱབ་བསྒྲགས་བྱས་ཡོད་པ་རེད།གསར་གཏོད་ཀྱི་ལས་གཞི1500ལྷག་ཙམ་སྐབས27པའི་རྒྱལ་ཡོངས་གསར་གཏོད་འགྲེམས་སྟོན་ཚོགས་འདུའི་སྟེང་འགྲེམ་སྟོན་བྱས།
ཟླ5པའི་ཚེས20ཉིན། གསར་འགོད་པས་མཚོ་སྔོན་འགྲིམ་འགྲུལ་ལས་རིགས་ལག་རྩལ་སློབ་གླིང་ནས་ཤེས་རྟོགས་བྱུང་བ་ལྟར་ན།
སློབ་གླིང་དེའི་སློབ་མ་མཱ་ཉིང་ལ་སྐབས་དང་པོའི་རྒྱལ་ཡོངས་སློབ་ཆེན་སློབ་མའི་ལས་རིགས་འཆར་འགོད་འགྲན་སྡུར་ཆེན་མོའི་ཁྲོད་དངུལ་གྱི་རྟགས་མ་ཐོབ་པ་དང་ཕུལ་བྱུང་ཁེ་ལས་ཀྱིས་སྤྲད་པའི་དངོས་སྦྱོང་འདོད་བློ་ཡི་གེ་ཡང་ཐོབ་ཡོད་པ་རེད།
2024ལོའི་མཚོ་སྔོན་ཞིང་ཆེན་གྱི་སློབ་ཆེན་སློབ་མའི་དང་བླངས་ཞབས་ཞུའི་ནུབ་རྒྱུད་འཆར་གཞིའི་ས་གནས་རྣམ་གྲངས་ཀྱི་མཚོ་སྔོན་ལྷོ་རྒྱུད་འཆར་གཞི་དང་། གཞི་རིམ་གཞོན་ནུའི་ཆེད་དོན་བསྡུ་ལེན་ཡིག་རྒྱུགས2024ལོའི་ཟླ6པའི་ཚེས1ཉིན་ལེན་རྒྱུ་རེད།