རྟེན་འབྲེལ་ཞུ། མཚོ་སྔོན་ཞིང་ཆེན་གྱི་འཐུས་ཚབ་རུ་ཁག་གིས་ཨང་དང་པོ་མང་པོ་བླངས་འདུག
发布时间:2024年06月11日 消息来源:

རྩོམ་སྒྲིག ཚེ་གཟུངས་སྐྱིད། ཡོང་ཁུངས། མཚོ་བྱང་མདོ་ལ་བོད་ཡིག་ཚགས་པར། བཤེར་འབེབས། ཚེ་བརྟན་བཀྲ་ཤིས།

ཟླ6པའི་ཚེས8ཉིན་གྱི་ཕྱི་དྲོར། ཉིན5ཡི་འགྲན་སྡུར་ཐེངས34བྱས་པ་བརྒྱུད། རྒྱལ་ཡོངས་དམངས་ཡོངས་ལུས་སྦྱོང་འགྲན་ཆེན(ནུབ་བྱང་འགྲན་ཁུལ)གྱི་ལག་རྩལ་སྤོ་ལོའི་འགྲན་སྡུར་སྐབས་དང་པོ་མཚོ་སྔོན་ལུས་རྩལ་ལྟེ་གནས་ཕྱོགས་བསྡུས་ཁང་དུ་མཇུག་སྒྲིལ། ཧྲན་ཤིས་དང་ཀན་སུའུ། མཚོ་སྔོན། ཉིང་ཞ་ཧུའེ་རིགས་རང་སྐྱོང་ལྗོངས། ཤིན་ཅང་ཡུ་གུར་རང་སྐྱོང་ལྗོངས། ཤིན་ཅང་ཐོན་སྐྱེད་འཛུགས་སྐྲུན་དཔུང་ཚོགས་བཅས་ཀྱི་ལག་རྩལ་སྤོ་ལོའི་རུ་ཁག16མཚོ་སྔོན་ཟི་ལིང་དུ་འཛོམས་ནས་འགྲན་སྡུར་བྱས་པ་དང་མཚོ་སྔོན་ཞིང་ཆེན་འཐུས་ཚབ་རུ་ཁག་གིས་རྒྱལ་ཡོངས་དམངས་ཡོངས་ལུས་སྦྱོང་འགྲན་སྡུར་སྐབས་དང་པོའི(ནུབ་བྱང་འགྲན་ཁུལ)ལག་རྩལ་སྤོ་ལོའི་འགྲན་སྡུར་སྟེང་མི་ལྔའི་ལམ་ལུགས་ཀྱི་སྐྱེས་པའི་ཚོ་ཆུང་དང་མི་གསུམ་ལམ་ལུགས་ཀྱི་སྐྱེས་པའི་ཚོ་ཆུང་། མི་གསུམ་ལམ་ལུགས་ཀྱི་བུད་མེད་ཚོ་ཆུང་གསུམ་གྱིས་ཨང་དང་པོ་བླངས།

    图片
བྱ་དགའ་ཐོབ་པའི་གྲུབ་འབྲས་ཁྱབ་བསྒྲགས་བྱས་པ།

                

图片

                              མི་གསུམ་ལམ་ལུགས་ཀྱི་བུད་མེད་ཚོ་ཆུང་།

                          ཨང་དང་པོ། མཚོ་སྔོན་ཞིང་ཆེན་འཐུས་ཚབ་རུ་ཁག

图片

མི་ལྔའི་ལམ་ལུགས་ཀྱི་བུད་མེད་ཚོ་ཆུང་།

ཨང་དང་པོ། ཧྲན་ཤིས་ཞིང་ཆེན་གྱི་འཐུས་ཚབ་རུ་ཁག

图片

མི་གསུམ་ལམ་ལུགས་ཀྱི་སྐྱེས་པའི་ཚོ་ཆུང་།

ཨང་དང་པོ། མཚོ་སྔོན་ཞིང་ཆེན་འཐུས་ཚབ་རུ་ཁག

            图片

མི་ལྔའི་ལམ་ལུགས་ཀྱི་སྐྱེས་པའི་ཚོ་ཆུང་།

ཨང་དང་པོ། མཚོ་སྔོན་ཞིང་ཆེན་འཐུས་ཚབ་རུ་ཁག