【མེས་རྒྱལ་བཟང་། ཕ་ཡུལ་མཛེས།】མཛེས་པའི་སྙན་པ་ཕྱོགས་བཅུར་འཕྲོས་པའི་མཚོ་སྔོན་པོ།
发布时间:2024年06月18日
消息来源:
རྩོམ་སྒྲིག ཚེ་གཟུངས་སྐྱིད། ཡོང་ཁུངས། མཚོ་བྱང་མདོ་ལ་བོད་ཡིག་ཚགས་པར། བཤེར་འབེབས། ཚེ་བརྟན་བཀྲ་ཤིས།
མཚོ་སྔོན་པོ་ནི་མཚོ་བོད་མཐོ་སྒང་གི་བྱང་ཤར་རྒྱུད་དུ་ཁྲ་ལམ་མེར་འཁྱིལ་བའི་འོད་ཆེམ་ཆེམ་གྱི་མུ་ཏིག་དེ་ཡིན། དེས་ཡངས་ཤིང་རྒྱ་ཆེ་བའི་དམིགས་བསལ་གྱི་སྐྱེ་ཁམས་འདིའི་བདེ་འཇགས་སྲུང་ཡོད། གནས་འདིར། མཐོ་སྒང་གི་སྐྱེ་དངོས་ཕུན་སུམ་ཇེ་ཚོགས་སུ་ཕྱིན་པས་དུས་བྱ་ཡིས་གནས་སྤོ་དང་ངལ་གསོ། སྐྱེ་འཕེལ་བཅས་བྱེད་བཞིན་ཡོད།


འབབ་རྒྱུད་ནང་རྩྭ་ཐང་དང་ནགས་ཚལ། བྱེ་ཐང་། མཐོ་སྒང་གི་ཆུ་རྒྱུན། མཚེའུ་བརླན་ས་སོགས་མཉམ་འདུས་སྐྱེ་ཁམས་མ་ལག་གིས་གདོད་མའི་སྐྱེ་ཁམས་བཟང་པོ་རྒྱུན་འཁྱོངས་བྱས་ཡོད་ལ་རང་བྱུང་སྐྱེ་ཁམས་མ་ལག་གི་རྒྱ་ཁྱོན98.72%བཟུང་ཡོད། མཚོ་སྔོན་པོའི་འབབ་རྒྱུད་ཀྱི་རྒྱ་ཁྱོན80%ཡན་གྱི་སྐྱེ་ཁམས་མ་ལག་གི་གདོད་མའི་རང་བཞིན་ཅུང་མཐོ་བ་དང་། དེ་ནི་རང་རྒྱལ་གྱི་ནང་བཞུར་ཆུ་བོའི་ཁུལ་གྱི་ཆུ་འཁོར་རྒྱུག་གི་ཆུའི་སྐྱེ་ཁམས་བརྒྱུད་རིམ་ཆ་ཚང་གི་དཔེ་མཚོན་ས་ཁོངས་ཤིག་རེད། ཁྱད་ལྡན་མཐོ་སྒང་གི“ཆུ-རྩྭ-ཉ-བྱ-གཅན་གཟན”མཉམ་གནས་ཀྱི་སྐྱེ་ཁམས་འབྲེལ་ཐག་དམིགས་བསལ་ལྡན་ཡོད་པས་སྐྱེ་ཁམས་མ་ལག་གི་དཔེ་མཚོན་རང་བཞིན་དང་མ་ལག་རང་བཞིན། གདོད་མའི་རང་བཞིན། ཆ་ཚང་རང་བཞིན་བཅས་དང་རྒྱལ་ཁབ་ཀྱི་མཚོན་བྱེད་རང་བཞིན་ལྡན་ཡོད།




མཚོ་སྔོན་པོའི་དུས་བཞིའི་མཛེས་ལྗོངས་མི་འདྲ་སྟེ། ལོ་རེའི་ཟླ4པར་མཚོ་སྔོན་པོའི་མཚོ་དར་ཞུ་མགོ་རྩོམ། དབྱར་ཁར་གསེར་ཉ་རྣམས་ཕྱིར་སྐྱོད་བྱེད་པའི་རྣམ་པས་མི་རྣམས་ཧང་སངས་སུ་འཇུག མཚོ་འགྲམ་ནས་རྒྱང་ལྟ་བྱས་ཚེ། རྒྱང་རིང་གི་རི་རྒྱུད་དང་མཚོ་རླབས། གསེར་ཉའི་འཁྱུག་འགྲོས་དང་འདབ་ཆགས་ཀྱི་འཕུར་ལྡིང་མཐོང་ཐུབ། སྟོན་ཁ་དང་དགུན་ཁའི་དུས་སུ་རི་ཚོགས་ཀྱིས་དངུལ་དཀར་གྱི་ལྭ་བ་མནབས་ནས་མཚོ་སྔོན་པོ་ལ་མཚོ་དར་ཆགས་མགོ་རྩོམ། གནས་འདིར་སྐྱེ་ཁམས་དང་རང་བྱུང་ཁམས་འཆམ་མཐུན་མཉམ་གནས་ཀྱི་མཚར་སྡུག་གི་རི་མོ་བྲིས་ནས་མཐོ་སྒང་གི་སྐྱེ་ཁམས་ཀྱི་མཛེས་སྡུག་མངོན་ཡོད།