ཟླ་བའི་གོ་ལ་ནས་ཤེས་རྟོགས་འདི་བྱུང་བ།
发布时间:2024年06月26日 消息来源:

རྩོམ་སྒྲིག ཚེ་གཟུངས་སྐྱིད། ཡོང་ཁུངས། མི་དམངས་དྲ་བ། བཤེར་འབེབས། ཚེ་བརྟན་བཀྲ་ཤིས།

rrrrrr

     ཉེ་ཆར། རང་རྒྱལ་གྱི་ཚན་ཞིབ་མི་སྣས་ཟླ་བའི་ལྷ་མོ་ཨང་ལྔ་པས་བྲག་རྡོའི་ས་རིས་སྔོག་འདོན་བྱས་པར་ལྟ་ཞིབ་དང་དབྱེ་ཞིབ་བྱས་པ་བརྒྱུད། རང་བྱུང་དུ་གྲུབ་པའི་རིམ་ཉུང་གི་རྡོ་སྣག་སིན་ཐོག་མར་ཤེས་རྟོགས་བྱུང་བ་རེད། འབྲེལ་ཡོད་ཞིབ་འཇུག་གིས་ཟླ་བའི་གོ་ལའི་ས་གཤིས་འགུལ་སྐྱོད་དང་རིམ་འགྱུར་གྱི་ལོ་རྒྱུས། དེ་བཞིན་ཟླ་བའི་གོ་ལའི་ཁོར་ཡུག་གི་ཁྱད་ཆོས་བཅས་ལ་ལྟ་ཚུལ་གསར་པ་མཁོ་འདོན་བྱས་པ་དང་། མི་རྣམས་ཀྱིས་ཟླ་བའི་གོ་ལའི་རྙོག་འཛིང་ཆེ་བའི་གཏེར་དངོས་གྲུབ་ཆར་ཤེས་རྟོགས་བྱེད་རྒྱ་ཆེ་རུ་བཏང་བ་དང་། ཟླ་བའི་གོ་ལའི་སྔར་གནས་ཐོན་ཁུངས་བེད་སྤྱོད་བྱ་རྒྱུར་ཆ་འཕྲིན་དང་ཁུངས་སྣེ་གལ་ཆེན་མཁོ་འདོན་བྱས་ཡོད་པ་རེད།