རབ་མཛེས་མཚོ་སྔོན་གྱི་མཛེས་པ།
འཛམ་གླིང་ཡང་རྩེ་དང་མཚོ་བོད་མཐོ་སྒང་གི་གྲུབ་ཆ་གཙོ་བོ་ཞིག་ཡིན་པའི་ཆ་ནས། མཚོ་སྔོན་ལ་ཆུ་དང་གཙང་བོའི་འབབ་རྒྱུན་རིང་ལ། རི་དང་མཚོ་མོའི་རྣམ་པ་མང་། བརྗིད་ཆགས་ལ་ཡིད་དུ་འོང་བའི་རང་བྱུང་གི་བཀོད་པ་ངོ་མཚར་བ་དུ་མས“རབ་མཛེས”ཀྱི་ཉམས་སྣང་ཅི་ཡང་མངོན། མཚོ་སྔོན་ལ་གཙང་གསུམ་འབྱུང་ཡུལ་དང་ཀྲུང་ཧྭའི་ཆུ་ལྕོག་ཏུ་བསྙད་ལ། རྨ་འབྲི་རྫ་གསུམ་གྱི་འབྱུང་ཁུངས་ཡིན། ལོ་མང་པོའི་རིང་ལ། མཚོ་སྔོན་གྱིས“གཙང་ཆུ་དྭངས་མོ་ཤར་དུ་བཞུར་བར་བྱེད་པའི”འགན་འཁྲི་ཕྲག་ཏུ་བླངས་ཏེ། ལོ་རེར་སྨད་རྒྱུད་ཀྱི་ཕྱོགས་སུ་ཆུ་སྨི་ལྷམ་པ་དུང་ཕྱུར600ལྷག་འདྲེན་བཞིན་ཡོད།






མཚོ་སྔོན་པོ་དང་ཚྭ་ཁ་ཚྭ་མཚོ། མདོ་ལ་རྩྭ་ཐང་སོགས་ཀྱི་འདྲ་པར་རེ་རེ་དང་བརྙན་མིག་རེ་རེ་དྲ་ཐོག་ཏུ་ཁྱབ་པ་དང་བསྟུན་ནས། དྲ་གྲོགས་མང་པོས་གནས་དེ་དག“མཐོ་སྒང་གི་དབང་སྔོན”དང“ནམ་མཁའི་མེ་ལོང་།”“ཤར་ཕྱོགས་ཀྱི་སུའེ་ཙེར”སོགས་ཀྱི་མིང་གིས་བསྟོད་པར་མ་ཟད། ཚེ་འདིར་ངེས་པར་འགྲོ་དགོས་པའི་ས་ཆའི་གྲས་སུ་བཀོད་ཡོད་པས། གནས་དེ་དག་མཚོ་སྔོན་གྱི་མིང་བྱང་རེ་རེར་གྱུར་ཡོད།