མཚོ་སྔོན་གྱིས་རྒན་གསོའི་ཞབས་ཞུ་སྤུས་ཚད་མཐོན་པོའི་ངང་འཕེལ་བར་སྐུལ་འདེད་མགྱོགས་པོ་གཏོང་རྒྱུ་རེད།
发布时间:2024年08月12日 消息来源:

རྩོམ་སྒྲིག ཚེ་གཟུངས་སྐྱིད། ཡོང་ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར། བཤེར་འབེབས། ཚེ་བརྟན་བཀྲ་ཤིས། 

ཟླ6པའི་ཚེས16ཉིན།“མཐོ་སྒང་གི་ཁྱད་ཆོས་ལྡན་པའི་རྒན་གསོ་ཞབས་ཞུའི་མཚོ་སྔོན་གྱི་མ་དཔེ་གཏོད་པ་དང་།མཚོ་སྔོན་ཞིང་ཆེན་གྱི་རྒན་གསོའི་ཞབས་ཞུ་སྤུས་ཚད་མཐོ་བའི་སྒོ་ནས་འཕེལ་རྒྱས་གཏོང་བའི་ལོ་གསུམ་གྱི་འགུལ་སྐྱོད་འཆར་གཞི(2024—2026 ལོའི་བར)》 ལག་བསྟར་བྱེད་པར་དམིགས་ཏེ། མ་འོངས་པའི་ལོ་གསུམ་རིང་གི་ཞིང་ཆེན་ཡོངས་ཀྱི་རྒན་གསོའི་ཞབས་ཞུ་བྱ་བའི་སྤྱིའི་བླང་བྱ་དང་། གཙོ་གནད་ལས་འགན། འགན་སྲུང་བྱེད་ཐབས་བཅས་བཏོན་ནས་ཞིང་ཆེན་ཡོངས་ཀྱི་རྒན་གསོའི་ཞབས་ཞུ་སྤུས་ཚད་མཐོ་བའི་སྒོ་ནས་འཕེལ་རྒྱས་གཏོང་བར་སྐུལ་འདེད་མགྱོགས་པོ་གཏོང་རྒྱུ་ཡིན”ཞེས་ཞིང་ཆེན་དམངས་སྲིད་ཐིང་རྒན་གསོ་ཞབས་ཞུ་ཁང་གི་མགོ་གཙོ་ཝང་ཅུན་གྱིས་ངོ་སྤྲོད་བྱས།

མཚོ་སྔོན་གྱིས་རྒས་ན་འཚོ་རྟེན་ཡོད་པ་དང་། རྒས་ན་སྨན་བཅོས་ཐུབ་པ། རྒས་ན་ལས་རྒྱུ་ཡོད་པ། རྒས་ན་སློབ་ས་ཡོད་པ། རྒས་ན་སྤྲོ་སྣང་ཡོད་པ་བཅས་ཀྱི་དམིགས་འབེན་མངོན་འགྱུར་བྱེད་པར་དམིགས་ནས། “སྡེ་ཁུལ་གྱི་སེ་འབྲུའི་ཁྱིམ་གཞིས”འཛུགས་སྐྲུན་བྱེད་པར་སྐུལ་འདེད་གཏོང་བ་དང་། རྒན་གསོ་ཞབས་ཞུའི་སྤུས་ཚད་མཐོར་འདེགས་གཏོང་བར་བརྟེན་ནས་རྒན་གསོའི་བྱ་གཞག་ཕྱོགས་ཡོངས་ནས་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་བྱ་གཞག་ནང་འདྲེས་པར་སྐུལ་འདེད་བཏང་ནས། རིགས་སོ་སོའི་མང་ཚོགས་ལ་དངོས་གནས་དོན་དངོས་བསྒྲུབ་པ་དང་བདེ་སྐྱིད་བསྐྲུན་རྒྱུ། ཧུར་ཐག་གིས“སྐར་མ་བཅོ་ལྔའི་རིང་གི་འཚོ་བའི་ཁོར་ཡུག”འཛུགས་སྐྲུན་བྱས་ཏེ། ནུས་མང་གཞི་གཅིག་ཅན་གྱི་ཕྱོགས་བསྡུས་རྒན་གསོ་ཞབས་ཞུའི་སྒྲིག་ཆས་ཁག་ཅིག་གཙོ་བོར་བཟུང་ནས་བསྐྲུན་པ་དང་། 2026ལོའི་བར་སྡེ་ཁུལ་གྱི་ཁྱིམ་སྡོད་རྒན་གསོ་ཞབས་ཞུའི་ཁེབས་ཚད100%ལ་བསླེབ་པ་དང་། གསར་དུ་འཛུགས་སྐྲུན་བྱས་པའི་མཁར་ཁུལ་དང་སྡོད་ཁུལ་དུ་རྒན་གསོ་ཞབས་ཞུའི་སྒྲིག་ཆས་སྒྲིག་སྦྱོར་བྱེད་ཚད100%ལ་བསླེབ་པར་བྱ་རྒྱུ་རེད། ཞིང་ཆེན་ཡོངས་ཀྱི་གྲོང་ཁྱེར་དང་སྡེ་ཁུལ་གྱི་རྒན་པར་ཟ་མ་ལས་པའི་རོགས་སྐྱོར་ཞབས་ཞུ་ཁྱོན་ཡོངས་ལ་ཁྱབ་པར་བྱེད་པ་དང་། ལོ་རེར་ཆེས་དཀའ་ཁག་ཆེ་བའི་རྒན་པའི་ཁྱིམ་ཚང1000ལ་རྒན་པར་འཚམ་པའི་ཁོར་ཡུག་ཅན་དུ་ལེགས་སྒྱུར་བྱ་རྒྱུ་རེད།

གཞུང་སྒྲུབ་རྒན་གསོ་སྒྲིག་གཞིའི་རྨང་གཞི་རང་བཞིན་གྱི་ནུས་པ་ཆེ་རུ་གཏོང་བ་དང་། ཆེས་དཀའ་ཁག་ཡོད་པའི་རྒན་པར་བདག་སྐྱོང་གང་ལེགས་བྱས་ཏེ། 2026ལོའི་ལོ་མཇུག་བར་དུ་རྫོང་དང་། གྲོང་ཁྱེར། ཆུས་སོ་སོར་ཉུང་མཐའ་ཡང་རྫོང་རིམ་པའི་བྱ་བའི་ནུས་པ་ཤོར་བའི་ཆེས་དབུལ་དམིགས་བསལ་མི་སྣའི་ཞབས་ཞུ་འདོན་སྤྲོད་ལས་ཁུངས1རེ་འཛུགས་སྐྲུན་བྱ་རྒྱུ་དང་།རྒན་གསོ་ལས་ཁུངས་ཀྱི་བདག་སྐྱོང་མལ་ཁྲི70%ལས་མི་ཉུང་བ་དང་། ཞང་དང་གྲོང་རྡལ་སྲང་ལམ་གྱི་རྒན་གསོ་ཞབས་ཞུའི་སྒྲིག་བཀོད་ཁྱབ་ཚད་ཀྱིས50%ཟིན་དུ་འཇུག་རྒྱུ་རེད། ཞིང་སྡེའི་རོགས་རེས་བདེ་སྐྱིད་གླིང་དང་། ཞང་དང་གྲོང་རྡལ་གྱི་རྒན་བཀུར་ཁང་སོགས་ད་ཡོད་ཀྱི་རྒན་གསོ་ཞབས་ཞུའི་སྒྲིག་ཆས་ཧུར་ཐག་གིས་ལེགས་སྒྱུར་བྱས་ཏེ། རོང་འབྲོག་ཁུལ་གྱི་རྒན་པའི་རྒན་གསོ་ཐད་ནས“ཁྱིམ་ཚང་དང་ཁ་བྲལ་ཡང་སྡེ་བ་དང་ཁ་མི་འབྲལ་བའི”དགོས་མཁོ་བསྐང་རྒྱུ་རེད། ས་གནས་ཀྱི་གནས་ཚུལ་དང་བསྟུན་ནས་ཉི་འོད་དྲོད་ཁང་འཛུགས་སྐྲུན་བྱེད་པ་དང་། ཚན་རིག་དང་མཐུན་པའི་སྒོ་ནས་དབྱང་རླུང་སྒྲིག་ཆས་བཀོད་སྒྲིག་བྱས་ཏེ། 2025ལོར་མཚོ་ངོས་ལས་མཐོ་བའི་ས་ཁུལ་གྱི་རྒན་གསོ་སྒྲིག་གཞི་རུ་དབྱང་རླུང་འདོན་སྤྲོད་སྒྲིག་ཆས་ཡོངས་སུ་ཁེབས་པར་བྱ་རྒྱུ་རེད།

རྒན་གསོ་བདག་སྐྱོང་འཇོན་མིར་སྐུལ་འདེད་གཏོང་བའི་ལམ་ལུགས་འཛུགས་པ་དང་། རྒན་གསོ་ནད་གཡོག་མི་སྣའི་གླ་ཕོགས་དང་སྤྱི་ཚོགས་ཉེན་ཚབ་སྲིད་ཇུས་འཐུས་ཚང་དུ་གཏོང་བ། མཐོ་རིམ་སློབ་གྲྭ་རུ་རྒན་གསོའི་བདག་སྐྱོང་དང་རྒན་པའི་བདེ་ཐང་དོ་དམ་དང་ཞབས་ཞུ་སོགས་ཀྱི་ཆེད་ལས་བསླབ་ཚན་བཀོད་སྒྲིག་བཅས་བྱ་རྒྱུ། ལོ་རེར་རྒན་གསོ་ནད་གཡོག1000གསོ་སྦྱོང་བྱས་ནས། 2026ལོའི་བར་དུ་སྡེ་ཁུལ་དུ་རྒན་པ་སྟོང་རེ་དང་རྒན་གསོ་ལས་ཁུངས་ཀྱི་མལ་ཁྲི་བརྒྱ་རེ་ཡོད་པ་ལ་ལས་མི1རེ་བཀོད་སྒྲིག་བྱ་རྒྱུ། རྣམ་པ་མང་ཞིང་རིམ་པ་མང་པོའི་སྨན་བཅོས་དང་ཁམས་གསོ་ཟུང་འབྲེལ་གྱི་ཞབས་ཞུ་འདོན་སྤྲོད་བྱས་ནས་ལོ་རེར་མཁར་གྲོང་གི་ཡོང་འབབ་དམའ་བའི་ཁྱིམ་ཚང་གི་ལིང་ཏོག་ནད་པ1000ལ་རིན་མི་ལེན་པར་གཤགས་བཅོས་བྱ་རྒྱུ་རེད།

རྒན་པའི་སྐྱེ་ཁམས་ཡུལ་སྐོར་དང་། བདེ་ཐང་རྒན་གསོ། སྐྱེ་ཁམས་ལུས་གསོ། ཀྲུང་བོད་གསོ་རིག་ལུས་ཁམས་བདེ་སྲུང་། བདེ་ཐང་ཟས་རིགས་སོགས་ནང་དོན་གཙོ་བོ་ཡིན་པའི་ཁྱད་ལྡན་རྒན་གསོའི་ཐོན་ལས་གསར་སྐྲུན་བྱེད་པ་དང་། སྦྲེལ་འཕྲིན་ཤར་གཏོང་དང་ཞིང་ཆེན་ཡོངས་ཀྱི་རིག་ནུས་ཅན་གྱི་རྒན་གསོའི་ཞབས་ཞུ་དྲ་བ་འཛུགས་པ། རིམ་པ་ལྔ་པའི་རྒན་པའི་སློབ་གསོའི་སློབ་སྒྲུབ་དྲ་བ་འཛུགས་པ་དང་འཐུས་ཚང་དུ་གཏོང་བ་བཅས་བྱས་ཏེ་རྒན་པའི་སློབ་གསོའི་ཐད་ཀྱི་མཁོ་འདོན་སྔར་ལས་རྒྱ་ཆེར་གཏོང་རྒྱུ་རེད། །