ཧྲན་ཏུང་གི་སློབ་གྲྭ་ཞིག་གི་སྒོ་ནས་འགྲིམ་འགྲུལ་དོན་རྐྱེན་ཚབས་ཆེན་བྱུང་འདུག
发布时间:2024年09月03日
消息来源:
རྩོམ་སྒྲིག ཚེ་གཟུངས་སྐྱིད། སངས་དོན། ཡོང་ཁུངས། ཞིན་ཧྭ་གསར་འགྱུར་ཁང་། བཤེར་འབེབས། ཚེ་བརྟན་བཀྲ་ཤིས།
ཟླ9པའི་ཚེས3ཉིན། གསར་འགོད་པས་ཧྲན་ཏུང་ཞིང་ཆེན་ཐེ་ཨན་གྲོང་ཁྱེར་ཏུང་ཕེན་རྫོང་གི་འབྲེལ་ཡོད་སྡེ་ཁག་ནས་ཤེས་པའི་གནས་ཚུལ་ལྟར་ན། དེ་རིང་སྔ་དྲོའི་དུས་ཚོད7ཙམ་ཀྱི་སྐབས་སུ་སློབ་འབྲིང་ཞིག་གི་སྒོ་ཁ་ནས་འགྲིམ་འགྲུལ་དོན་རྐྱེུན་ཚབས་ཆེན་བྱུང་ཞིང་། སློབ་མ་སྐྱེལ་འདྲེན་བྱེད་པའི་སྤྱི་སྤྱོད་རླངས་འཁོར་ཞིག་ལམ་འགྲམ་དུ་སློབ་གྲྭར་འགྲོ་བཞིན་པའི་སློབ་མའི་ནང་ཤོར་ནས་མི་བཅུ་ལྷག་རྐྱེན་ལམ་དུ་ཤོར་འདུག