གསར་འགྱུར་གལ་ཆེན།
发布时间:2024年10月11日 消息来源:


རྩོམ་སྒྲིག ཚེ་གཟུངས་སྐྱིད།ཡོང་ཁུངས། མཚོ་བྱང་ཁུལ་མི་དམངས་སྲིད་གཞུང་དྲ་བ། བཤེར་འབེབས། ཚེ་བརྟན་བཀྲ་ཤིས། 

ཀྲུང་ཧྭ་མི་རིགས་ཀྱི་སྲོལ་རྒྱུན་དུས་ཆེན་དགུ་པའི་ཚེས་དགུའི་དུས་ཆེན་སླེབས་ལ་ཉེ་བའི་སྐབས་སུ། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་ཞི་ཅིན་ཕིང་གིས“དངུལ་གྱི་ལོ་ཚད་འགུལ་སྐྱོད(银龄行动)”ཀྱི་རྒན་པ་དང་བླངས་པའི་འཐུས་མིར་འཕྲིན་ལན་སྤྲིངས་ནས། ཁོང་ཚོར་བྱམས་བརྩེའི་ངང་སྐུལ་ལྕག་གནང་བ་དང་འབྲེལ་རྒྱལ་ཡོངས་ཀྱི་རྒན་པ་ཚོར་ལྷག་བསམ་ཟོལ་མེད་ཀྱི་འཚམས་འདྲི་ཡང་གནང་བ་རེད། 

ཟླ10པའི་ཚེས9ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཁའེ་སི•སའེ་དབྱི་ཏེར་གློག་འཕྲིན་བཏང་ནས་ཁོང་ཐུ་ནི་སི་སྤྱི་མཐུན་རྒྱལ་ཁབ་ཀྱི་ཙུང་ཐུང་ལ་མུ་མཐུད་བདམས་ཐོན་བྱུང་བར་བཀྲ་ཤིས་བདེ་ལེགས་ཞུས། 

ཚེས10ཉིན། ཁྲིམས་འཛིན་པུ་དང་རྒྱལ་ཁབ་འཕེལ་སྒྱུར་ཨུ་ལྷན་གྱིས་གཙོ་ཆེའི་དྲ་ཚིགས་ཐོག《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དམངས་གཉེར་དཔལ་འབྱོར་སྐུལ་འདེད་བཅའ་ཁྲིམས(འཆར་ཟིན་གྱི་བསམ་འཆར་བསྡུ་ལེན་མ་ཟིན)》ཁྱབ་བསྒྲགས་བྱས་ནས། སྤྱི་ཚོགས་ཐོག་ཡོངས་བསྒྲགས་ངང་བསམ་འཆར་བསྡུ་ལེན་བྱས། 

ཚེས10ཉིན་ཀྲུང་གོ་མི་དམངས་དངུལ་ཁང་གིས་ཆ་རྐྱེན་དང་མཐུན་པའི་དངུལ་འཛིན་དང་ཐེབས་རྩ། གུན་སྐྱོབ་སྤྱི་གཉེར་གྱིས“དངུལ་འཛིན་དང་ཐེབས་རྩ། གུན་སྐྱོབ་སྤྱི་གཉེར་བཅས་ཕན་ཚུན་སྟབས་བདེ་ཡོང་རྒྱུའི(SFISF)”ཡིག་ཐོག་སྙན་ཞུ་དང་ལེན་བྱ་རྒྱུ་ཡིན་ཞེས་ཡོངས་བསྒྲགས་བྱས། 

ཚེས10ཉིན་རྒྱལ་ཁབ་སྡོམ་རྩིས་ཅུས་སྤྱི་བསྒྲགས་སྤེལ་བ་ལྟར་ན། རྒྱལ་ཡོངས་ཀྱི་ཁྱབ་ཁོངས་ནང2024ལོའི་མི་འབོར་གྱི་འགྱུར་ལྡོག་གནས་ཚུལ་ལ་དཔེ་འཐེན་བརྟག་དཔྱད་བྱ་རྒྱུ་གཏན་འབེབས་བྱས་ཡོད། 

图片

ད་ལོའི་ཟླ་དང་པོ་ནས་དགུ་པའི་བར། རང་རྒྱལ་གྱི་གྲུ་བཟོ་ལས་མཇུག་སྒྲིལ་ཚད་དང་། གསར་དུ་མངགས་པའི་མངགས་ཐོའི་གྲངས་འབོར། ལག་ཏུ་ཡོད་པའི་མངགས་ཐོའི་གྲངས་འབོར་བཅས་སོ་སོར་དུས་མཚུངས་ལས18.2%དང51.9%དང་། 44.3%བཅས་འཕར་ཡོད་པ་རེད། 

2023ལོའི་ལོ་མཇུག་བར། རང་རྒྱལ་གྱི་ཤེས་བྱའི་ཐོན་དབང་གི་ཞབས་ཞུ་མཁོ་འདོན་བྱེད་མཁན་སྒྲིག་གཞི་ཁྲི8.9ཙམ་ཡོད་པ་དེ་དུས་མཚུངས་ལས2.9%ཙམ་འཕར་ཡོད་པ་རེད། 

ཚོང་དོན་པུས་གནས་ཚུལ་སྤེལ་བར་གཞིགས་ན། ཟླ་དང་པོ་ནས་བརྒྱད་པའི་བར། རང་རྒྱལ་གྱི་ཞབས་ཞུའི་ཕྱིར་གཏོང་ནང་འདྲེན་གྱི་སྡོམ་འབོར་སྒོར་དུང་ཕྱུར48865.6ཡིན་པ་དེ་དུས་མཚུངས་ལས14.3%འཕར་ཡོད་པ་རེད། 

ཚེས10ཉིན་ཕྱི་འབྲེལ་པུས་ཨ་རིའི་དམག་དོན་བཟོ་ལས་ཁེ་ལས་དང་མཐོ་རིམ་དོ་དམ་མི་སྣར་བཀག་འགོག་གི་བྱ་ཐབས་སྤྱོད་རྒྱུའི་སྐོར་གྱི་གཏན་འབེབས་ཡོངས་བསྒྲགས་བྱས་པ་རེད། 

སྤྱི་ཚོགས།

མཁའ་རླུང་གྲང་མོའི་ཤུགས་རྐྱེན་མཇུག་སྒྲིལ་བ་དང་ཆབས་ཅིག་རང་རྒྱལ་གྱི་དབུས་ཤར་རྒྱུད་དུ་དྲོད་ཚད་འཕར་ནས་ཧྭ་བྱང་ལྷོ་རྒྱུད་དང་ཧོང་ཧོའེ་རྒྱུད་ཀྱི་དྲོད་ཚད་མཐོ་ཤོས25℃ཡན་དུ་སླེབས་རྒྱུ་རེད། 

རྒྱལ་ཁབ་ནུས་རྒྱུ་ཅུས་གནས་ཚུལ་སྤེལ་བར་གཞིགས་ན། ད་ལོའི“རྒྱལ་སྟོན”རིང་རང་རྒྱལ་གྱི་ནུས་རྒྱུ་གསར་པའི་རླངས་འཁོར་འགྲོ་སྐྱོད་ཀྱི་གློག་གསོག་ཚད་ཆུ་ཚོད་སྟོང་ཝ་ཁྲི7000ལས་བརྒལ་ནས་ལོ་རྒྱུས་ཀྱི་ཟིན་ཐོ་གསར་པ་བཏོད་ཡོད་པ་རེད། 

ཚེས10ཉིན་གྱི་ཆུ་ཚོད24ནས་བཟུང་། རྒྱལ་ནང་གི་རླངས་སྣུམ་དང་ཁྲའེ་སྣུམ་གྱི་རིན་གོང་ཏུན་རེར་སོ་སོར་སྒོར140དང་སྒོར135འཕར་ཡོད་པ་རེད། 

ཉེ་ཆར་ཁྲོམ་ར་ལྟ་སྐུལ་དོ་དམ་སྤྱི་ཁྱབ་ཅུས(རྒྱལ་ཁབ་ཚད་གཞི་ཨུ་ལྷན)《གནས་སྐོར་མཛེས་ལྗོངས་ཁུལ་གྱི་སྤུས་ཚད་རིམ་པ་དབྱེ་བའི》རྒྱལ་ཁབ་ཀྱི་ཚད་གཞི་ཁྱབ་བསྒྲགས་བྱས། 

ཧའེ་ནན་ཞིང་ཆེན་སྒྲིག་ཨུའི་ཧྲུའུ་ཅི་གཞོན་པ་དང་ཞིང་ཆེན་ལྟ་ཞིབ་ཨུ་ལྷན་གྱི་ཀྲུའུ་རིན་གཞོན་པ་ཁྲེན་ཞའོ་པོ་ལ་སྒྲིག་འགལ་ཁྲིམས་འགལ་ཚབས་ཆེན་གྱི་དོགས་གཞི་ཡོད་པ་དང་། མིག་སྔར་ཀྲུང་དབྱང་སྒྲིག་ཨུ་དང་རྒྱལ་ཁབ་ལྟ་ཞིབ་ཨུ་ལྷན་གྱི་སྒྲིག་ཁྲིམས་ཞིབ་བཤེར་དང་ལྟ་ཞིབ་བརྟག་དཔྱད་དང་ལེན་བྱེད་བཞིན་ཡོད་པ་རེད། 

ཚེས10ཉིན་ཀྲུང་གོ་མི་དམངས་དངུལ་ཁང་གི་དེ་སྔའི་ཏང་ཨུའི་ཨུ་ཡོན་ནམ་ཧང་ཀྲང་གཞོན་པ་ཧྥན་དབྱི་ཧྥེས་ལྐོག་རྔན་བླངས་པའི་གྱོད་གཞི་དེའི་འདྲི་གཅོད་དང་པོའི་བཅད་ཁྲ་ཁྱབ་བསྒྲགས་བྱས་པ་དང་། ཧྥན་དབྱི་ཧྥེ་ལ་སྲོག་ཆད་བཅད་པ་དང་ལོ་གཉིས་ཕྱིར་འགྱངས་ཀྱིས་ལག་བསྟར་བྱ་རྒྱུ་རེད། 图片

ཚེས10ཉིན་ཀྲུང་གོའི་སྤོ་ལོ་རྒྱག་མཁན་ཀྲེན་ཆིན་ཝུན2024ལོའི་ཝུའུ་ཧན་ཝང་ཆིའུ་སྤོ་ལོའི་ཡོངས་བསྒྲགས་འགྲན་བསྡུར་གྱི་བུད་མེད་རྐྱང་རྒྱག་གི་རེས་སྐོར་གསུམ་པའི་འགྲན་བསྡུར་ནང2-1གི་ཐོག་ནས་སྔར་ཨ་མེ་རི་ཁའི་ཝང་ཆིའུ་སྤོ་ལོའི་ཨང་གཉིས་པ་དང་ཁ་ན་ཏའི་བདམས་ཐོན་པ་ཧྥེར་ནན་ཏེ་སི་ལས་རྣམ་པར་རྒྱལ་ཏེ། ཨང་རིམ་བརྒྱད་པར་སླེབས་ཡོད་པ་རེད། 

ཨན་ཧུའེ་ཞོན་ཁྲེང་ནས་ཅི་ཞི་བར་གྱི་མྱུར་བགྲོད་ལྕགས་ལམ་དེ་རིང་ཤར་གཏོང་ཐུབ་ནས་གཉེར་སྐྱོང་བྱེད་མགོ་བརྩམས་པ་དང་། ཞོན་ཁྲེང་ནས་ཅི་ཞི་བྱང་ཚིགས་བར་ཆེས་མགྱོགས་ཤོས་སྐར་མ39ཡི་ནང་སླེབས་ཀྱི་ཡོད་པ་རེད།图片

ཀྲེ་ཅང་ཝུན་ཀྲོའུ་ཡི་རྒན་པ་ཞིག་གཟབ་གཟབ་མ་བྱུང་བར་ཆུ་ནང་དུ་ལྷུང་བ་དང་། ཟས་སྐྱེལ་བཞིན་པའི་ཨ་ཇོ་ཆུང་ཆུང་ཞའོ་རེན་ཀྲུང་གིས་དེ་ཤེས་འཕྲལ་ཆུ་ནང་དུ་མཆོངས་ཤིང་། མཐར་རྒན་པ་དེ་མཚོ་ངོགས་སུ་བསྐྱབས། 

སྲིད་ཇུས།

ཀོང་ཏུང་གིས་བྱ་ཐབས་བཏོན་ནས་སློབ་གྲྭ་ཆུང་འབྲིང་ལ་སེམས་ཁམས་བདེ་ཐང་སློབ་གསོའི་དགེ་རྒན་བཀོད་སྒྲིག་བྱ་རྒྱུར་སྐུལ་འདེད་བཏང་བ་དང་། སློབ་གྲྭར་སློབ་སྐབས་རེར་ཁྱིམ་བདག་དང་སློབ་མའི་སེམས་ཁམས་བདེ་ཐང་སློབ་གསོ་ཉུང་མཐར་ཡང་ཐེངས་རེ་སྤེལ་རྒྱུའི་མཛུབ་ཁྲིད་ཀྱང་བྱས་ཡོད་པ་རེད། 

སི་ཁྲོན་གྱིས“སྒོ་ང་ལེན་ཐབས”སོགས་སྨན་བཅོས་རང་བཞིན་གྱི་གཞོགས་འདེགས་སྐྱེ་འཕེལ་རིགས་ཀྱི་སྨན་བཅོས་ཞབས་ཞུའི་རྣམ་གྲངས13གཞི་རྩའི་སྨན་བཅོས་གུན་སྐྱོབ་ཀྱི་གཏོང་སྤྲོད་ཁྱབ་ཁོངས་ནང་འཇུག་དགོས་པའི་བརྡ་ཐོ་བཏང་བ་རེད། 

ཧེ་ལུང་ཅང་གིས་བྱ་ཐབས་དཔར་འགྲེམ་བྱས་པ་ལྟར་ན། ཆ་རྐྱེན་དང་མཐུན་པའི་དམངས་གཉེར་ཁེ་ལས་ཀྱིས་འབུམ་རམས་ཕྱི་ཚར་གྱི་ཚན་ཞིབ་ལས་དོན་ས་ཚིགས་དང་གསར་གཏོད་ལག་ལེན་རྟེན་གཞི་འཛུགས་རྒྱུར་རྒྱབ་སྐྱོར་བྱས་ཏེ། སོ་སོར་མ་དངུལ་སྒོར་ཁྲི50དང་སྒོར་ཁྲི30རྒྱབ་སྐྱོར་བྱས་པ་རེད། 

  དེ་རིང་གི་གནམ་གཤིས། 

图片

བོད་ལྗོངས་ཀྱི་ཤར་ལྷོའི་རྒྱུད་དང་མཚོ་སྔོན་ཤར་ལྷོའི་རྒྱུད། ཀན་སུའུ་ཤར་ལྷོའི་རྒྱུད། ཁྲོན་ནུབ་ས་མཐོའི་བྱང་རྒྱུད། སི་ཁྲོན་ལྷོ་རྒྱུད། ཡུན་ནན་དབུས་བྱང་རྒྱུད་དང་ལྷོ་རྒྱུད་སོགས་ས་ཁུལ་ཁག་གཅིག་ཏུ་ཆར་འབྲིང་ཙམ་ནས་ཆར་ཆེན་འབབ་རྒྱུ་དང་། དེའི་ནང་བོད་ལྗོངས་ཀྱི་ཤར་ལྷོའི་རྒྱུད་དང་སི་ཁྲོན་གྱི་ལྷོ་རྒྱུད་སོགས་ས་ཁུལ་ཁག་ཅིག་ཏུ་དྲག་ཆར་འབབ་རྒྱུ་ཡིན་ལ། ཞིན་ཅང་གི་ནུབ་རྒྱུད་དང་མཚོ་སྔོན་གྱི་ལྷོ་རྒྱུད། བོད་ལྗོངས་ཀྱི་བྱང་ཤར་རྒྱུད། ནང་སོག་གི་བྱང་ཤར་རྒྱུད། ཧེ་ལུང་ཅང་གི་ནུབ་བྱང་རྒྱུད་སོགས་སུ་ཁ་བ་ཆུང་ཆུང་ནས་འབྲིང་ཙམ་དང་། ཡང་ན་ཁ་ཆར་འདྲེས་མ་འབབ་རྒྱུ་རེད།