གསར་འགྱུར་གལ་ཆེན།
发布时间:2024年10月12日 消息来源:

རྩོམ་སྒྲིག ཚེ་གཟུངས་སྐྱིད། ཡོང་ཁུངས། མཚོ་བྱང་ཁུལ་མི་དམངས་སྲིད་གཞུང་དྲ་བ། བཤེར་འབེབས། ཚེ་བརྟན་བཀྲ་ཤིས། 

图片

ཟླ10པའི་ཚེས11ཉིན་གྱི་སྔ་དྲོ། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་མི་དམངས་ཚོགས་ཁང་ཆེན་མོར་ཀྲུང་གོ་རྒྱལ་སྤྱིའི་མཛའ་གྲོགས་ཚོགས་ཆེན་དང་ཀྲུང་གོ་མི་དམངས་ཕྱི་ཕྱོགས་མཛའ་གྲོགས་མཐུན་ཚོགས་བཙུགས་ནས་ལོ70འཁོར་བའི་དྲན་གསོའི་བྱེད་སྒོར་ཞུགས་མཁན་ཕྱི་ཕྱོགས་ཀྱི་སྐུ་མགྲོན་ལ་ཐུན་མོང་ཐོག་མཇལ་འཕྲད་གནང་། 图片

ཟླ10པའི་ཚེས11ཉིན། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེན་མོར་ཝེ་ཐེ་ནམ་གུང་ཁྲན་ཏང་ཀྲུང་དབྱང་ཆབ་སྲིད་ཅུའི་ཨུ་ཡོན་དང་ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་རྒྱུན་ལས་ཧྲུའུ་ཅི་ལེང་ཆང་དང་མཇལ་འཕྲད་གནང་། 
བཟོ་ལས་དང་ཆ་འཕྲིན་ཅན་པུའི་གྲངས་གཞི་ལས་མངོན་པ་ལྟར་ན། ད་ལོའི་དུས་ཚིགས་དང་པོ་ནས་གསུམ་པའི་བར་རང་རྒྱལ་གྱི་གྲུ་བཟོ་ལས་མཇུག་སྒྲིལ་ཚད་དང་གསར་དུ་འབྱོར་བའི་མངགས་ཐོ། ལག་ཏུ་ཡོད་པའི་མངགས་ཐོའི་གྲངས་འབོར་བཅས་བརྟན་པོའི་ངང་འཕར་ནས། དམིགས་ཚད་ཆེན་པོ་གསུམ་གྱིས་སོ་སོར་འཛམ་གླིང་ཁྲོམ་རའི་ཐོབ་སྐལ་གྱི55.1%དང་། 74.7%དང་། 61.4%བཅས་བཟུང་ཡོད། 
ཀྲུང་དབྱང་དྲ་འཕྲིན་གཞུང་ལས་ཁང་དང་སློབ་གསོ་པུས་ཉེ་ཆར་བརྡ་ཐོ་དཔར་འགྲེམ་བྱས་པ་ལྟར་ན། “དྭངས་གསལ•དྲ་རྒྱའི་སྐད་ཡིག་བེད་སྤྱོད་ཚད་ལྡན་དུ་གཏོང་བའི”ཆེད་དོན་འགུལ་སྐྱོད་བཀོད་སྒྲིག་བྱས་ནས་སྤེལ་བ་རེད། 
ཚེས11ཉིན་སྐྱེ་ཁམས་ཁོར་ཡུག་པུས《རྒྱ་མཚོར་སྦགས་བཙོག་འབུད་སར་ལྟ་སྐུལ་དོ་དམ་བྱ་ཐབས(ཚོད་ལྟའི་ལག་བསྟར)》ཁྱབ་བསྒྲགས་བྱས་ཏེ། འབྱུང་རྩ་ནས་མཇུག་བར་གྱི་འབྲེལ་ཐག་ཧྲིལ་པོར་ལྟ་སྐུལ་དོ་དམ་བྱ་རྒྱུ་ཡིན་པ་དེའི་དམིགས་ཡུལ་ནི་རྒྱ་མཚོར་སྦགས་བཙོག་འབུད་ཚད་དོ་དམ་ཚོད་འཛིན་ནུས་ལྡན་བྱས་ནས། རྒྱ་མཚོའི་སྐྱེ་ཁམས་བདེ་འཇགས་སྲུང་ཡོལ་བརྟན་པོ་ཞིག་བསྐྲུན་རྒྱུ་དེ་རེད། 
གྲངས་གཞི་ལས་མངོན་པ་ལྟར་ན། ཟླ9པར་རྒྱལ་ཡོངས་ཀྱི་དུས་བཅད་ཚོང་ཟོག་ཁྲོམ་རའི་ཚོང་འགྲིག་ཚད་དུང་ཕྱུར7.94ཡིན་པ་དང་ཚོང་འགྲིག་ཚད་སྒོར་དུང་ཕྱུར་ཁྲི53.69ཡིན་པ་དེ། སོ་སོར་དུས་མཚུངས་ལས6.39%དང4.29%འཕར་ཡོད་པ་རེད། 

སྡོད་ཁང་འཛུགས་སྐྲུན་པུ་དང་། མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་པུ་གཉིས་ཀྱིས་མཉམ་འབྲེལ་ཐོག་བརྡ་ཐོ་བཏང་བ་ལྟར་ན། གྲོང་གསེབ་འཛུགས་སྐྲུན་གྱི་ལག་ཤེས་པའི་ལས་རིགས་རྩལ་ནུས་རིམ་པ་གཏན་འཁེལ་གྱི་ལས་དོན་སྤེལ་ནས་གྲོང་གསེབ་ཏུ་གཞི་ཚུགས་པ་དང་ཞིང་པར་ཞབས་འདེགས་ཞུ་བའི་ལག་ཤེས་པའི་དཔུང་ཁག་སྐྱེད་སྲིང་བྱ་རྒྱུ་རེད། 

 图片

ཚེས11ཉིན། རང་རྒྱལ་གྱིས་ཤར་རླུང་སྐམ་སར་སླེབས་ཡུལ་ནས་བསྐྱར་དུ་སྤྱོད་ཆོག་པའི་ཕྱིར་ལོག་རྣམ་པའི་ལག་རྩལ་ཚོད་ལྟའི་སྲུང་སྐར་ཐོག་མ་སྟེ་ལག་ལེན་རྟགས་ཅན་གྱི་སྲུང་སྐར་ཨང་བཅུ་དགུ་པ་རྒྱལ་ཁའི་ངང་ཚུར་བསྡུ་བྱས་པ་རེད། 
འཛམ་གླིང་ཚོང་དོན་རྩ་འཛུགས་ཀྱི་སྙན་ཞུ་གསར་ཤོས་ནང་སྔོན་དཔག་བྱས་པར་གཞིགས་ན། 2024ལོར་གོ་ལ་ཧྲིལ་པོའི་དངོས་ཟོག་ཉོ་འཚོང་བྱེད་ཚད2.7%འཕར་རྒྱུ་ཡིན་པ་དེ། དེ་སྔའི་སྔོན་དཔག་ལས2.6%མཐོ་བ་ཡོད་པ་རེད། 
སྤྱི་ཚོགས། 
“2024ལོའི་སྟོན་དུས་ཀྱི་གདན་འགུག་ཟླ་བའི་བྱེད་སྒོ”ཉེ་ཆར་སྤེལ་མགོ་བརྩམས་པ་དང་། བྱེད་སྒོ་དེ་དམངས་གཉེར་ཁེ་ལས་དང་ཁེ་ལས་འབྲིང་ཆུང་ཕྲན་གསུམ། ཁེར་རྐྱང་བཟོ་ཚོང་དུད་ཚང་སོགས་མི་སྤྱོད་ཚན་པ་དང་དེ་བཞིན་མཐོ་སློབ་མཐར་ཕྱིན་སློབ་མ་དང་། ཞིང་པ་ལས་མི། དམག་འཁྱུར་དམག་མི། ལས་ཤོར་ཐོ་འགོད་མི་སྣ་སོགས་རིགས་སོ་སོའི་ལས་ཀ་འཚོལ་མཁན་ལ་གཙོ་གནད་ཐོག་ཕྱོགས་རྒྱུ་རེད། 
ཚེས11ཉིན་ནས་བཟུང་། རྒྱལ་ཡོངས་ཀྱི་ལྕགས་ལམ་གྱིས་དུས་ཚིགས་བཞི་པའི་མེ་འཁོར་འཁོར་སྐྱོད་འཆར་གཞི་ལག་བསྟར་བྱས་པ་རེད། འཆར་གཞི་ལེགས་སྒྲིག་བྱས་རྗེས་འབྲི་ཆུའི་ཟུར་གསུམ་ཁུལ་གྱི་ལྕགས་ལམ་དུ་འགྲུལ་སྐྱེལ་མེ་འཁོར་གཏོང་འབོར་ཆ1334.5ཡིན་པ་དང་ཟོག་འདྲེན་མེ་འཁོར་གཏོང་འབོར་ཆ1350.5ཡིན་པ་རེད། 
རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་བཞི་པའི་དེ་སྔའི་རྒྱུན་ཨུ་དང་ཐའེ་ཝན་དམངས་གཙོ་རང་སྐྱོང་མནའ་མཐུན་ཀྲུང་དབྱང་གི་དེ་སྔའི་རྒྱུན་ལས་ཀྲུའུ་ཞི་གཞོན་པ་ལི་ཡུའེ་ཧྥེང་གིས་ཁྲིམས་འགལ་ཚབས་ཆེན་བྱས་པས། གཞུང་གི་ལས་གནས་ལས་ཕྱིར་འབུད་བཏང་བ་རེད། 
ཀོང་ཞི་ཀྲོང་རིགས་རང་སྐྱོང་ལྗོངས་ཏང་ཨུའི་དེ་སྔའི་རྒྱུན་ཨུ་དང་རང་སྐྱོང་ལྗོངས་སྲིད་གཞུང་གི་དེ་སྔའི་ཀྲུའུ་ཞི་གཞོན་པ་ཆིན་རུའུ་ཕེ་ཡིས་སྒྲིག་འགལ་ཁྲིམས་འགལ་ཚབས་ཆེན་བྱས་པས། ཏང་ཁོངས་དང་གཞུང་གི་ལས་གནས་ལས་ཕྱིར་འབུད་བཏང་བ་རེད། 
ཀུའེ་ཀྲོའུ་ཞིང་ཆེན་སྲིད་གྲོས་ཀྱི་དེ་སྔའི་ཏང་ཙུའུ་ཁོངས་མིའམ་ཀྲུའུ་ཞི་གཞོན་པ་ཁྲེན་ཡན་གྱིས་སྒྲིག་འགལ་ཁྲིམས་འགལ་ཚབས་ཆེན་བྱས་པས། ཏང་ཁོངས་དང་གཞུང་གི་ལས་གནས་ལས་ཕྱིར་འབུད་བཏང་བ་རེད། 
ཀྲུང་གོ་གློག་རྡུལ་ཚན་རྩལ་ཚོགས་པའི་དེ་སྔའི་ཏང་ཙུའི་ཁོངས་མིའམ་སྤྱི་གཉེར་བ་གཞོན་པ་ཧོ་ཝུན་ཀྲུང་གིས་སྒྲིག་འགལ་ཁྲིམས་འགལ་ཚབས་ཆེན་བྱས་པས། ཏང་ཁོངས་དང་གཞུང་གི་ལས་གནས་ལས་ཕྱིར་འབུད་བཏང་བ་རེད། 
2024རྒྱལ་སྤྱིའི་དགུན་དུས་ལུས་རྩལ(པེ་ཅིང)དངོས་མང་སྟོན་ཚོགས་ཐོག་ཡོངས་བསྒྲགས་བྱས་པའི་གྲངས་གཞི་ལྟར་ན། 2024ལོར་རང་རྒྱལ་གྱི་གངས་འཁྱགས་ཐོན་ལས་ཀྱི་གཞི་ཁྱོན་སྒོར་དུང་ཕྱུར9700ལ་སླེབས་རྒྱུ་དང་། སང་ལོར་སྔོན་དཔག་བྱས་ན་སྒོར་དུང་ཕྱུར10000ལས་བརྒལ་རྒྱུ་རེད། 

ཚེས11ཉིན། ཡུས་ཧྭ་དབྱིང་གིས་བྱིས་པའི་མི་འཚོང་བརྒྱབ་པའི་གྱོད་གཞི་དེར་བསྐྱར་དུ་འདྲི་ཞིབ་ཐེངས་དང་པོ་བྱས་པ་ན། ཡུས་ཧྭ་དབྱིང་གིས་མི་འཚོང་བརྒྱབ་པར་ཚོད་འཛིན་ཕོག་པའི་བྱིས་པ11ནས17བར་མང་དུ་ཕྱིན་ཡོད། 

 图片

རང་རྒྱལ་གྱི་ཀུའེ་ཀྲོའུ་རུ་ས་ཕུག་ཉ་རིགས་གསར་པ་གཉིས་ཏེ། “སྨུག་སྤྲིན་ས་མཐོའི་འདམ་ཉ(紫云高原鳅)”དང“ཡ་ལུའུ་རྒྱལ་པོའི་ས་མཐོའི་འདམ་ཉ(亚鲁王高原鳅)”གསར་དུ་ཤེས་རྟོགས་བྱུང་། 

སྲིད་ཇུས།

ཅི་ལིན་གྱིས་ཡིག་ཆ་བཀྲམ་ནས་ཟླ11པའི་ཟླ་མཇུག་སྔོན་ལ་རྫོང་རེར་ཉུང་མཐར་ཡང་ཞིང་ཆེན་སྒྲོལ་བའི་དྲ་སྦྲེལ་གྱི་གནས་གཏན་འཁེལ་གྱི་སྨན་བཅོས་སྒྲིག་ཚན1གིས་ཁྲག་ཤེད་མཐོ་བའི་ནད་དང་གཅིན་སྙི་ཟགས་ཁུའི་ནད། འབྲས་སྐྲན་ཚབས་ཆེན་གྱི་སྒོ་བསྟེན་སྨན་བཅོས་སོགས་སྒོ་བསྟེན་སྨན་བཅོས་ཀྱི་གཅོང་ནད་དང་དམིགས་བསལ་ནད་གཞིའི་འགྲོ་གྲོན་ཞིང་ཆེན་བརྒལ་ནས་ཐད་ཀར་རྩིས་རྒྱག་ཆོག་ཅེས་བཏོན་ཡོད་པ་རེད། 
ཉིང་ཞ་ཡིས་རེས་སྐོར་གསར་པའི་མྱུར་བགྲོད་གཞུང་ལམ་གྱི་ཧེ་བག་ཅན་གྱི་གྲོན་བསྡུའི་སྲིད་ཇུས་ལག་བསྟར་བྱས་ནས། ཧེ་བག་ཅན་གྱི་གཟིགས་སྐྱོང་ལམ་དུམ་དུམ9དང་སྤྱི་ལེ754.57ནས་དུམ་བུ16དང་སྤྱི་ལེ1533.56བར་མང་དུ་བཏང་ཡོད་པ་རེད། 
ཀོང་ཏུང་ཀོང་ཀྲོའུ་ཡིས་སློབ་གྲྭ་འབྲིང་ཆུང་ལ་སློབ་གྲྭའི་གུང་གསེང་ཕུད་སློབ་གྲྭའི་སེམས་ཁམས་ཟུར་ཁྲིད་ཁང་ཉིན་ལྟར་དུས་ཚོད་གཏན་འཁེལ་བྱས་ནས་སྒོ་འབྱེད་དགོས་པ་དང་། གཟའ་འཁོར་རེར་སློབ་ཚན་ཕུད་པའི་དུས་ཚོད་ནང་ཆུ་ཚོད10ལས་མི་ཉུང་བ་བྱེད་དགོས་པ་ཁ་གསལ་བཏོན་འདུག