ལོ་ངོ5000གོང་གི་རྒྱལ་པོའི་བང་སོ་རྙེད་འདུག
发布时间:2024年10月21日
消息来源:
རྩོམ་སྒྲིག ཚེ་གཟུངས་སྐྱིད། ཡོང་ཁུངས། མི་དམངས་དྲ་བ། བཤེར་འབེབས། ཚེ་བརྟན་བཀྲ་ཤིས།
ཝང་ཀྲོང་གནའ་ཤུལ་ནི་ཧོ་ནན་ཡུང་ཁྲེང་གྲོང་ཁྱེར་མེའོ་ཆའོ་གྲོང་རྡལ་དུ་གནས་པ་དང་། དེ་ནི་ད་བར་ལོ5000ཙམ་སོང་བའི་ཏ་ཝུན་ཁོའུ་རིག་གནས་དུས་མཇུག་གི་འདུས་སྡོད་བྱེད་གནས་ཆེ་གྲས་ཤིག་རེད། 2023ལོ་ནས་བཟུང་། ཧོ་ནན་ཞིང་ཆེན་རིག་དངོས་གནའ་རྫས་རྟོག་ཞིབ་ཞིབ་འཇུག་ཁང་དང་། རྒྱལ་སའི་དགེ་འོས་སློབ་ཆེན། ཀྲུང་གོ་སྤྱི་ཚོགས་ཚན་རིག་ཁང་གནའ་རྫས་རྟོག་ཞིབ་ཞིབ་འཇུག་སུའོ། ཧྲང་ཆིའུ་གྲོང་ཁྱེར་རིག་དངོས་གནའ་རྫས་རྟོག་ཞིབ་ཞིབ་འཇུག་ཁང་སོགས་ཀྱིས་གྲུབ་པའི་མཉམ་འབྲེལ་གནའ་རྫས་རྟོག་ཞིབ་རུ་ཁག་གིས་གནའ་ཤུལ་དེར་གནའ་རྫས་རྟོག་ཞིབ་སྔོག་འདོན་བྱས།