ཧི་མ་ལ་ཡའི་རིན་པོ་ཆེ་གཟི་ཡི་རིག་གནས་བགྲོ་གླེང་སྐབས་དང་པོ་དང་དངོས་ཟིན་གློག་བརྙན《ཧི་མ་ལ་ཡའི་གཟི།》ཕབ་སྐྲུན་འགོ་ཚུགས་པའི་མཛད་སྒོ་ཁྲེང་ཏུའུ་རུ་སྤེལ།
首届喜马拉雅天珠文化论坛暨纪录片《喜马拉雅天珠》开机仪式在成都举办
རྩོམ་སྒྲིག ཚེ་གཟུངས་སྐྱིད། ཡོང་ཁུངས། གངས་ལྗོངས་ཉི་གཞོན། བཤེར་འབེབས། ཚེ་གཟུངས་སྐྱིད།
སྤྱི་ཟླ་10པའི་ཚེས་21ཉིན་གྱི་ཕྱི་དྲོར། ཧི་མ་ལ་ཡའི་རིན་པོ་ཆེ་གཟི་ཡི་རིག་གནས་བགྲོ་གླེང་སྐབས་དང་པོ་དང་དངོས་ཟིན་གློག་བརྙན《ཧི་མ་ལ་ཡའི་གཟི།》ཕབ་སྐྲུན་འགོ་ཚུགས་མཛད་སྒོ་ཁྲེང་ཏུའུ་རུ་སྤེལ། ཚོགས་འདུའི་དམིགས་ཡུལ་གཙོ་བོ་ནི་རིན་པོ་ཆེ་གཟི་ཡི་རིག་གནས་ལ་ཞིབ་འཇུག་དང་སྔོག་འདོན་གཏིང་ཟབ་བྱས་པར་བརྒྱུད། ཧི་མ་ལ་ཡའི་གཟིའི་རིག་གནས་འདི་ཉིད་རྒྱུན་འཛིན་དང་འཕེལ་རྒྱས་གང་ལེགས་གཏོང་ཆེད་ཡིན།
བགྲོ་གླེང་འདི་གཙོ་སྒྲུབ་བྱེད་མཁན་ཀུན་བཟང་དོན་འགྲུབ་ཀྱིས་ང་ཚོ་ཧི་མ་ལ་ཡའི་གཟི་ནི་འཛམ་གླིང་གི་ས་ཁོངས་མང་པོ་རུ་ཁྱབ་ཡོད་པ་དང་། སྤྱིར་བོད་ལ་རིག་དངོས་མང་པོ་ཡོད་ཀྱང་དེ་ལས་ཁྱད་དུ་འཕགས་པ་ནི་རིན་པོ་ཆེ་གཟི་ཡིན། འཛམ་གླིང་གི་ངོས་ནས་གཟི་ནི་བོད་ཀྱི་རིག་གནས་ཀྱི་གྲུབ་ཆ་གལ་ཆེན་ཞིག་བརྩི་བཞིན་ཡོད་པས། ཁོ་བོས་རང་ནུས་ཅི་ལྕོགས་ཀྱིས་རིན་པོ་ཆེ་གཟི་ཡི་རིག་གནས་འདི་མ་ཉམས་གོང་འཕེལ་དང་ཉམས་པ་སླར་གསོའི་ཆེད་དུ་ད་ཐེངས་ཀྱི་བགྲོ་གླེང་འདི་རྩ་འཛུགས་བྱས་པ་ཡིན་ཞེས་བཤད།
དེ་དང་ལྷན་དུ། འཁྲབ་ཁྲིད་པ་གེ་རྒྱལ་པདྨས་འཁྲབ་ཁྲིད་ཀྱི་འགན་ཁུར་བའི་དངོས་ཟིན་གློག་བརྙན《ཧི་མ་ལ་ཡའི་གཟི།》ཕབ་སྐྲུན་འགོ་ཚུགས་པའི་མཛད་སྒོ་སྤེལ་བ་དང་། འཁྲབ་ཁྲིད་པ་གྲགས་ཅན་ཟོན་ཐར་རྒྱལ་དང་བར་གྲོས་པ་གྲགས་ཅན་ཡོན་ནུང་དངོས་ཟིན་གློག་བརྙན་འདིའི་བློ་འདྲི་ཡུལ་དུ་ཕེབས་ནས་གཏམ་བཤད་གནང་།
དེ་ཡང་རིན་པོ་ཆེ་གཟི་ནི་གནས་མཆོག་ཧི་མ་ལ་ཡའི་རི་རྒྱུད་ནས་ཐོན་པའི་རིན་པོ་ཆེའི་རིགས་ཤིག་ཡིན་ལ། དེ་ལ་ལོ་ངོ་སྟོང་ཕྲག་གི་ལོ་རྒྱུན་ལྡན་པ་དང་། ལོ་ངོ་སྟོང་ཕྲག་གི་བརྒྱུད་རིམ་དུ་གཟིའི་སྤུས་ཀ་ཇེ་ལེགས་དང་དགོས་པ་ཇེ་ཆེ། མཛེས་ཆ་ཇེ་བཟང་། བཟོ་དབྱིབས་ཇེ་མང་། རི་མོ་ཇེ་ཡག་གི་རྣམ་པ་རུ་གྱུར་ཏེ། ཤིན་ཏུ་རྩིས་ཆེ་ཞིང་རྙེད་དཀའ་བའི་རིན་པོ་ཆེ་ངོ་མ་ཞིག་ཏུ་ཆགས་ཡོད། །
本次论坛暨开机仪式的成功举办,不仅为天珠文化的传承与发展搭建了交流平台,也为纪录片的拍摄提供了丰富的素材和专业的指导,预示着天珠文化将在新时代绽放新的光彩。