རང་ཞིང་གི་བུད་མེད་ལ་ཟླ་མཚན་གུང་གསེང་ཉིན1ནས2ཡོད།
1 རྩོམ་སྒྲིག ཚེ་གཟུངས་སྐྱིད། ཡོང་ཁུངས། ཉིན་རེའི་གངས་ལྗོངས། བཤེར་འབེབས། ཚེ་བརྟན་བཀྲ་ཤིས། ཚེས4ཉིན་གྱི་ཕྱི་དྲོ་ནས་ཚེས5ཉིན་གྱི་སྔ་དྲོ་བར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སྔ་རྗེས་སུ་ཧུའུ་པེ་ཞིང་ཆེན་ཞའོ་ཀན་གྲོང་ཁྱེར་དང་ཞན་ཉིན་གྲོང་ཁྱེར་དུ་ཡོན་མིན་རྫོང་དངོས་མང་བཤམས་སྟོན་ཁང་དང་། ཅ་ཡུས་རྫོང་ཕན་ཅ་ཝན་གྲོང་རྡལ་གྱི་སྔོ་ཚལ་ཁྱམས་རིང་། སི་དབྱིས་གྲོང་ཚོ་བཅས་ལ་རྟོག་ཞིབ་གནང་ནས། ས་གནས་དེ་གའི་རིག་དངོས་སྲུང་སྐྱོབ་དང་ཞིབ་འཇུག་བེད་སྤྱོད་ལ་ཤུགས་སྣོན་རྒྱག་པ་དང་། གྲོང་གསེབ་ཁྱོན་ཡོངས་ནས་དར་རྒྱས་ལ་སྐུལ་འདེད་གཏོང་བ་སོགས་ཀྱི་གནས་ཚུལ་ལ་རྒྱུས་ལོན་གནང་། 2 ཚེས4ཉིན། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་མཁའ་འབབ་དམག་མིར་གཟིགས་ཞིབ་མཛད། 3 ཟླ11པའི་ཚེས5ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པི་ཚི་ཝ་ནའི་ཙུང་ཐུང་དུ་འདམས་པའི་ཏུའུ་མ· པོ་ཁི་ལ་རྟེན་འབྲེལ་གློག་འཕྲིན་སྤྲིངས། 4 ཟླ11པའི་ཚེས5ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ལཱ་ལཱ་པ་ལཱ་ཝུའུ་ལ་གློག་འཕྲིན་བཏང་ནས། ཁོ་རང་ཧྥི་ཅིས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཙུང་ཐུང་ལ་བདམས་པར་རྟེན་འབྲེལ་ཞུས། 5 རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅི་ཕིང་གི་གདན་ཞུས་ལྟར་དབྱི་ཐ་ལིའི་ཙུང་ཐུང་མ་ཐཱ་ལིས་ལཱ་ཡིས་ཟླ11པའི་ཚེས7 ནས་ཚེས12བར་ཀྲུང་གོར་རྒྱལ་དོན་འཚམས་འདྲི་གནང་རྒྱུ་རེད། 6 རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གི་གདན་ཞུས་ལྟར་ཧིན་རྡུ་ཉི་ཞི་ཡ་སྤྱི་མཐུན་རྒྱལ་ཁབ་ཀྱི་ཙུང་ཐུང་ཕུའུ་ལ་པོ་ཝོ· སུའུ་པི་ཡན་ཏའོ་ཡིས་ཟླ11ཚེས8ཉིན་ནས་ཚེས10ཉིན་བར་ཀྲུང་གོར་རྒྱལ་དོན་འཚམས་འདྲི་གནང་རྒྱུ་རེད། 7 རྒྱལ་ཡོངས་སུ་ཞིང་ཆེན20ཡིས"ཟླ་མཚན་ངལ་གསོ"ལམ་ལུགས་ལག་བསྟར་བྱས་ཡོད་ཅིང་། མཚོ་སྔོན་གྱི་བུད་མེད་ལས་བཟོ་པས་ཀྱང་ཟླ་རེར་ངལ་གསོ་ཉིན1ནས2བར་ལོངས་སུ་སྤྱད་ཆོག 8 ཟླ11པའི་ཚེས4ཉིན། མཚོ་སྔོན་ཞིང་ཆེན་མཚོ་ཤར་གྲོང་ཁྱེར་རྒྱང་སྒྲོག་བརྙན་འཕྲིན་ཁང་གིས་ཇུས་འགོད་དང་ཕབ་སྐྲུན་སྒྲིག་བཟོ་བྱས་པའི་ལེའུ10ཅན་གྱི་དངོས་བཤུས་གློག་བརྙན་ཆེ་གྲས། 《རྨ་ཙོང་རིག་གནས》ཞེས་པ་དངོས་སུ་གཏོང་མགོ་བརྩམས། 9 སྐབས་བདུན་པའི་ཀྲུང་གོ་རྒྱལ་སྤྱིའི་ནང་འདྲེན་དངོས་མང་འགྲེམ་ཚོགས་ཚེས5ནས་ཚེས10ཉིན་བར་ཧྲང་ཧའེ་རུ་འཚོགས་རྒྱུ་ཡིན་པ་དང་། ད་ལོ་མཚོ་སྔོན་གྱི་ལས་ཁུངས413ཞུགས་ཡོད་པས་ཚོགས་ཞུགས་ལས་ཁུངས་དང་མི་གྲངས་གཉིས་ཀའི་ཐད་ནས་སྐབས་རིམ་བྱུང་གི་ཟིན་ཐོ་གསར་པ་བཏོད་ཡོད་པ་རེད། 10 མཚོ་བྱང་ཁུལ་ཞིང་ཕྱུགས་ཞབས་ཞུ་ལྟེ་གནས་ཀྱིས་འདེབས་གསོ་བྱས་པའི་ནས་ཀྱི་སྣ་ཁ་གསར་པ། “པེ་ཆིན་ཨང་རྟགས14པར”2024ལོའི་ཟླ7པར་ཞིང་ལས་དང་གྲོང་གསེབ་པུའུ་ཡི“ཞིང་ལས་སྐྱེ་དངོས་གཙོ་བོ་མིན་པའི་རིགས་ཀྱི་ཐོ་འགོད་ལག་ཁྱེར”ཐོབ་པ་དང་། ཟླ11པའི་ཚེས4ཉིན་མཚོ་སྔོན་ཞིང་ཆེན་ཚན་རྩལ་ཐིན་གྱི“མཚོ་སྔོན་ཞིང་ཆེན་ཚན་རིག་ལག་རྩལ་གྲུབ་འབྲས་ལག་ཁྱེར”ཐོ་འགོད་ལེགས་གྲུབ་བྱུང་། 11 ཚེས6ཉིན་གྱི་ཆུ་ཚོད08པ་ནས་ཚེས7ཉིན་གྱི་ཆུ་ཚོད20བར་དུ། པད་མ་རྫོང་གི་ཞང་དང་གྲོང་རྡལ་ཁག་ཁ་ཤས་ལ་ཧའོ་སྨིད0.1ནས1བར་གྱི་ཁངས་ཆུང་ཆུང་དང་ཁངས་ཆར་འདྲེས་མ་འབབ་པ་དང་། ཞིང་ཆེན་ནང་ཁུལ་གྱི་ས་ཁུལ་གཞན་དག་ལ་གནམ་ཐང་བའམ་ཡང་ན་སྤྲིན་མང་པའི་གནམ་གཤིས་ཡོད་པ་རེད།