《མཚོ་སྔོན་བོད་ཡིག་ཚན་རྩལ་ཚགས་པར》འགྲེམས་སྤེལ་གཟེངས་བསྟོད་ཚོཊ་འདུ།
发布时间:2024年11月29日
消息来源:
རྩོམ་སྒྲིག ཚེ་གཟུངས་སྐྱིད། ཡོང་ཁུངས།
མཚོ་སྔོན་བོད་ཡིག་ཚན་རྩལ་ཚགས་པར། བཤེར་འབེབས། ཚེ་བརྟན་བཀྲ་ཤིས། ཟླ11པའི་ཚེས27ཉིན། 《མཚོ་སྔོན་བོད་ཡིག་ཚན་རྩལ་ཚགས་པར》དང《མཚོ་སྔོན་ཚན་རྩལ་ཚགས་པར》གཉིས་ཀྱི2024ལོའི་འགྲེམས་སྤེལ་བྱ་བའི་གཟེངས་བསྟོད་ཚོགས་འདུ་ཟི་ལིང་གྲོང་ཁྱེར་དུ་འཚོགས་ཤིང་། ཚོགས་འདུའི་ཐོག2024ལོར“ཚགས་པར”གཉིས་ཀྱི་འགྲེམས་སྤེལ་བྱ་བའི་ཁྲོད་བྱས་རྗེས་འབུར་ཐོན་བཞག་པའི་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཚན་རྩལ་མཐུན་ཚོགས་སོགས་སྔོན་ཐོན་ཐུན་མོང་ཚོགས་པ14དང་མ་ཀྲའོ་ཅུན་སོགས་སྔོན་ཐོན་མི་སྒེར14ལ་བྱ་དགའ་གནང་སྟེ་གཟེངས་བསྟོད་བྱས། མཚོ་སྔོན་ཞིང་ཆེན་ཚན་རིག་ལག་རྩལ་མཐུན་ཚོགས་ཀྱི་ཏང་ཙུའུ་ཁོངས་མི་དང་ཀྲུའུ་ཞི་གཞོན་པ་ལུའོ་ཧྲུན་པང་ཚོགས་འདུར་ཞུགས་ཤིང་གཏམ་བཤད་གནང་།

ལུའོ་ཧྲུན་པང་གིས་གཏམ་བཤད་ཁྲོད་བསྟན་དོན། 《མཚོ་སྔོན་བོད་ཡིག་ཚན་རྩལ་ཚགས་པར》དང《མཚོ་སྔོན་ཚན་རྩལ་ཚགས་པར》གཉིས་ནི་རང་ཞིང་གི་ཚན་རྩལ་རིགས་ཀྱི་ཕྱོགས་བསྡུས་ཚགས་པར་གཅིག་པུ་ཡིན་ཞིང་། རང་ཞིང་གི་ཚན་རྩལ་མཐུན་ཚོགས་རྩ་འཛུགས་ཀྱི་དྲིལ་སྒྲོག་འཐབ་ར་དང་ཚན་སྤེལ་ཡོ་བྱད་གལ་ཆེན་ཞིག་ཀྱང་ཡིན་པའི་ཆ་ནས། “ཚགས་པར་གཉིས”ཀྱི་འགྲེམས་སྤེལ་བྱ་བ་ལ་ཞིང་ཆེན་ཚན་རྩལ་མཐུན་ཚོགས་ཀྱིས་སྔར་ནས་བཟུང་ཚད་མཐོ་བའི་མཐོང་ཆེན་བྱས་ཏེ་ལོ་རེའི་གཙོ་གནད་བྱ་བའི་འཆར་གཞིའི་ནང་དུ་བཅུག་ཡོད་པར་མ་ཟད། 《རྩ་གནད》དོན་འཁྱོལ་བྱ་བའི་དཔྱད་ཞིབ་ནང་དོན་ཞིག་ཀྱང་ཡིན། ཉེ་བའི་ལོ་འདི་དག་ལ། མཚོ་སྔོན་བོད་ཡིག་ཚན་རྩལ་ཚགས་པར་ཁང་དང་མཚོ་སྔོན་ཞིང་ཆེན་ཚན་སྤེལ་སྨྱན་སྦྱོར་ཚད་ཡོད་འགན་ལེན་ཀུང་སི་གཉིས་ཀྱིས་ཞིང་ཆེན་ཚན་རྩལ་མཐུན་ཚོགས་ཀྱི་ཏང་ཙུའུ་ཡི་བླང་བྱ་ལྟར། རང་ཞིང་གི་ས་རྒྱ་ཆེ་ཞིང་མི་རིགས་མང་བ། རྨང་གཞི་ཞན་པ། ཚན་སྤེལ་བྱ་བའི་ཁྱབ་རྒྱ་ཆེ་བ་སོགས་ཀྱི་དངོས་ཡོད་གནས་ཚུལ་ལ་དམིགས་ནས། དྲིལ་སྒྲོག་རྐྱེན་སྲོལ་དང་ཁྱབ་སྤེལ་བྱེད་ཐབས་ལ་བཅོས་བསྒྱུར་གཏིང་ཟབ་བྱས་ཏེ། 《མཚོ་སྔོན་བོད་ཡིག་ཚན་རྩལ་ཚགས་པར》དང《མཚོ་སྔོན་ཚན་རྩལ་ཚགས་པར》གྱི་གླེང་ཕྱོགས་དྲིལ་སྒྲོག་དང་ཚན་སྤེལ་དྲིལ་སྒྲོག་གི་འཐབ་ར་གཙོ་བོ་དང་འབྲེལ་ལམ་གཙོ་བོའི་བྱེད་ནུས་འདོན་སྤེལ་གང་ལེགས་བྱས་པའི་རྨང་གཞིའི་ཐོག རང་འགུལ་ངང་དེང་རབས་ཀྱི་ཚན་རིག་ཁྱབ་སྤེལ་ཁ་ཕྱོགས་དང་རོང་འབྲོག་མང་ཚོགས་ཀྱི་དགོས་མཁོ་ལྟར། ཧུར་ཐག་གིས་སྨྱན་སྦྱོར་མཉམ་འདྲེས་ལ་སྐུལ་འདེད་བཏང་ནས། “ཚན་རིག་དང་མི་ཆོས། ཀློག་སྤྲོ”བཅས་ཀྱི་ཁྱབ་སྤེལ་ཁྱད་ཆོས་འབུར་དུ་བཏོད་དེ། དྲ་ལམ་དང་དྲ་ལམ་མ་ཡིན་པའི་བྱེད་ཐབས་ཟུང་འབྲེལ་སྒོས་དམངས་ཡོངས་ཅན་གྱི་ཚགས་པར་སྨྱན་སྦྱོར་ཁྱབ་སྤེལ་གཙོ་བོ་དང་སྨྱན་སྦྱོར་ཡོངས་ཀྱི་འབྲེལ་ལམ་མང་བའི་རིགས་དབྱེའི་ཁྱབ་སྤེལ་ཕལ་བར་བྱས་པའི་ཚན་རིག་ཁྱབ་སྤེལ་གྱི་ལམ་བུ་གསར་བ་འཚོལ་ཞིབ་བྱས་ནས། གླེང་ཕྱོགས་སྣེ་ཁྲིད་དང་ཚན་རིག་ཤེས་བྱ་ཁྱབ་གདལ། ཚན་རིག་ལག་རྩལ་ཁྱབ་སྤེལ་བཅས་མཉམ་འབྲེལ་ནུས་ལྡན་བྱས་པ་བརྒྱུད། ཁེབས་རྒྱ་ཆེ་བའི་ཁྱབ་སྤེལ་དྲ་རྒྱ་ཞིག་གྲུབ་པར་མ་ཟད། ནུས་ལྡན་ངང་ཚན་རྩལ་ཁྱབ་སྤེལ་གྱི་ནུས་པ་མཐོར་འདེགས་དང་ཚན་སྤེལ་ཁེབས་ཚད་ཇེ་ཆེར་བཏང་སྟེ། ཚན་རྩལ་གྱིས་དཔལ་འབྱོར་འཕེལ་རྒྱས་དང་སྤྱི་ཚོགས་ཡར་ཐོན་ཁྲོད་ཐོན་པའི་སྣེ་ཁྲིད་དང་འདེགས་སྐྱོར་གྱི་ནུས་པ་མངོན་པར་བྱས་ཤིང་། “སྔོན་འགྲོ་གཅིག་དང་སྤུས་ལེགས་གཉིས”ཀྱི་འཐབ་ཇུས་ལག་བསྟར་ལ་སྐུལ་འདེད་བཏང་སྟེ། འབྱོར་ཕྱུག་དང་དཔལ་ཡོན། འཆམ་མཐུན། མཛེས་སྡུག་བཅས་ཀྱི་མཚོ་སྔོན་གསར་བ་འཛུགས་སྐྲུན་བྱེད་པར་ནུས་ཤུགས་ལྡན་པའི་གླེང་ཕྱོགས་ཀྱི་རྒྱབ་སྐྱོར་འདོན་སྤྲོད་བྱས་ཡོད།

ཁོང་གིས་བླང་བྱ་བཏོན་དོན། 2025ལོའི《མཚོ་སྔོན་བོད་ཡིག་ཚན་རྩལ་ཚགས་པར》དང《མཚོ་སྔོན་ཚན་རྩལ་ཚགས་པར》གྱི་འགྲེམས་སྤེལ་བྱ་བ་ལེགས་པར་བསྒྲུབས་ཏེ། ཞིང་ཆེན་ཡོངས་སུ་ཚན་རིག་ལ་དགའ་བ་དང་ཚན་རིག་སློབ་པ། ཚན་རིག་སྤྱོད་པ་བཅས་ཀྱི་མཁའ་དབུགས་ལེགས་པོ་བསྐྲུན་ནས། རིམ་པ་སོ་སོའི་ཚན་རྩལ་མཐུན་ཚོགས་ཀྱིས་གོམ་གང་མདུན་སྤོས་ངང་བསམ་བློའི་ངོས་འཛིན་གཅིག་གྱུར་བྱས་ནས། རིགས་ལམ་གསར་གཏོད་དང་རྐྱེན་སྲོལ་འཐུས་ཚང་། གཞི་རིམ་ལ་ཞབས་ཕྱི། ཁེབས་ཚད་ཆེར་གཏོང་བཅས་ཀྱི་རྩ་དོན་ལྟར། ནུས་ལྡན་གྱི་བྱེད་ཐབས་སྣ་ཚོགས་སྤྱད་དེ། ཧུར་བརྩོན་གྱིས་དྲིལ་སྒྲོག་བྱེད་པ་དང་ཚད་མཐོའི་འོས་འགན་སྒྲུབ་སེམས། འགན་ཁུར་གྱི་འདུ་ཤེས་བཅས་ལ་བརྟེན་ནས། “ཚགས་པར་གཉིས”ཀྱི་འགྲེམས་སྤེལ་དང་མངག་ཉོའི་བྱ་བ་ནན་ཏན་ངང་བསྒྲུབས་པ་བརྒྱུད། 2025ལོའི་མངག་ཉོའི་ཁ་གྲངས་ལོ་སྔོན་མའི་རྨང་གཞིའི་ཐོག་བརྟན་འཇགས་ངང་ཇེ་མཐོར་གཏོང་བ་དང་། “ཚགས་པར་གཉིས”ནི་ཚན་རྩལ་ཆ་འཕྲིན་བརྒྱུད་སྒྲོག་དང་ཚན་རིག་ཤེས་བྱ་ཁྱབ་གདལ། ཚན་རྩལ་མཐུན་ཚོགས་ཀྱི་བྱ་བའི་གྲུབ་འབྲས་མངོན་པའི་སྟེགས་བུ་དང་ཐེག་གཟུགས་སུ་གྱུར་ནས། ཚན་རྩལ་མཐུན་ཚོགས་རྩ་འཛུགས་ཀྱི་ཤུགས་རྐྱེན་ཐེབས་ཚད་མཐོར་འདེགས་གཏོང་དགོས།

ཚོགས་འདུའི་ཐོག ཞོན་ཧྭ་ས་ལར་རིགས་རང་སྐྱོང་རྫོང་ཚན་རྩལ་མཐུན་ཚོགས་ཀྱི་སྙིང་ལྕགས་རྒྱལ་སོགས་ཀྱི་འཐུས་མི་འགའ་ཡིས་སྤེལ་རེས་གཏམ་བཤད་བྱས། གཟེངས་བསྟོད་ཚོགས་འདུའི་མཇུག་ཏུ་རང་ཞིང་གི་ཚན་རྩལ་མཐུན་ཚོགས་རྩ་འཛུགས་ཀྱི་གཞི་རིམ་འཕྲིན་གཏོང་བ་ལ་གསར་འགྱུར་རྩོམ་སྒྲིག་བྱ་བའི་གསོ་སྦྱོང་བྱས་པ་རེད།
2024年度《青海藏文科技报》《青海科技报》发行工作表彰会在西宁召开
11月27日,《青海藏文科技报》《青海科技报》2024年发行表彰会在西宁召开。会议对在2024年度“两报”发行工作中做出突出贡献的海南藏族自治州科协等14个先进集体和马兆珺等14名先进个人进行了表彰。青海省科协党组成员、副主席罗顺邦参加会议并讲话。罗顺邦在讲话中指出,《青海藏文科技报》《青海科技报》是我省唯一的科技类综合报纸。作为我省科协组织重要的宣传阵地和科普工具,两报的宣传和发行工作一直以来受到省科协的高度重视,列入每年度重点工作计划,并作为《纲要》实施工作的考核内容之一。近年来,按照省科协党组的要求,青海藏文科技报社和青海省科普传媒有限责任公司针对我省地域广、多民族、基础差,科普工作面广线长的实际情况,深化宣传机制和传播方式改革,在充分发挥《青海藏文科技报》《青海科技报》舆论宣传和科普宣传主阵地、主渠道作用的基础上,主动适应当代科学传播发展趋势和农牧区受众需求,积极推进媒体融合,突出“科学、人文、悦读”的传播特色,探索线上线下相结合,以纸媒普众化传播为主、全媒体多渠道分众传播为辅的科学传播新路子,将舆论引导和科学知识普及、科技推广有效结合,形成了覆盖广泛的传播网络,有效地提升了科技传播能力,扩大了科普覆盖面,为彰显科技在经济发展和社会进步中的引领和支撑作用,推动“一优两高”战略实施,助力富饶、文明、和谐、美丽新青海建设提供了有力的舆论支持。他要求,为做好2025年度《青海藏文科技报》《青海科技报》发行工作,在全省营造爱科学、学科学、用科学的良好氛围,各级科协组织要进一步统一思想认识,按照“创新思路、完善机制、服务基层、推进覆盖”的原则,采取多种有效形式,积极广泛进行宣传,以高度的使命感和责任心,精心组织好两报发行征订工作,确保2025年征订数在上年度的基础上稳中有升,让两报成为传递科技信息、普及科学知识和展示科协工作的平台和载体,进而提升科协组织的影响力。会上,循化撒拉族自治县科协娘吉加等参会代表作了交流发言。会后,对我省科协组织基层通讯员进行了新闻采编业务培训。