མཚོ་བྱང་གིས“ས་ཆ་གསུམ་དུ་ཚོང་ཁང100”གཉེར་བའི་ལག་བསྟར་ཇུས་གཞི།
发布时间:2024年12月05日 消息来源:

རྩོམ་སྒྲིག ཚེ་གཟུངས་སྐྱིད།  ཡོང་ཁུངས། མཚོ་བྱང་ཁུལ་རྒྱང་སྒྲོག་བརྙན་འཕྲིན་ཁང་། བཤེར་འབེབས། ཚེ་བརྟན་བཀྲ་ཤིས། 
མཚོ་བྱང་ཁུལ་གྱིས་ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་ཀྱི“ས་ཆ་གསུམ་དུ་ཚོང་ཁང་བརྒྱ”གཉེར་བའི2024ལོའི་ལག་བསྟར་ཇུས་གཞི།(ཚོད་སྤྱོད།)

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཚོ་སྔོན་ཞིང་ཆེན་གྱི་ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་ཕྱིར་གཏོང་ཁུལ་གཏོད་རྒྱུའི་སྐོར་གྱི་བླང་བྱ་གལ་ཆེན་ལག་བསྟར་དོན་འཁྱོལ་གཏིང་ཟབ་དང་། མཚོ་བྱང་ཁུལ་ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་ཕྱིར་གཏོང་ཁུལ་གྱི་སྣེ་ཁྲིད་ཁུལ་ནུས་ཤུགས་ཡོད་རྒུས་གཏོད་པ། “མདོ་ལ་རི་འདབས་ཀྱི་ཕྱུགས་ར་བཟང་པོའི”ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་ས་ཁོངས་སྤྱི་སྤྱོད་ཆས་རྟགས་མགྱོགས་མྱུར་ངང་སྐྱེད་སྲིང་བྱེད་པ། ཆས་རྟགས་ཀྱི་རིན་ཐང་མ་ལག་གཏོད་པ། ཐོན་རྫས་ཀྱི་ཁྲོམ་རའི་ཚོང་ལམ་རྒྱ་ཆེར་གཏོང་བ་བཅས་བྱ་ཆེད།《མཚོ་བྱང་ཁུལ་གྱིས་ཞིང་ཕྱུགས་ཁྱབ་ཁོངས་སོགས་ས་གནས་ཀྱི་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱེད་པའི་ཆེད་དོན་མ་དངུལ་ལག་བསྟར་ཞིབ་སྲོལ》གྱི་གཏན་འབེབས་གཞིར་བཟུང་། མཚོ་བྱང་ཁུལ་གྱི་དོན་དངོས་དང་ཟུང་འབྲེལ་བྱས་ནས་ཇུས་གཞི་འདི་བཟོས་པ་ཡིན།
གཅིག འཛུགས་སྐྲུན་གྱི་རྩ་དོན། 
(གཅིག)སྲིད་གཞུང་གི་ཁྲིད་སྟོན། མཚོ་བྱང་གི་ཞིང་ཕྱུགས་ཐོན་ཁུངས་ཀྱི་ལེགས་ཆར་གཞི་ཚུགས་ཏེ་སྲིད་གཞུང་སྡེ་ཚན་གྱིས་ས་ཁོངས་སྤྱི་སྤྱོད་ཆས་རྟགས་ཀྱི་རྩེ་རིམ་ཇུས་འགོད་དང་ཕུགས་ཕན་འཕེལ་རྒྱས་ལམ་སྲོལ་འཛུགས་རྒྱུར་གཙོ་ཁྲིད་བྱེད་པ་དང་། དེ་མཚུངས་སྲིད་གཞུང་གི་རོགས་སྐྱོར་སྲིད་ཇུས་ཆ་སྒྲིག་བྱེད་པ། སྤྱི་པའི་ཞབས་ཞུའི་མཁོ་སྤྲོད་ཇེ་ལེགས་སུ་གཏོང་བ་བཅས་བྱས་ནས་ཚོང་གཉེར་ཁོར་ཡུག་བཟང་པོ་བཏོད་པ།
(གཉིས)ཁྲོམ་རའི་གཙོ་ཁྲིད། ཁྲོམ་རའི་ཐོན་ཁུངས་བཀོད་སྒྲིག་ཁྲོད་ཀྱི་ཐག་གཅོད་རང་བཞིན་གྱི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ་ཁྲོམ་རའི་ཐོན་ཁུངས་བཀོད་སྒྲིག་ལ་ཤུགས་སྣོན་པ་དང་། ཐོན་རྫས་དང་རིག་གནས་ཀྱི་རིན་ཐང་སྔོག་འདོན་བྱེད་པ། སྐྱེ་ཁམས་ཆས་རྟགས་ཀྱི་གཏམ་རྒྱུད་ཡག་པོར་བཤད་པ། ཚོང་ཁ་རྒྱུག་པའི་ཐོན་རྫས་སྣ་ཚོགས་ཐོན་སྐྱེད་བྱེད་པ་བཅས་བྱས་ནས་ཁྲོམ་རའི་འཛད་སྤྱོད་ཚོགས་སྤྱིའི་དགོས་མཁོ་བསྐང་བ།
(གསུམ།)ཁེ་ལས་གཙོ་གཞི། ཆ་རྐྱེན་དང་མཐུན་པའི་ཁྲོམ་རའི་གཉེར་སྐྱོང་བྱེད་པོས“མདོ་ལ་རི་འདབས་ཀྱི་ཕྱུགས་ར་བཟང་པོའི”ཞིང་ཕྱུགས་ཐོན་རྫས་ས་ཁོངས་ཀྱི་སྤྱི་སྤྱོད་ཆས་རྟགས་སྤྱོད་རྒྱུར་ལྕག་སྐུལ་བྱས་ཏེ་ཆས་རྟགས་ཀྱི་སྐད་གྲགས་ཆོད་ཚད་དང་ཤུགས་རྐྱེན་ནུས་པ་ཆེ་རུ་གཏོང་བ་དང་། འཁྱག་འབྲེལ་ཟོང་འགྲུལ་མ་ལག་འཐུས་ཚང་དུ་བཏང་ནས་ཁེ་ལས་ཀྱི་ཁྲོམ་རའི་འགྲན་རྩོད་ནུས་པ་ཆེ་རུ་གཏོང་བ།
(བཞི།)མཐུན་སྦྱོར་འཛུགས་སྐྱོང་། སྡེ་ཚན་མང་པོ་དང་རིམ་པ་མང་པོའི་མཉམ་སྐྲུན་རྒྱུན་འཁྱོངས་ཀྱིས་སྲིད་གཞུང་གི་གཙོ་ཁྲིད་ནུས་པ་དང་། སྡེ་ཚན་གྱི་མཐུན་སྦྱོར་ནུས་པ། ཁེ་ལས་ཀྱི་གཙོ་གཞིའི་ནུས་པ་བཅས་འདོན་སྤེལ་གང་ལེགས་བྱས་ཏེ“ས་ཆ་གསུམ་དུ་ཚོང་ཁང་བརྒྱ”འཛུགས་སྐྱོང་གི་སེམས་ཤུགས་གཅིག་སྒྲིལ་དང་མཉམ་གཏོད་མཉམ་རྒྱལ་གྱི་རྣམ་པ་གསར་བ་ཆགས་པར་བྱེད་པ།
གཉིས། དམིགས་འབེན་ལས་འགན། 
ལོ་གཉིས་ནས་གསུམ་གྱི་དུས་ཚོད་བེད་སྤྱད་དེ“མདོ་ལ་རི་འདབས་ཀྱི་ཕྱུགས་ར་བཟང་བོ”དེ་རྒྱལ་ནང་གི་སྐད་གྲགས་ཆེ་བའི་ཞིང་ཕྱུགས་ཐོན་རྫས་ས་ཁོངས་ཀྱི་སྤྱི་སྤྱོད་ཟོང་རྟགས་ཤིག་ཏུ་སྐྱེད་སྲིང་བྱེད་པ་དང་། ཞིང་ལས་ཐོན་རྫས་ཀྱི་ས་ཁམས་མཚོན་རྟགས་དང་། ལྗང་མདོག་ཐོན་རྫས། སྐྱེ་ལྡན་ཐོན་རྫས་བཅས་ལྟེ་བར་བྱེད་པའི་ཐོན་རྫས་མ་ལག་བསྐྲུན་པ། ཁྲོམ་རའི་ཚོང་གཉེར་དྲ་བ་ཁྱོན་ཡོངས་ནས་བསྐྲུན་པ། ཟོང་རྟགས་ཀྱི་རིན་ཐང་མ་ལག་གཞི་རྩའི་ཆ་ནས་ཆགས་པ་བཅས་བྱ་རྒྱུ། དེའི་ནང2024ལོར་ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་ཀྱི“ས་ཆ་གསུམ་དུ་ཚོང་ཁང་བརྒྱ”གཉེར་བའི་ཇུས་གཞི་ལྟར་ཚོང་ཁང30ནས40བར་བསྐྲུན་རྒྱུ། 
གསུམ། འཛུགས་སྐྲུན་ནང་དོན། 
“ས་ཆ་གསུམ་དུ་ཚོང་ཁང་བརྒྱ”གཉེར་བ་ཞེས་པ་ནི་མཚོ་བྱང་ཁུལ་གྱི་ཁྱད་ལྡན་ཐོན་ལས་མཁོ་སྤྲོད་སྦྲེལ་ཐག་དང་ཚོང་གཉེར་སྦྲེལ་ཐག་བསྐྲུན་པའི་བྱེད་སྒོ་གཉེར་བའི་ཁུལ་ཕྱི་ནང་གི་ཁེ་ལས་སྣ་ཚོགས་ཀྱིས་མཚོ་སྔོན་ཞིང་ཆེན་གྱི་ཕྱི་ནས(གཙོ་བོ་པེ་ཅིང་དང་ཐེན་ཅིན། ཧོ་པེ། འབྲི་ཆུའི་ཟུར་གསུམ་ཁུལ། ཀྲུའུ་ཅང་གཙང་པོའི་ཟུར་གསུམ་ཁུལ། ཁྲེང་ཏུའུ་དང་ཁྲུང་ཆིང་སོགས་ས་ཁུལ)བཙུགས་པའི་མཚོ་བྱང་ཁུལ་གྱི་ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་བྲིན་ཚོང་གཙོ་བོར་བྱེད་པའི་དངོས་གཞིའི་ཚོང་ཁང(ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་འགྲེམས་འཚོང་ལྟེ་གནས་དང་ཁྱད་ལྡན་ཐོན་རྫས་ཆེད་འཚོང་ཁང་། ཆས་རྟགས་ཆེད་སྒྲོམ་བཅས་ཚུད་པ)ཁག་གི་སྤྱི་མིང་ཡིན།
བཞི། འཛུགས་སྐྲུན་ཆ་རྐྱེན།
མཚོ་བྱང་ཁུལ་གྱི་ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས“ས་ཆ་གསུམ་དུ་ཚོང་ཁང་བརྒྱའི”འཛུགས་སྐྲུན་བྱེད་པོར་གཤམ་གསལ་གྱི་གཞི་རྩའི་ཆ་རྐྱེན་ཚང་དགོས་པ་སྟེ། གཏན་འཇགས་ཀྱི་ཚོང་གཉེར་གནས་ཡུལ་ཡོད་པ་དང་། རང་ཚུགས་ཀྱིས་ཁེ་ལས་གཉེར་སྐྱོང་བྱེད་པའི་ཐོབ་ཐང་ལྡན་པ། འབྲེལ་ཡོད་ཀྱི་གཉེར་སྐྱོང་ཆོག་འཐུས་ཐོབ་ཐང་གི་ཆ་རྐྱེན་འཛོམས་དགོས་པ། ཉོ་སྒྲུབ་དང་ཕྱིར་འཚོང་གི་རྩིས་ཁྲ་བཟོས་ཡོད་པ། སྤྱི་ཚོགས་མ་ལག་གི་མཚན་སྙན་བཟང་བ། གཅིག་གྱུར་གྱི་མ་དཔེ་གཞིར་བཟུང་ནས“མདོ་ལ་རི་འདབས་ཀྱི་ཕྱུགས་ར་བཟང་པོའི”ས་ཁོངས་ཀྱི་སྤྱི་སྤྱོད་ཆས་རྟགས་ཀྱི་སྒོ་བྱང་མཚོན་རྟགས་བཟོ་དགོས་པ་བཅས་ཡིན།
(གཅིག)མཚོ་སྔོན་མཚོ་བྱང་གི་ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་བཤམ་འཚོང་ལྟེ་གནས། 
གཙོ་བོ་མཚོ་བྱང་ཁུལ་གྱི་ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་བྲིན་ཚོང་བྱ་རྒྱུ་གཙོ་བོར་བྱེད་པ་དང་བྲིན་ཚོང་བསྡུར་ཚད་བརྒྱ་ཆའི80ལས་མི་ཉུང་བ། མཚོ་བྱང་གི་ཁེ་ལས10ལས་མི་ཉུང་བའི་ཐོན་རྫས་སྣ་ཁ40ཕྱིར་ཚོང་བྱེད་པ། ལོ་འཁོར་དུ་མཚོ་བྱང་གི་ཞིང་ཕྱུགས་ཐོན་རྫས་ཉོ་སྒྲུབ་བྱེད་པའི་དངུལ་གྲངས་སྒོར་ཁྲི300(ཉོ་སྒྲུབ་གན་རྒྱ་དང་དངུལ་སྒྱུར་ཐོ་འགོད་ཡོད་པ།)ལས་མི་ཉུང་བ། གཏན་འཇགས་ཚོང་གཉེར་གནས་ཡུལ་གྱི་དོན་དངོས་བེད་སྤྱོད་པའི་རྒྱ་ཁྱོན་སྨི་གྲུ་བཞི་མ100ལས་མི་ཉུང་བ། གཟིགས་སྐྱོང་སྲིད་ཇུས་ལོངས་སྤྱོད་བྱས་རྗེས་ཀྱི་གཉེར་སྐྱོང་ཡུན་ཚད་ལོ་གསུམ་ལས་མི་ཉུང་བ། གྲོང་ཁྱེར་གྱི་གྲོང་མི་འདུས་སྡོད་ཁུལ་དུ་གཉེར་སྐྱོང་བྱེད་ཡུལ་འདེམས་དགོས་པ་བཅས་ཡིན།
(གཉིས)མཚོ་སྔོན་མཚོ་བྱང་གི་ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་ཀྱི་ཁྱད་ལྡན་ཐོན་རྫས་ཆེད་འཚོང་ཁང་། 
གཙོ་བོ་མཚོ་བྱང་ཁུལ་གྱི་ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་བྲིན་ཚོང་བྱ་རྒྱུ་གཙོ་བོར་བྱེད་པ(མནའ་སྦྲེལ་ཚོང་ཁང་དང་ཚབ་ཚོང་ཁང་སོགས་ཕུད)དང་། བྲིན་ཚོང་བསྡུར་ཚད་བརྒྱ་ཆའི60ལས་མི་ཉུང་བ་དང་། མཚོ་བྱང་གི་ཁེ་ལས5ལས་མི་ཉུང་བའི་ཐོན་རྫས་སྣ་ཁ20ཕྱིར་འཚོང་བྱེད་པ། ལོ་འཁོར་དུ་མཚོ་བྱང་གི་ཞིང་ཕྱུགས་ཐོན་རྫས་ཉོ་སྒྲུབ་བྱེད་པའི་དངུལ་གྲངས་སྒོར་ཁྲི200ལས་མི་ཉུང་བ(ཉོ་སྒྲུབ་གན་རྒྱ་དང་དངུལ་སྒྱུར་ཐོ་འགོད་ཡོད་པ།) གཏན་འཇགས་གཉེར་སྐྱོང་བྱ་ཡུལ་དངོས་སུ་བེད་སྤྱོད་པའི་རྒྱ་ཁྱོན་སྨི་གྲུ་བཞི་མ40ལས་མི་ཉུང་བ། གཟིགས་སྐྱོང་སྲིད་ཇུས་ལོངས་སྤྱོད་བྱས་རྗེས་ཀྱི་གཉེར་སྐྱོང་ཡུན་ཚད་ལོ་གསུམ་ལས་མི་ཉུང་བ། གྲོང་ཁྱེར་གྱི་གྲོང་མི་འདུས་སྡོད་ཁུལ་དུ་གཉེར་སྐྱོང་བྱེད་ཡུལ་འདེམས་དགོས་པ་བཅས་ཡིན།
(གསུམ)མཚོ་སྔོན་མཚོ་བྱང་གི་ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་ཀྱི་ཚོང་ར་དང་སྒོ་རྩིས་ཚོང་ཁང་གི་ཆེད་སྒྲོམ། 
གཙོ་བོ་མཚོ་བྱང་ཁུལ་གྱི་ལྷད་མེད་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་བྲིན་རྒྱུ་གཙོ་བོར་བྱེད་པ་དང་། བྲིན་ཚོང་བསྡུར་ཚད་བརྒྱ་ཆའི་དྲུག་ཅུ་ལས་མི་ཉུང་བ། མཚོ་བྱང་གི་ཁེ་ལས3ལས་མི་ཉུང་བའི་ཐོན་རྫས་སྣ་ཁ10ཕྱིར་འཚོང་བྱེད་དགོས་པ། ལོ་འཁོར་དུ་མཚོ་བྱང་གི་ཞིང་ཕྱུགས་ཐོན་རྫས་ཉོ་སྒྲུབ་བྱེད་པའི་དངུལ་གྲངས་སྒོར་ཁྲི100ལས་མི་ཉུང་བ(ཉོ་སྒྲུབ་གན་རྒྱ་དང་དངུལ་སྒྱུར་ཐོ་འགོད་ཡོད་པ)བཤམ་སྒྲོམ(ཟོང་སྒྲོམ)ལོགས་སུ་འཇོག་དགོས་པ་དང་དེའི་རྒྱ་ཁྱོན་སྨི་གྲུ་བཞི་མ20ལས་མི་ཉུང་བ། གཟིགས་སྐྱོང་སྲིད་ཇུས་ལོངས་སྤྱོད་བྱས་རྗེས་ཀྱི་གཉེར་སྐྱོང་ཡུན་ཚད་ལོ་གསུམ་ལས་མི་ཉུང་བ་བཅས་ཡིན།
ལྔ། ཁ་གསབ་རོགས་དངུལ་སྤྲོད་པའི་ཚད་གཞི། 
མཚོ་བྱང་ཁུལ་གྱིས་ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་ཀྱི“ས་ཆ་གསུམ་དུ་ཚོང་ཁང་བརྒྱ”གཉེར་བའི་ནོར་སྲིད་ཁ་གསབ་མ་དངུལ་དེ་མཚོ་བྱང་ཁུལ་གྱི་ས་གནས་ཀྱི་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་ཀྱི་ཆེད་དོན་མ་དངུལ་ནས་གཏོང་རྒྱུ་ཡིན་ཞིང《མཚོ་བྱང་ཁུལ་གྱི་ཞིང་ཕྱུགས་ཁྱབ་ཁོངས་སོགས་ས་གནས་ཀྱི་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱེད་པའི་ཆེད་དོན་མ་དངུལ་ལག་བསྟར་ཞིབ་སྲོལ》ལག་བསྟར་བྱ་ཚུལ་གཞིར་བཟུང་སྟེ། སྤྱི་འདོམས་བཀོད་སྒྲིག་བྱ་རྒྱུ་ཡིན། ཁ་གསབ་ཐད་འགྲོ་གྲོན་ཁ་གསབ་དང་བྱས་འབྲས་ཁ་གསབ་ཀྱི་བྱ་ཐབས་སྤྱད་དེ། “ས་ཆ་གསུམ་དུ་ཚོང་ཁང་བརྒྱའི”གཉེར་སྐྱོང་ཆ་རྐྱེན་དང་མཐུན་པའི་འཛུགས་སྐྲུན་བྱེད་པོར་མ་དངུལ་ཁ་གསབ་སྤྲོད་རྒྱུ་ཡིན། “ས་ཆ་གསུམ་དུ་ཚོང་ཁང་བརྒྱ”གཉེར་མཁན་གྱིས་ཁ་གསབ་དོན་ཚན་མང་པོ་དང་མཐུན་ཚེ་མཉམ་དུ་ཁ་གསབ་རེ་ཞུ་བྱས་ཆོག ཁ་གསབ་ཀྱི་འབྲེལ་ཡོད་གྲངས་གཞིའི་ཞིབ་རྩིས་ཀྱི་མགོ་ཚུགས་དུས་ཚོད་ནི2023ལོའི་ཟླ1པོའི་ཚེས1ཉིན་ནས2024ལོའི་ཟླ12པའི་ཚེས31ཉིན་བར་ཡིན། འབྲེལ་ཡོད་ནོར་སྲིད་ཀྱི་ཁ་གསབ་རོགས་དངུལ་ལོངས་སྤྱོད་བྱས་ཟིན་པ་ལ་བསྐྱར་དུ་ཁ་གསབ་སྤྲོད་རྒྱུ་མིན། ཁ་གསབ་རོགས་དངུལ་གྱི་ཞིབ་ཕྲའི་ཚད་གཞི་གཤམ་གསལ་ལྟར།
(གཅིག)མཚོ་སྔོན་མཚོ་བྱང་གི་ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་བཤམ་འཚོང་ལྟེ་གནས།
1. ཚོང་ཁང་གི་གྲོན་དངུལ་ཁ་གསབ། ཚོང་ཁང་རེར་ཐེངས་གཅིག་ལ་གྲོན་དངུལ་ཁ་གསབ་སྒོར་ཁྲི40སྤྲོད་རྒྱུ།
2. ཉོ་སྒྲུབ་བྱས་འབྲས་ཀྱི་ཁ་གསབ། ཉོ་སྒྲུབ་ཀྱི་དངུལ་གྲངས་སྒོར་ཁྲི300མན་གྱི་ཆ་ཤས་ལ་བརྒྱ་ཆའི་གསུམ་གྱི་ཚད་གཞིར་གཞིགས་ནས་ཁ་གསབ་སྤྲོད་རྒྱུ་དང་། ཉོ་སྒྲུབ་ཀྱི་དངུལ་གྲངས་སྒོར་ཁྲི300ཡན་གྱི་ཆ་ཤས་ལ་བརྒྱ་ཆ་ལྔ་ཡི་ཚད་གཞིར་གཞིགས་ནས་ཁ་གསབ་སྤྲོད་རྒྱུ། ཁ་གསབ་རོགས་དངུལ་ཆེས་མང་ན་སྒོར་ཁྲི30ལས་མི་བརྒལ་བ་ཡིན།
(གཉིས)མཚོ་སྔོན་མཚོ་བྱང་གི་ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་ཀྱི་ཁྱད་ལྡན་ཐོན་རྫས་ཆེད་འཚོང་ཁང་།
1. ཚོང་ཁང་གི་གྲོན་དངུལ་ཁ་གསབ། ཚོང་ཁང་རེར་ཐེངས་གཅིག་ལ་གྲོན་དངུལ་ཁ་གསབ་སྒོར་ཁྲི20སྤྲོད་རྒྱུ།
2. ཉོ་སྒྲུབ་བྱས་འབྲས་ཀྱི་ཁ་གསབ། ཉོ་སྒྲུབ་ཀྱི་དངུལ་གྲངས་སྒོར་ཁྲི200མན་གྱི་ཆ་ཤས་ལ་བརྒྱ་ཆའི་གསུམ་གྱི་ཚད་གཞིར་གཞིགས་ནས་ཁ་གསབ་སྤྲོད་རྒྱུ་དང་། ཉོ་སྒྲུབ་ཀྱི་དངུལ་གྲངས་སྒོར་ཁྲི200ཡན་གྱི་ཆ་ཤས་ལ་བརྒྱ་ཆ་ལྔ་ཡི་ཚད་གཞིར་གཞིགས་ནས་ཁ་གསབ་སྤྲོད་རྒྱུ། ཁ་གསབ་རོགས་དངུལ་ཆེས་མང་ན་སྒོར་ཁྲི20ལས་མི་བརྒལ་བ་ཡིན།
(གསུམ)མཚོ་སྔོན་མཚོ་བྱང་གི་ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་ཀྱི་ཚོང་ར་དང་སྒོ་རྩིས་ཚོང་ཁང་གི་ཆེད་སྒྲོམ། 
1. ཚོང་ཁང་གི་གྲོན་དངུལ་ཁ་གསབ། ཚོང་ཁང་གི་ཆེད་སྒྲོམ་རེར་ཐེངས་གཅིག་ལ་གྲོན་དངུལ་ཁ་གསབ་སྒོར་ཁྲི10སྤྲོད་རྒྱུ།
2. ཉོ་སྒྲུབ་བྱས་འབྲས་ཀྱི་ཁ་གསབ། ཉོ་སྒྲུབ་ཀྱི་དངུལ་གྲངས་སྒོར་ཁྲི100མན་གྱི་ཆ་ཤས་ལ་བརྒྱ་ཆའི་གསུམ་གྱི་ཚད་གཞིར་གཞིགས་ནས་ཁ་གསབ་སྤྲོད་རྒྱུ་དང་། ཉོ་སྒྲུབ་ཀྱི་དངུལ་གྲངས་སྒོར་ཁྲི100ཡན་གྱི་ཆ་ཤས་ལ་བརྒྱ་ཆ་ལྔ་ཡི་ཚད་གཞིར་གཞིགས་ནས་ཁ་གསབ་སྤྲོད་རྒྱུ། ཁ་གསབ་རོགས་དངུལ་ཆེས་མང་ན་སྒོར་ཁྲི10ལས་མི་བརྒལ་བ་ཡིན། 
དྲུག ཁ་གསབ་ཀྱི་གོ་རིམ། 
“ཁེ་ལས་ཀྱིས་འཛུགས་སྐྲུན་དང་རང་བདག་རེ་ཞུ། གཅིག་སྡུད་ཞིབ་བཤེར། ཐོ་འགོད་སྙན་སེང་དོ་དམ”བཅས་ཀྱི་རྩ་དོན་གཞིར་བཟུང་ཐོ་འགོད་སྙན་ཞུ་གཅིག་གྱུར་དང་སྒོ་བྱང་གཅིག་གྱུར། ཨང་གྲངས་གཅིག་གྱུར་བཅས་ཀྱི་ཐོག་ནས་ཆ་རྐྱེན་དང་མཐུན་པའི་ཐོན་སྐྱེད་གཉེར་སྐྱོང་བྱེད་པོར་མ་དངུལ་ཁ་གསབ་སྤྲོད་རྒྱུ། སྙན་སེང་ཞུ་བར་གཤམ་གསལ་གྱི་གོ་རིམ་ཚང་དགོས།
(གཅིག)དུས་སྔོན་གྱི་ཞུ་ཚགས་འབུལ་དགོས་པ།
“ས་ཆ་གསུམ་དུ་ཚོང་ཁང་བརྒྱ”གཉེར་མཁན་ཚོས་དུས་སྔོན་གྱི་ཞུ་ཚགས་འབུལ་དགོས་ལ། དུས་སྔོན་གྱི་ཞུ་ཚགས་ཀྱི་ཆ་འཕྲིན་ནང་གཙོ་བོ་སྡེ་ཁག་གི་གཞི་རྩའི་ཆ་འཕྲིན་དང་མ་འཇོག་གཞི་ཁྱོན། ཐོན་རྫས་རིགས་དབྱེ། གཉེར་ཚོང་འཆར་གཞི། ཆེད་སྒྲོམ་གྱི་ས་གནས་དང་གནས་ཡུལ། རྒྱ་ཁྱོན་སོགས་ཚུད་དགོས། “ས་ཆ་གསུམ་དུ་ཚོང་ཁང་བརྒྱ”གཉེར་མཁན་ཚོར་ཁུལ་ཞིང་ཕྱུགས་དང་བཟོ་འཕྲིན། མཁོ་འཚོང་སོགས་ལས་ཁུངས་ཀྱི་ཞིབ་དཔྱད་མོས་མཐུན་ཐོབ་རྗེས་ད་གཟོད་དངོས་སུ་ཐོ་འགོད་བྱས་པ་ཡིན།
(གཉིས།)ཡིག་ཞུ་འབུལ་བར་རྩ་འཛུགས་བྱེད་དགོས་པ། 
ཁུལ་རིམ་པའི་ཞིང་ཕྱུགས་དང་བཟོ་འཕྲིན། མཁོ་འཚོང་། ཁྲོམ་ར་ལྟ་སྐུལ་བཅས་ལས་ཁུངས་ཀྱིས་མཉམ་དུ་རེ་ཞུའི་བརྡ་ཐོ་བསྒྲགས་པ་དང་ཡིག་ཞུ་འབུལ་མཁན་གྱིས་མ་དངུལ་གྱི་འདུན་ཞུའི་རེའུ་མིག་འབྲི་བ་དང་འབྲེལ་འབྲེལ་ཡོད་ཀྱི་དཔང་རྟགས་དཔྱད་གཞི་མཁོ་འདོན་བྱས་ཏེ་རྫོང་རིམ་པའི་ལས་རིགས་གཙོ་གཉེར་སྡེ་ཚན་གྱིས་ཞིབ་བཤེར་གཏན་འབེབས་བྱས་རྗེས་ཁུལ་རིམ་པའི་ལས་རིགས་གཙོ་གཉེར་སྡེ་ཚན་ལ་འབུལ་དགོས་པ་དང་། རྩ་དོན་ཐོག་ལོ་མཇུག་ཏུ་གཅིག་སྡུད་རེ་ཞུ་ཐེངས་རེ་བྱེད་དགོས་ལ་ཞིབ་ཕྲའི་གནས་ཚུལ་དོན་དངོས་བརྡ་ཐོ་ཚད་གཞིར་འཛིན་དགོས།
(གསུམ)ཞིབ་དཔྱད་ལམ་སྲོལ་འཛུགས་པ། 
ཁུལ་རིམ་པའི་ཞིང་ཕྱུགས་ལས་ཁུངས་ཀྱིས་ནོར་སྲིད་དང་བཟོ་འཕྲིན། མཁོ་འཚོང་སོགས་ལས་ཁུངས་དང་མཉམ་དུ་འདུན་ཞུའི་དཔྱད་གཞིའི་ཡིག་རིགས་ལ་གཅིག་སྡུད་དཔྱད་ཞིབ་བྱེད་པ་དང་འབྲེལ་དོན་དངོས་གནས་ཚུལ་ལ་གཞིགས་ནས་ཡུལ་དངོས་སུ་ཞིབ་དཔྱད་བསྡུར་བཤེར་བྱས་ཏེ་ཞིབ་བཤེར་བྱས་འབྲས་ཁུལ་སྲིད་གཞུང་ལ་ཞིབ་འཇུག་དང་ཞིབ་བཤེར་གཏན་འབེབས་བྱ་རྒྱུར་འབུལ་དགོས།
(བཞི)ཞིབ་བཤེར་གཏན་འབེབས་བྱས་འབྲས་ཡོངས་བསྒྲགས་བྱེད་པ། 
ཞིབ་དཔྱད་བྱས་འབྲས་གཅིག་སྡུད་ཐོག་ཡོངས་བསྒྲགས་བྱེད་པ་དང་སྤྱི་ཚོགས་ལས་རིགས་ཁག་གི་ལྟ་སྐུལ་དང་ལེན་བྱས་ནས་ཡོངས་བསྒྲགས་བྱས་རྗེས་གོ་རིམ་ལྟར་ཁ་གསབ་མ་དངུལ་སྤྲོད་རྒྱུ། “ས་ཆ་གསུམ་དུ་ཚོང་ཁང་བརྒྱ”གཉེར་བར་འགུལ་རྣམ་དོ་དམ་བྱེད་པ་དང“མིང་ཐོ་ནག་པོའི”ལམ་ལུགས་འཛུགས་དགོས། རེ་འདུན་ཞུ་མཁན་གྱིས་རེ་ཞུའི་དཔྱད་གཞིའི་བདེན་མིན་རང་བཞིན་ལ་འགན་འཁུར་དགོས་པ་དང་རེ་ཞུ་རྫུན་མར་བརྟེན་ནས་ཁ་གསབ་མ་དངུལ་གཡོ་ལེན་བྱས་ཚེ་ཐོབ་ཐང་མེད་པར་བཟོས་ནས་འབྲེལ་ཡོད་གཏན་འབེབས་གཞིར་བཟུང་བཅའ་ཁྲིམས་དང་སྒྲིག་སྲོལ་ནང་བཞིན་ཁྲིམས་ཀྱི་འགན་འཁྲི་བདའ་འདེད་གཏོང་རྒྱུ། 
བདུན། འགན་སྲུང་བྱེད་ཐབས། 
(གཅིག)རྩ་འཛུགས་མགོ་ཁྲིད་ལ་ཤུགས་སྣོན། 
ཁུལ་ནོར་སྲིད་ཅུས་ཀྱིས་སྤྱི་འདོམས་མཐུན་སྦྱོར་གྱི་འགན་འཁུར་བ་དང་། ཁུལ་ཞིང་ཕྱུགས་དང་ཚན་རྩལ་ཅུས་ཀྱིས་སྣེ་ཁྲིད་དེ་འགན་འཁུར་བ། ཁུལ་བཟོ་ཚོང་དང་ཆ་འཕྲིན་ཅུས་དང་། ཁུལ་མཁོ་འཚོང་མཉམ་ལས་ཁང་། ཁུལ་ཁྲོམ་ར་ལྟ་སྐུལ་དོ་དམ་ཅུས་བཅས་ཀྱིས་གཞོགས་འདེགས་ཞིབ་ཕྲ་བྱས་ཏེ་ཞིབ་བཤེར་མཛུབ་ཁྲིད་ལ་ཤུགས་སྣོན་དང་རྗེས་སྙེགས་དཔྱད་ཞིབ་ལ་ཤུགས་བསྣན་ནས། ཁ་གསབ་མ་དངུལ་བཀོད་སྒྲིག་དང་བེད་སྤྱོད་ལུགས་མཐུན་དང་ཚད་ལྡན་ཡོང་བར་འགན་ལེན་བྱ་དགོས། “ས་ཆ་གསུམ་དུ་ཚོང་ཁང་བརྒྱ”གཉེར་བའི་ཞིབ་ཕྲའི་བྱ་བ་དེ་ཁུལ་ཞིང་ཕྱུགས་དང་ཚན་རྩལ་ཅུས་གསལ་བཤད་བྱེད་དབང་ཡོད།
(གཉིས)ཆས་རྟགས་འོས་སྦྱོར་ལ་ཤུགས་སྣོན། 
ཆས་རྟགས་གྲགས་ཅན་དྲིལ་སྒྲོག་དང་འོས་སྦྱོར་བྱ་འགུལ་ཧུར་ཐག་སྒོས་སྤེལ་ཏེ་ཐོན་སྐྱེད་གཉེར་སྐྱོང་བྱེད་པོ་དག་ཞིང་ལས་ཐོན་རྫས་ཀྱི་ཉོ་ཚོང་ཚོགས་འདུ་དང་ཞིང་ལས་ཐོན་རྫས་ཀྱི་དངོས་མང་འགྲེམ་སྟོན། ཚོང་རྟགས་གྲགས་ཅན་འོས་སྦྱོར་ཚོགས་འདུ་སོགས་ཀྱི་ཁྲོད་ཞུགས་པར་རྩ་འཛུགས་བྱེད་དགོས་ལ། ཁ་གཏད་རོགས་སྐྲུན་རོགས་སྐྱོར་ལམ་སྲོལ་བེད་སྤྱོད་གང་ལེགས་བྱས་ནས་ཐོན་རྫས་འཚོང་གཉེར་འོས་སྦྱོར་དང་ཆས་རྟགས་ཁྱབ་སྤེལ་བྱེད་ཤུགས་ཆེ་རུ་བཏང་སྟེ། ཆས་རྟགས་གྲགས་ཅན་གྱི་ཤུགས་རྐྱེན་དང་སྐད་གྲགས་ཆོད་ཚད་མུ་མཐུད་དུ་རྒྱ་བསྐྱེད་དགོས།
(གསུམ)དྲིལ་སྒྲོག་ཁྲིད་སྟོན་ཤུགས་ཆེར་གཏོང་བ། 
རྒྱང་སྒྲོག་དང་བརྙན་འཕྲིན། སྨྱན་སྦྱོར་གསར་བ་སོགས་ཀྱི་བྱ་ཐབས་སྣ་ཚོགས་བེད་སྤྱད་དེ“ས་ཆ་གསུམ་དུ་ཚོང་ཁང་བརྒྱ”གཉེར་བའི་གལ་ཆེའི་དོན་སྙིང་དྲིལ་སྒྲོག་རྒྱ་ཁྱབ་དང་། དུས་ཐོག་ཏུ་ཉམས་མྱོང་ཕྱོགས་བསྡོམས་དང་དཔེ་མཚོན་འདེམས་འཛུགས་བཅས་བྱས་ནས་སྤྱི་ཚོགས་ཡོངས་ཀྱིས་དོ་ཁུར་དང་ནང་ཞུགས། རྒྱབ་སྐྱོར་བཅས་བྱེད་པའི་ཁོར་ཡུག་བཟང་པོ་གཏོད་དགོས།

ཟུར་བཀོད།“ས་ཆ་གསུམ་དུ་ཚོང་ཁང་བརྒྱའི”སྒོ་བྱང་མཚོན་རྟགས་བཟོ་ཚད།