གསར་འགྱུར་གལ་ཆེན།
发布时间:2024年12月06日 消息来源:

རྩོམ་སྒྲིག་པ། ཚེ་གཟུངས་སྐྱིད། ཡོང་ཁུངས། མཚོ་བྱང་ཁུལ་མི་དམངས་སྲིད་གཞུང་དྲ་བ། བཤེར་འབེབས། ཚེ་བརྟན་བཀྲ་ཤིས།

ཞི་ཅིན་ཕིང་གིས་ཆ་འཕྲིན་རོགས་སྐྱོར་དཔུང་སྡེར་གཟིགས་ཞིབ་གནང་སྐབས། དེང་རབས་ཅན་གྱི་ཆ་འཕྲིན་རོགས་སྐྱོར་དཔུང་སྡེ་སྟོབས་ཆེན་ཞིག་ཧུར་ཐག་གིས་བསྐྲུན་ནས་རང་རེའི་དམག་དཔུང་གི་དྲ་རྒྱའི་ཆ་འཕྲིན་མ་ལག་འཛུགས་སྐྲུན་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་དགོས་ཞེས་ནན་བཤད་གནང་ཡོད། 

ཟླ12པའི་ཚེས5ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ནེ་ཐུང་པོ·ནན་ཏི-ཨེན་ཏའེ་ཐེ་ཝ་ལ་གློག་འཕྲིན་བཏང་ནས་ཁོང་ན་སྨི་པི་ཡ་སྤྱི་མཐུན་རྒྱལ་ཁབ་ཀྱི་ཙུང་ཐུང་ལ་བདམས་པར་རྟེན་འབྲེལ་ཞུས་པ་རེད། 


ཉེ་ཆར། ཀྲུང་གུང་ཀྲུང་དབྱང་གཞུང་དོན་ཐིང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གིས《རྣམ་པ་གསར་པའི་གྲོང་ཁྱེར་གྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ལ་སྐུལ་འདེད་བཏང་ནས་མཉེན་ཆ་ལྡན་པའི་གྲོང་ཁྱེར་འཛུགས་སྐྲུན་སྐོར་གྱི་བསམ་འཆར》པར་འགྲེམས་བྱས། 

ཚེས5ཉིན། ནོར་སྲིད་པུས་བསམ་འཆར་བསྡུ་ལེན་མ་ཟིན་ཡོངས་བསྒྲགས་བྱས་ཏེ། སྲིད་གཞུང་གི་ཉོ་སྒྲུབ་ཁྲོད་རང་རྒྱལ་གྱི་ཐོན་རྫས་ལ་རང་རྒྱལ་གྱི་ཐོན་རྫས་མིན་པ་ལས20%ཡི་རིན་གོང་ཞིབ་དཔྱད་གཟིགས་སྐྱོང་བྱ་རྒྱུ་རེད། 

ཚོང་དོན་པུའི་གྲངས་གཞི་ལས་མངོན་པར། ད་ལོའི་ཟླ་དང་པོ་ནས་བཅུ་པའི་བར་རང་རྒྱལ་གྱི་ཞབས་ཞུ་ཕྱིར་གཏོང་ནང་འདྲེན་གྱི་དངུལ་འབོར་མི་དམངས་ཤོག་སྒོར་དུང་ཕྱུར61255.8ཟིན་པ་དེ་དུས་མཚུངས་ལས14.6%འཕར་ཡོད། 

ཚེས5ཉིན་གྱི་ཆུ་ཚོད12དང་སྐར་མ41སྟེང་རང་རྒྱལ་གྱིས་ཐའེ་ཡོན་སྲུང་སྐར་འཕེན་གཏོང་ལྟེ་གནས་ནས་རྒྱང་སྐྱོད་ཨང་དྲུག་པ་སྐྱེལ་འདྲེན་མེ་ཤུགས་འཕུར་མདའ་སྤྱད་དེ་ཆན་ཧྥན་འཁོར་ལམ་སྲུང་སྐར་ཚོགས་པ03མཁའ་དབྱིངས་སུ་འཕེན་གཏོང་བྱས། 

ཚེས5ཉིན་འཇར་པན་གྱི“རུའེ་པའོ་ཝུའུ”རྟགས་ཅན་གྱི་ཉ་གྲུ་ཁྲིམས་འགལ་ངང་རང་རྒྱལ་གྱི་ཏེའོ་ཡུས་གླིང་ཕྲན་གྱི་མཚོ་ཁོངས་སུ་ཡོང་བ་དང་། ཀྲུང་གོའི་མཚོ་ཐོག་ཉེན་རྟོག་དམག་གྲུས་ཁྲིམས་ལྟར་དེར་དགོས་ངེས་ཀྱི་དོ་དམ་ཚོད་འཛིན་བྱ་ཐབས་སྤྱད་པ་དང་འབྲེལ་ཉེན་བརྡ་བཏང་ནས་ཕྱིར་འབུད་བྱས་པ་རེད། 

ཧྥ་རན་སེའི་སྨྱན་སྦྱོར་གྱིས་གནས་ཚུལ་སྤེལ་བར་གཞིགས་ན། ཧྥ་རན་སེའི་ཙུང་ཐུང་མ་ཁེ་ལུང་གིས་ཚེས5ཉིན་ཙུང་ལི་པ་ཉི་ཡེ་ཡི་ལས་དགོངས་ཞུ་བར་ཆོག་མཆན་སྤྲད་པ་རེད། 

སྤྱི་ཚོགས།

ཀྲུང་གོ་གནམ་གཤིས་ཅུ་ཡིས་གནས་ཚུལ་སྤེལ་བར་གཞིགས་ན། ཟླ་བཅུ་གཉིས་པར་བྱང་ཤར་གྱི་ས་ཁུལ་མང་ཆེ་བ་དང་། ཧྭ་ཤར་གྱི་ལྷོ་རྒྱུད། ཧྭ་ལྷོའི་དབུས་ལྷོ་རྒྱུད། ལྷོ་ནུབ་ས་ཁུལ་གྱི་ཤར་ལྷོའི་རྒྱུད་སོགས་སུ་དྲོད་ཚད་རྒྱུན་གཏན་གྱི་དུས་མཚུངས་ལས་ཅུང་དམའ་བ་ཕུད། རང་རྒྱལ་གྱི་ས་ཁུལ་གཞན་དུ་དྲོད་ཚད་རྒྱུན་གཏན་གྱི་དུས་མཚུངས་ལས་ཅུང་མཐོ་བ་ཡོད་པ་རེད། 

ཞིང་ལས་དང་གྲོང་གསེབ་པུའི་ཡོངས་བསྒྲགས་གསར་ཤོས་ལས་མངོན་པར། ཟླ11པའི་ཚེས15ཉིན་རྒྱལ་ཡོངས་ཀྱི་ས་རྒྱུ་ཡོངས་ཁྱབ་ཞིབ་བཤེར་གྱི་ཕྱི་ལས་བརྟག་དཔྱད་དང་དཔེ་ལེན་གྱི་ལས་འགན་ཐེངས་གསུམ་པ་དུས་བཀག་ལྟར་ལེགས་གྲུབ་བྱུང་བ་དང་དཔེ་ལེན་ས་ཚིགས་ཁྱོན་ཁྲི287.2ཡོད། 

གྲངས་གཞི་ལས་མངོན་པར། ཟླ11པར་པེ་ཅིང་གྲོང་ཁྱེར་གྱི་ཉིས་བརྒྱུད་ཁང་པའི་དྲ་བར་མིང་རྟགས་འགོད་ཚད་ཁྲི1.85ཟིན་ནས་ཟླ20རིང་གི་ཟིན་ཐོ་གསར་པ་བཏོད་ཡོད་པ་རེད། 

ཧེ་ལུང་ཅང་ཞིང་ཆེན་གྱིས་ཇུས་གཞི་པར་འགྲེམས་བྱས་ཏེ། 2030ལོར་སླེབས་སྐབས་ཧེ་ལུང་ཅང་ཞིང་ཆེན་གྱི་དར་རྩེད་ཐོན་ལས་ཀྱི་སྤྱིའི་ཐོན་རྫས་རིན་ཐང་སྒོར་དུང་ཕྱུར4500ལྷག་ཙམ་ཟིན་རྒྱུ་ཡིན་པ་བཏོན་ཡོད། 

ཚེས5ཉིན་ཀྲུང་གོ་དང་ཧྥི་ལི་ཕིན་རྒྱལ་ཁབ་གཉིས་ཀྱི་ཁྲིམས་འཛིན་སྡེ་ཚན་གྱིས་ཧྥི་ལི་ཕིན་དུ་རྒྱན་འགྱེད་ལས་རིགས་གཉེར་བའི་ཀྲུང་གོའི་སྤྱི་དམངས200ཙམ་ཀྲུང་གོར་ཕྱིར་སྐྱེལ་པ་རེད། 

ཚེས4ཉིན་གྱི་ཆུ་ཚོད23ཙམ་ལ་ཀོང་ཏུང་ཧྲེན་ཀྲེན་པའོ་ཨན་ཆུས་ཀྱི་ལས་ཡུལ་ཞིག་གི་ལམ་ངོས་བརྡིབས་པས། འཕྲལ་སྡོམ་དོ་དམ་པུས་ཚེས5ཉིན་ལས་དོན་ཚོགས་ཆུང་གནས་དེར་མངགས་གཏོང་བྱས། 

རང་རྒྱལ་གྱི་ཚན་ཞིབ་ཚོགས་པས་འབུད་རྫས་གློག་རྫས་ཀྱི་གྲངས་གཞི་ཅན་གྱི་ཇུས་འགོད་བྱ་ཐབས་གསར་བ་བཏོན་པ་དང་། འབྲེལ་ཡོད་གྲུབ་འབྲས་ཉེ་ཆར་རྒྱལ་སྤྱིའི་རིག་གཞུང་དུས་དེབ《ནུས་རྒྱུ་དང་ཁོར་ཡུག་ཚན་རིག》ཅེས་པའི་ཐོག་བཀོད་ཡོད།

 图片

ལོ5ལྷག་ཙམ་ལ་ཉམས་གསོ་བྱས་པ་བརྒྱུད་ཧྥ་རན་སེའི་ཕ་རི་སིའི་འཕགས་མའི་ལྷ་ཁང་ཚེས8ཉིན་ནས་བཟུང་སྤྱི་དམངས་ལ་སྒོ་འབྱེད་རྒྱུ་རེད། 图片

ཀོང་ཏུང་ཁྲའོ་ཀྲོའུ་ཡི་རླངས་འཁོར་ཞིག་སྟབས་མ་ལེགས་པར་ལམ་འགྲམ་གྱི་བུད་མེད་ཅིག་ལ་བརྡུངས་ནས་ཉེན་ཁ་ཆེ་བའི་སྐབས་སུ་ཉེ་འགྲམ་གྱི་མང་ཚོགས་ཚོས་གཅིག་རྗེས་གཉིས་མཐུད་ངང་རླངས་འཁོར་ཡར་བཀྱགས་ནས་བུད་མེད་དེ་བསྐྱབས། 

སྲིད་ཇུས།

ཧུའུ་ནན་གྱིས་སློབ་ཆེན་སློབ་མས་ཐོག་མར་གཉེར་བའི་ཁེ་ལས་སམ་ཡང་ན་ཐོག་མར་ཐོ་འགོད་བྱས་པའི་སྒེར་གཉེར་བཟོ་ཚོང་ཡིན་པ་མ་ཟད་ལོ་གཅིག་ཡན་རྒྱུན་གཏན་ངང་གཉེར་སྐྱོང་བྱས་ཡོད་ཚེ་ཉུང་མཐར་ཡང་སྒོར་ཁྲི1གི་ཐེངས་གཅིག་རང་བཞིན་གྱི་ལས་གཏོད་ཁ་གསབ་སྤྲོད་རྒྱུ་ཡིན་པའི་བྱ་ཐབས་པར་འགྲེམས་བྱས།

ཐེན་ཅིན་གྱིས་ཞིང་འཕྲུལ་ཁག་གཅིག་ཉོ་སྒྲུབ་ལ་ཁ་གསབ་སྒོར་མོ་སྤྲོད་རྒྱུ་ཡིན་ཏེ། འཕྲུལ་ཆས་ཉོ་མཁན་ཚང་མར་འཕྲུལ་ཆས་ཉོ་སྒྲུབ་ཀྱི་ཁ་གསབ་སྒོར་མོ་མཐོ་ཤོས་སྒོར་ཁྲི50སྤྲོད་རྒྱུ་ཡིན་པའི་ཇུས་གཞི་པར་འགྲེམས་བྱས།

ཁྲུང་ཆིང་གིས་འབྲས་སྐྲན་དང་སྦྲུམ་གྱི་གདོད་འགོག་ཚད་འཇལ་གཏན་འཁེལ་སོགས་སྨན་བཅོས་ཞབས་ཞུའི་རྣམ་གྲངས་ཀྱི་སྲིད་གཞུང་གི་མཛུབ་ཁྲིད་རིན་གོང་དམའ་རུ་གཏོང་རྒྱུ་དང་། རྣམ་གྲངས་ཁག་གཅིག་གི་གསར་བསྡུའི་རྣམ་གྲངས་མེད་པ་བཟོས་ནས་ཚད་གཞིའི་རིན་གོང་ལྟར་བསྡུ་རྒྱུ་ཡིན་པའི་བརྡ་ཐོ་བཏང་།

དེ་རིང་གི་གནམ་གཤིས། 

图片

ནང་སོག་གི་དབུས་རྒྱུད་དང་བྱང་ཤར་རྒྱུད་དང་། ཧྲན་ཏུང་གི་བྱང་རྒྱུད། ཧོ་པེ་ཡི་བྱང་རྒྱུད། ཧེ་ལུང་ཅང་གི་བྱང་རྒྱུད་དང་དབུས་ཤར་རྒྱུད། ཅི་ལིན་གྱི་ཤར་རྒྱུད། ཞིན་ཅང་བྱང་རྒྱུད་ཀྱི་ནུབ་བྱང་རྒྱུད། བོད་ལྗོངས་ཀྱི་ཤར་རྒྱུད། ཁྲོན་ནུབ་མཐོ་སྒང་གི་བྱང་རྒྱུད་སོགས་ཀྱི་ས་ཁུལ་ཁ་ཤས་སུ་ཁངས་ཆུང་ཆུང་ངམ་ཁངས་ཆར་འདྲེས་མ་འབབ་རྒྱུ་དང་། ས་ཆ་ཁ་ཤས་སུ་ཁངས་འབྲིང་ཙམ་འབབ་རྒྱུ་རེད། ལྷོ་ནུབ་ས་ཁུལ་གྱི་ཤར་རྒྱུད་དང་ལྷོ་རྒྱུད། འབྲི་ཆུའི་ལྷོ་རྒྱུད་ཀྱི་ས་ཁུལ་ཕལ་ཆེ་བ། ཧྭ་ལྷོའི་ནུབ་བྱང་རྒྱུད་སོགས་ས་ཁུལ་ཆ་ཤས་སུ་ཆར་ཆུང་ཆུང་ནས་འབྲིང་ཙམ་འབབ་རྒྱུ་དང་། དེའི་ནང་ཐའེ་ཝན་གླིང་ཕྲན་གྱི་ཤར་རྒྱུད་ས་ཁུལ་ཆ་ཤས་སུ་ཆར་ཆེན་འབབ་རྒྱུ་རེད།