མཚོ་སྔོན་ཡ་རྫིའི་དྲ་ལམ་ཐད་གཏོང་མཁན་ཞིག་ལ་སྐྱོན་བརྗོད་སློབ་གསོ་བཏང་པ།
发布时间:2024年12月23日 消息来源:

རྩོམ་སྒྲིག ཚེ་གཟུངས་སྐྱིད། ཡོང་ཁུངས། མཚོ་བྱང་མདོ་ལ་བོད་ཡིག་ཚགས་པར། བཤེར་འབེབས། ཚེ་བརྟན་བཀྲ་ཤིས།

ཟླ12པའི་ཚེས18ཉིན། མཚོ་ཤར་གྲོང་ཁྱེར་ཞུན་ཧྭ་ས་ལར་རིགས་རང་སྐྱོང་རྫོང་སྤྱི་བདེ་ཅུས་དྲ་བདེ་རུ་ཆེན་གྱིས་རྫོང་དྲ་འཕྲིན་གཞུང་སྒྲུབ་ཁང་དང་མཉམ་དུ་ཁྲིམས་ལྟར་དྲ་ལམ་ཐད་གཏོང་མཁན་ཞིག་ལ་ཁ་ཏ་སློབ་གསོ་བཏང་པ།

图片

རྒྱུས་ལོན་བྱུང་པ་ལྟར་ན། དྲ་རྒྱའི་སྤྱི་སྟེགས་ཤིག་གི་ཐད་གཏོང་མཁན་མཱ་ཆེ་གེ་མོས་ཐད་གཏོང་བྱེད་སྐབས་ཚུལ་མིན་གྱི་སྐད་ཆ་བཤད་ནས་ཤུགས་རྐྱེན་ངན་པ་བཟོས། ཁ་ཏ་སློབ་གསོ་བྱས་རིང་མི་དམངས་ཉེན་རྟོག་པས་དྲ་ལམ་ཐད་གཏོང་མཁན་དེར་སྐྱོན་བརྗོད་དང་སློབ་གསོ་ནན་མོ་བཏང་སྟེ་ཁོ་ལ་དྲ་ལམ་ཐད་གཏོང་མཁན་གྱི་འགན་འཁྲི་ཏན་ཏིག་སྒྲུབ་དགོས་པ་དང་སྤྱི་ཚོགས་ཀྱི་དྲང་ནུས་དར་སྤེལ་གཏོང་བ། འབྲེལ་ཡོད་ཁྲིམས་སྲོལ་དང་དོན་དངོས་ལ་བརྩི་སྲུང་ནན་མོ་བྱས་ཏེ་དྲ་རྒྱའི་ཁོར་ཡུག་གཙང་བཟོ་དང་ས་གནས་ཀྱི་སྣང་བརྙན་སྲུང་སྐྱོང་སྒོས་དཀྲོག་གཏམ་ལ་ཡིད་ཆེས་མི་བྱེད་པ་དང་དཀྲོག་གཏམ་བརྒྱུད་སྒྲོག་མི་བྱེད་པ། དཀྲོག་གཏམ་མི་བཟོ་བ་བཅས་བྱས་ནས་རྗེས་དཔག་ཡོད་པའི་སྒོ་ནས་དྲ་རྒྱའི་ཆ་འཕྲིན་ཡོངས་བསྒྲགས་བྱེད་པ་དང་དྭངས་གཙང་ཞི་མཐུན་གྱི་དྲ་རྒྱའི་བར་སྟོང་ཞིག་ཐུན་མོང་ཐོག་གཏོད་དགོས་པའི་བླང་བྱ་བཏོན།

图片

ཁ་ཏ་སློབ་གསོ་གཏོང་སྐབས། མི་དམངས་ཉེན་རྟོག་པས་ཐད་གཏོང་མཁན་དེར་རྩ་འཛུགས་བྱས་ཏེ《དྲ་སྦྲེལ་ཐད་གཏོང་ཞབས་ཞུའི་དོ་དམ་གཏན་འབེབས》དང《དྲ་རྒྱའི་ཆ་འཕྲིན་ནང་དོན་གྱི་སྐྱེ་ཁམས་བཅོས་སྐྱོང་གཏན་འབེབས》སོགས་ཁྲིམས་སྲོལ་ལ་སློབ་སྦྱོང་བྱས་པ་དང་འབྲེལ་ཁས་ལེན་ཡི་གེར་མིང་རྟགས་བཀོད། ཁ་ཏ་དང་སྐྱོན་བརྗོད་སློབ་གསོ་བཏང་བ་བརྒྱུད་ཐད་གཏོང་མཁན་དེས་རང་ཉིད་ཀྱི་ནོར་འཁྲུལ་ལ་ངོས་འཛིན་གཏིང་ཟབ་བྱུང་བ་དང་། དྲ་སྦྲེལ་གྱི་འབྲེལ་ཡོད་བཅའ་ཁྲིམས་དང་ཁྲིམས་སྲོལ་ལ་བརྩི་སྲུང་ནན་མོ་བྱེད་པ་དང་དཔལ་ཡོན་ལྡན་པའི་ངང་དྲ་ལ་འཇུག་པ་དང་ལུགས་མཐུན་ངང་སྐད་ཆ་བཤད་པ། རང་རྟོགས་ངང་དྲ་རྒྱའི་ཁོར་ཡུག་བཟང་པོ་སྲུང་སྐྱོང་བྱ་རྒྱུའི་ཁས་ལེན་དམ་བཅའ་བཞག