མཚོ་སྔོན་གཅན་ཚའི་དྲ་ལམ་ཐད་གཏོང་མཁན་ཞིག་ལ་སྐྱོན་བརྗོད་སློབ་གསོ་བཏང་བ།
发布时间:2024年12月24日 消息来源:

རྩོམ་སྒྲིག ཚེ་གཟུངས་སྐྱིད། ཡོང་ཁུངས། མཚོ་བྱང་མདོ་ལ་བོད་ཡིག་ཚགས་པར། བཤེར་འབེབས། ཚེ་བརྟན་བཀྲ་ཤིས།

ཟླ12པའི་ཚེས23ཉིན། མཚོ་སྔོན་ཞིང་ཆེན་གཅན་ཚ་རྫོང་སྤྱི་བདེ་ཅུས་དྲ་རྒྱའི་བདེ་འཇགས་རུ་ཆེན་གྱིས་རྫོང་ཨུའི་དྲ་རྒྱའི་ཆ་འཕྲིན་གཞུང་དོན་ཁང་དང་མཉམ་དུ་ཁོངས་གཏོགས་ཁུལ་གྱི་དྲ་ལམ་ཐད་གཏོང་མཁན་ཞིག་ལ་སྐྱོན་བརྗོད་སློབ་གསོ་བཏང་།

རྒྱུས་ལོན་བྱུང་བ་ལྟར་ན། ཉེ་ཆར། ཁོངས་གཏོགས་ཁུལ་གྱི་དྲ་དམངས་བསྟན་ཆེ་གེ་མོས་ཐད་གཏོང་བྱེད་སྐབས“མེ་མདའ”འགྲེམས་སྟོན་བྱས་པས་ཐད་གཏོང་དུ་མི་མང་པོ་འདུས་པ་དང་སྤྱི་ཚོགས་ཐོག་ཤུགས་རྐྱེན་ངན་པ་བཟོས། གཅན་ཚ་རྫོང་སྤྱི་བདེ་ཅུས་དྲ་རྒྱའི་བདེ་འཇགས་རུ་ཆེན་གྱིས་འཕྲལ་དུ་ཞིབ་བཤེར་བྱས་པ་བརྒྱུད། བསྟན་ཆེ་གེ་མོའི་ལག་ཏུ་ཡོད་པའི་མེ་མདའི་དཔེ་དབྱིབས་ནི་མེ་ཆ་ཡིན་ལ་ཁོ་ཆང་གིས་བཟི་རྗེས་ཐད་གཏོང་བྱས་པར་མ་ཟད་ཐད་གཏོང་ལམ་ནས་སྐད་ཆ་ཐ་ཤལ་བ་མང་བོ་བཤད་པ་ཤེས་རྟོགས་བྱུང་།

图片
དུས་བཏབ་གླེང་མོལ་སྐབས། མི་དམངས་ཉེན་རྟོག་པས་དྲ་ལམ་ཐད་གཏོང་མཁན་དེར་སྐྱོན་བརྗོད་དང་སློབ་གསོ་ནན་མོ་བཏང་སྟེ་ཁོ་ལ་དྲ་ལམ་ཐད་གཏོང་མཁན་གཙོ་བོའི་འགན་འཁྲི་ཏན་ཏིག་སྒྲུབ་དགོས་པ་དང་སྤྱི་ཚོགས་ཀྱི་དྲང་ནུས་དར་སྤེལ་གཏོང་བ། འབྲེལ་ཡོད་བཅའ་ཁྲིམས་དང་ཁྲིམས་སྲོལ་ལ་བརྩི་སྲུང་ནན་མོ་བྱེད་པ། དྲ་རྒྱའི་ཆ་འཕྲིན་ཚུལ་མཐུན་ངང་ཡོངས་བསྒྲགས་བཅས་བྱེད་དགོས་པའི་བླང་བྱ་བཏོན། དེ་དང་ཆབས་ཅིག་དྲ་ལམ་ཐད་གཏོང་མཁན་ལ《དྲ་སྦྲེལ་ཐད་གཏོང་ཞབས་ཞུའི་དོ་དམ་གཏན་འབེབས》དང《དྲ་རྒྱའི་ཆ་འཕྲིན་ནང་དོན་གྱི་སྐྱེ་ཁམས་བཅོས་སྐྱོང་གཏན་འབེབས》སོགས་ཀྱི་ནང་དོན་སློབ་སྦྱོང་ནན་ཏན་བྱེད་དུ་བཅུག་པ་དང་འབྲེལ《ཐད་གཏོང་བྱ་སྤྱོད་ཚུལ་མཐུན་བྱེད་པའི་ཁས་ལེན་ཡི་གེར》མིང་རྟགས་ཀྱང་བཀོད། དྲ་ལམ་ཐད་གཏོང་མཁན་དེས་མ་འོངས་པར་ཐེངས་འདིའི་སློབ་གསོ་དང་ལེན་བྱས་ནས་དྲ་སྦྲེལ་གྱི་འབྲེལ་ཡོད་བཅའ་ཁྲིམས་དང་ཁྲིམས་སྲོལ་ལ་བརྩི་སྲུང་ནན་མོ་བྱེད་པ་དང་། རང་དཔེ་གཞན་སྟོན་དང་དཔལ་ཡོན་ལྡན་པའི་ངང་དྲ་འཇུག་བྱེད་པ། རང་གཅུན་རང་འདོམས་ལ་ཤུགས་སྣོན་པ་བཅས་བྱས་ཏེ་ཀུན་སྤྱོད་ཀྱི་མ་མཐའི་མཚམས་ཐིག་མཐའ་གཅིག་ཏུ་སྲུང་རྒྱུ་ཡིན་ཞེས་བཤད།