ཀྲའོ་ལེ་ཅི་ཡིས་མགོ་འཛིན་གནང་ནས་རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཏང་ཙུའུ་ཡི་གྲོས་ཚོགས་བསྡུས་པ།
ཟླ1པོའི་ཚེས10ཉིན། རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཏང་ཙུའུ་ཡིས་ཚོགས་འདུ་འཚོགས་ཏེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་སྐབས་ཉི་ཤུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་སྟེང་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱས་ནས། དམངས་ཆེན་གྱི་ཏང་འཛུགས་དང་བྱ་བའི་དོན་དངོས་དང་ཟུང་འབྲེལ་བྱས་ནས་དོན་འཁྱོལ་བྱེད་ཐབས་ལ་ཞིབ་འཇུག་དང་ལག་བསྟར་བྱས། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་། ཏང་ཙུའུ་ཧྲུའུ་ཅི་ཀྲའོ་ལེ་ཅི་ཡིས་ཚོགས་འདུར་མགོ་འཛིན་གནང་ནས་གསུང་བཤད་གནང་།

གྲོས་ཚོགས་ལས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ནང་འདས་ཟིན་པའི་ལོ་གཅིག་རིང་ཕྱོགས་ཡོངས་ནས་ཏང་བཅོས་སྐྱོང་ནན་མོ་བྱས་པ་ལས་ཐོབ་པའི་འཕེལ་རྒྱས་གསར་པ་དང་ཕན་འབྲས་གསར་པར་ཁས་ལེན་གང་ལེགས་གནང་བ་དང་། མིག་སྔའི་རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཀྱི་གནས་བབ་ལ་དབྱེ་ཞིབ་རྟིང་ཐག་ཆོད་པ་བྱས་ཏེ། ངེས་པར་དུ་བཅོས་སྒྱུར་གྱི་སྙིང་སྟོབས་དང་ཚད་གཞི་ནན་མོ་སྤྱད་དེ། ཏང་དོ་དམ་དང་ཁྱོན་ཡོངས་ནས་ཏང་བཅོས་སྐྱོང་ནན་མོ་བྱེད་རྒྱུ་རྒྱུན་འཁྱོངས་བྱས་ནས། རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཀྱི་མཁྲེགས་གཏོར་དམག་འཐབ་དང་ཡུན་རིང་དམག་འཐབ། སྤྱིའི་དམག་འཐབ་བཅས་བློ་བརྟན་འགྱུར་མེད་ངང་ཡག་པོར་རྒྱག་རྒྱུའི་ཐད་བླང་བྱ་གསལ་པོ་བཏོན་པར་མ་ཟད། ཕྱོགས་ཡོངས་ནས་ཏང་བཅོས་སྐྱོང་ནན་མོ་ཟབ་སྤེལ་གཏོང་བའི་ཐད་ནས་ཀྱང་འཐབ་ཇུས་བཀོད་སྒྲིག་གང་ལེགས་བྱས་ཡོད། གསུང་བཤད་དེར་གཟིགས་རྒྱང་རིང་ལ་བསམ་བློ་རྒྱ་ཆེ་བ། ནང་དོན་ཕུན་སུམ་ཚོགས་པ། ཆབ་སྲིད་ཀྱི་རང་བཞིན་དང་བསམ་བློའི་རང་བཞིན། དམིགས་འབེན་རང་བཞིན། མཛུབ་སྟོན་གྱི་རང་བཞིན་བཅས་ཧ་ཅང་ཆེན་པོ་ལྡན་པར་བརྟེན། དེས་དུས་རབས་གསར་པ་དང་སྐྱོད་ལམ་གསར་པའི་སྟེང་དུ། ཕྱོགས་ཡོངས་ནས་ཏང་ནན་བཅོས་སྐྱོང་ནན་མོ་དང་རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཟབ་སྤེལ་གཏོང་བར་གཞི་འཛིན་ས་གལ་ཆེན་འདོན་སྤྲོད་བྱས་ཡོད། རྒྱལ་ཡོངས་དམངས་ཆེན་གྱི་རིམ་པོ་སོ་སོའི་ཏང་རྩ་འཛུགས་དང་ཏང་ཡོན་ལས་བྱེད་པས་དོན་དངོས་དང་ཟུང་འབྲེལ་བྱས་ནས་སློབ་སྦྱོང་དང་ལག་བསྟར་ནན་མོ་བྱས་ཏེ། ཕན་འབྲས་ཐོན་ཐུབ་པར་རྩེ་གཅིག་ཏུ་འབད་དགོས།
གྲོས་ཚོགས་ལས་ནན་གྱིས་བསྟན་དོན། ཏང་ཀྲུང་དབྱང་གིས་རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཀྱི་གནས་བབ་ལ་དབྱེ་ཞིབ་ཡང་དག་བྱས་པ་དང་བཀོད་སྒྲིག་གལ་ཆེན་གནང་བར་གོ་བ་མ་ནོར་བ་ལེན་དགོས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བསླབ་བྱ་ཟབ་མོ་བློ་ལ་བརྟན་པོར་ངེས་པར་བྱས་ནས། རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཀྱི་ཡིད་ཆེས་དང་ཆོད་སེམས་སྔར་ལས་ཇེ་བརྟན་དུ་གཏོང་རྒྱུ་དང་། རུལ་སུངས་བྱེད་མི་ཕོད་པ་དང་རུལ་སུངས་བྱེད་མི་ཐུབ་པ། རུལ་སུངས་བྱེད་མི་འདོད་པ་བཅས་ལ་གཞི་གཅིག་གི་སྒོ་ནས་སྐུལ་འདེད་གཏོང་བའི་ལམ་སྲོལ་དང་བྱེད་ཐབས་རྒྱུན་ཆད་མེད་པར་འཐུས་ཚང་དུ་བཏང་ནས། ཕྱོགས་ཡོངས་ནས་ཏང་ཀྲུང་དབྱང་གི་ཏང་བཅོས་སྐྱོང་ནན་མོ་བྱེད་དགོས་པའི་སྐོར་གྱི་བཀོད་སྒྲིག་བླང་བྱ་དོན་འཁྱོལ་ནན་མོ་བྱེད་དགོས།
གྲོས་ཚོགས་ལས་ནན་གྱིས་བསྟན་དོན། ཕྱོགས་ཡོངས་ནས་ཏང་བཅོས་སྐྱོང་ནན་མོ་བྱེད་པའི་རང་བདག་འགན་འཁྲི་ནན་ཏན་སྒོས་ལག་བསྟར་བྱེད་དགོས། རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཏང་ཙུའུ་དང་ལས་ཁུངས་ཀྱི་ཏང་ཙུའུ། ཡན་ལག་ཏང་ཙུའུ་བཅས་ཀྱིས་འགན་འཁྲི་ཤེས་པ་དང་འགན་འཁུར་པ། འགན་འཁྲི་སྒྲུབ་པ་བཅས་བྱེད་དགོས་པ་དང་། ཏང་ཙུའུ་ཧྲུའུ་ཅི་ཡིས་འོས་འགན་གཙོ་བོ་མཐའ་གཅིག་ཏུ་འཁུར་དགོས། ཏང་ཙུའུ་ཁོངས་མི་ཡིས“ལས་གནས་གཅིག་གི་སྟེང་ནས་འགན་འཁྲི་གཉིས་འཁུར་རྒྱུ”དོན་འཁྱོལ་ཡག་པོ་བྱེད་དགོས་ལ། རིམ་པ་གཅིག་གིས་རིམ་པ་གཅིག་ལ་སྣེ་ཁྲིད་བྱེད་རྒྱུ་དང་། མགོ་ཁྲིད་ཚན་ཁག་ལ་དོ་དམ་ཡག་པོ་བྱེད་པ། དཔུང་སྡེར་ཁྲིད་ཡག་པོ་བྱེད་པ། དོན་འཁྱོལ་དམ་འཛིན་བཅས་བྱས་ཏེ། གཟབ་ནན་གྱི་གཞི་གདངས་དང་གཟབ་ནན་གྱི་བྱེད་ཕྱོགས། གཟབ་ནན་གྱི་མཁའ་དབུགས་བཅས་ཡུན་རིང་རྒྱུན་འཁྱོངས་བྱེད་དགོས།