གངས་འཁྱགས་ཡུལ་སྐོར་གྱི་ཐོན་ཁུངས་དེ་དཔལ་འབྱོར་གྱི་ཡོང་སྒོར་གྱུར་པ།
发布时间:2025年02月12日 消息来源:

རྩོམ་སྒྲིག ཚེ་གཟུངས་སྐྱིད། ཡོང་ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར། བཤེར་འབེབས། ཚེགབརྟན་བཀྲ་ཤིས།

གངས་འཁྱགས་ཀྱིས་མི་རྣམས་ལ་སྦྱིན་པ་ནི་གྲང་ངར་ལས་མ་འདས་མོད། འོན་ཀྱང་མཚོ་སྔོན་དུ་གངས་འཁྱགས་ཡུལ་སྐོར་གྱི་རྣམ་གྲངས་སྣ་ཚོགས་སྤེལ་བས། གྲང་ངར་འདི་ལ་ཀུན་གྱི་དགའ་བསུ་ཐོབ་ཡོད།

图片
图片

སྤྱི་གླིང་ནང་གི་དར་ཤུད་ར་བར་དགའ་སྤྲོའི་དགོད་སྒྲས་ཁེངས་འདུག བྲེལ་འཚུབ་ཆེ་བའི་སློབ་སྐབས་གཅིག་གི་སློབ་སྦྱོང་མཇུག་རྫོགས་རྗེས། བྱིས་པ་ཚོ་ཁྱིམ་མི་དང་ལྷན་དུ་རྩེད་འཇོར་རོལ་བ་དང་། སེམས་ཁམས་ལྷོད་ལ་བབས་ཤིང་བརྩེ་བ་གཅིག་ཏུ་སྒྲིལ་ཡོད་པས། དར་ཤུད་ར་བ་དེ་དགའ་སྤྲོའི་མཚོ་མོ་རུ་གྱུར་ཡོད།

图片
图片

མིན་ཡོན་ཧུའེ་རིགས་རང་སྐྱོང་རྫོང་དུ་ཡོད་པའི་གངས་དཀར་རི་བོའི་བརྗིད་ཉམས་ཀྱིས་རི་འཛེག་དང་གངས་ཤུད་ལ་དགའ་བའི་ཡུལ་སྐོར་པ་མང་པོ་བཀུག་ཡོད་ལ། གནས་དེ་རུ་གངས་རིར་འགོ་བ་དང་རྟ་ལ་ཞོན་ནས་གངས་རིར་བལྟ་བ། ཁ་དོག་བདུན་ལྡན་གྱི་རྦབ་ཆུར་བལྟ་བ། ཁ་བས་གཡོགས་པའི་མདོ་ལ་རིང་མོའི་མཛེས་ཉམས་ལ་རོལ་བ་བཅས་བྱེད་ཀྱིན་འདུག

图片
图片

ད་དུང་ཟི་ལིང་དང་མཚོ་ཤར་སོགས་ས་ཁུལ་གྱི་དར་ཤུད་ར་བར་དེ་བས་ཀྱང་དགའ་སྤྲོའི་རྣམ་པས་ཁེངས་འདུག དར་ཤུད་ཀྱི་རོལ་རྩེད་རྣམ་གྲངས་སྣ་ཚོགས་ལ་བསྟེན་ནས་ཡུལ་སྐོར་པ་རྣམས་ཀྱིས་དར་ཤུད་གློད་པའི་སྤྲོ་སྣང་ཉམས་ལེན་བྱེད་པ་དང་། གངས་འཁྱགས་ཀྱིས་སྦྱིན་པའི་སྤྲོ་བ་ལོངས་སུ་སྤྱོད་ཀྱིན་འདུག

图片
图片

དགུན་གཞུང་གི་མཚོ་སྔོན་པོར་ཁྱད་དུ་འཕགས་པའི་ཁྱད་ཆོས་ཤིག་ལྡན། སྔོ་མདངས་རྒྱས་པའི་མཚོ་དར་ལ་ལྟ་ཞོར། མཚོ་ཆུ་དང་མཚོ་དར་གཞི་གཅིག་ཏུ་འདྲེས་པའི་རང་བྱུང་ཡུལ་ལྗོངས་ཀྱི་སྣང་ཚུལ་ཉམས་སུ་མྱངས་ཏེ། ཐུན་མོང་མ་ཡིན་པའི་མཚོ་སྔོན་པོ་ཞིག་ལ་རོལ་མྱོང་བྱེད་ཆོག

图片

དགུན་ཁར་རང་ཞིང་གིས་གངས་འཁྱགས་ཡུལ་སྐོར་རྣམ་གྲངས་ལ་བསྟེན་ནས། གྲང་ཤུར་ཤུར་གྱི་དགུན་ཁ་དེ་སྤྲོ་དགའི་ཁེངས་པའི་དགུན་ཁ་ཞིག་ཏུ་བསྒྱུར་བ་དང་། གངས་འཁྱགས་ཡུལ་སྐོར་གྱི་རྣམ་གྲངས་ཇེ་རྒྱས་ཇེ་ལེགས་སུ་བཏང་ཡོད། །