ཁ་བ་དྲག་པོ་བབས་ནས་མི12ཤི་བ་དང་མི158རྨས་འདུག
发布时间:2025年02月14日 消息来源:

རྩོམ་སྒྲིག ཚེ་གཟུངས་སྐྱིད། ཡོང་ཁུངས། མི་དམངས་དྲ་བ། བཤེར་འབེབས། ཚེ་བརྟན་བཀྲ་ཤིས།

ཚེས12ཉིན། ལྗར་པན་སྲིད་གཞུང་གིས་ཁྱབ་བསྒྲགས་བྱས་པའི་གཞི་གྲངས་ལས་མངོན་པར། རྒྱལ་ཁབ་དེའི་ས་ཆ་མང་པོ་ཞིག་ཏུ་ཉིན་ཤས་རིང་བསྟུད་མར་ཁ་བ་དྲག་པོ་བབས་ནས་མི12རྐྱེན་ལམ་དུ་ཤོར་བ་དང་མི158ལ་རྨས་སྐྱོན་ཕོག་ཡོད་པ་རེད། སྲིད་གཞུང་གིས་མང་ཚོགས་ལ་ཁ་བ་གཙང་སེལ་དང་ཕྱིར་སྐྱོད་སྐབས་བདེ་འཇགས་ལ་དོ་སྣང་བྱས་ནས་བསམ་ཡུལ་ལས་འདས་པའི་དོན་རྐྱེན་སྔོན་འགོག་བྱེད་དགོས་པའི་དྲན་སྐུལ་བྱས་པ་རེད། 

图片

ཟླ་འདིའི་ཚེས4ནས་བཟུང་། ད་ལོའི་དགུན་དུས་ཀྱི་གྲང་ངར་ཆེ་ཤོས་ཀྱི་ཤུགས་རྐྱེན་ཐེབས་པའི་དབང་གིས་ལྗར་པན་གྱི་ས་ཆ་མང་པོར་ཁ་བ་དྲག་པོ་བབས་པ་རེད། ཚེས12ཉིན་སྤྱི་གཉེར་ཞིང་ཆེན་མེ་གསོད་ཐིང་གིས་ཁྱབ་བསྒྲགས་བྱས་པའི་གཞི་གྲངས་ལས་མངོན་པར། ཉིན་དེ་གའི་ཆུ་ཚོད14བར་རྒྱལ་ཡོངས་ཀྱི་ས་ཁུལ15རུ་མི12ཙམ་ཁ་བ་གཙང་སེལ་དང་འབྲེལ་བ་ཡོད་པའི་དོན་རྐྱེན་འོག་རྐྱེན་ལམ་དུ་ཤོར་བ་དང་། གཞན་ཡང་མི158ལ་རྨས་སྐྱོན་ཕོག་ཡོད་པ་རེད། ཁ་བ་བབས་པ་ལས་བྱུང་བའི་འགྲིམ་འགྲུལ་དོན་རྐྱེན་འོག་ཤི་བ་དང་རྨས་མ་འདིའི་ནང་དུ་རྩིས་མེད།
ལྗར་པན་གནམ་གཤིས་ཐིང་གིས་སྔོན་བརྡ་བཏང་བ་ལྟར་ན། ཚེས13ཉིན་པེ་ཧའེ་ཏའོ་དང་བྱང་ཤར་ས་ཁུལ་དུ་སྔར་བཞིན་ཁ་བ་འབབ་རྒྱུ་དང་ས་གནས་ཁག་ཏུ་ཁ་བ་ཆེན་པོ་འབབ་རྒྱུ་རེད། སྲིད་གཞུང་སྡེ་ཚན་ནས་ཁ་བ་དྲག་པོ་བབས་པའི་དབང་གིས་འགྲིམ་འགྲུལ་འགག་རྒྱུ་དང་འཛུགས་སྐྲུན་དངོས་པོར་གནོད་སྐྱོན་ཕོག་པ་སོགས་ཀྱི་གནས་ཚུལ་ཐོན་སྲིད་པས་མང་ཚོགས་ཀྱིས་འགོག་སྲུང་ཡག་པོར་བྱེད་དགོས་པའི་ཉེན་བརྡ་བཏང་བ་རེད།