སྟོང་སྐོར་རྫོང་གིས་གནས་སྤོར་སྡེ་བར་ལྗོངས་རིས་གསར་པ་བྲིས་པ།
发布时间:2025年02月19日 消息来源:

རྩོམ་སྒྲིག་པ། ཚེ་གཟུངས་སྐྱིད། ཡོང་ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར། བཤེར་འབེབས། ཚེ་བརྟན་བཀྲ་ཤིས།

ཉེ་བའི་ལོ་འགའི་རིང་ལ། ཟི་ལིང་གྲོང་ཁྱེར་སྟོང་སྐོར་རྫོང་གིས་ཐུན་མོང་དཔལ་འབྱོར་གྱི“སྟོབས་ལྡན་སྡེ་བར”དམིགས་ཏེ། ཏང་འཛུགས་སྐྲུན་ལེགས་འཛིན་དང་གྲོང་གསེབ་དར་སྤེལ་ལ་སྐུལ་འདེད་བྱེད་པའི་ནུས་པ་འདོན་སྤེལ་གང་ལེགས་བྱས་པ་དང་། བེད་མེད་ཐོན་ཁུངས་བེད་སྤྱོད་བྱེད་པ། ཡོང་སྒོ་འཕར་བའི་ཐབས་ལམ་རྒྱ་བསྐྱེད་དེ། གནས་སྤོར་སྡེ་བར་འཕེལ་རྒྱས་གསར་པ་འབྱུང་བར་སྐུལ་འདེད་བཏང་།

“ས་ཁོངས་དཔལ་འབྱོར”གྱི་ཚོགས་པ་བསྒྲིགས་ཏེ་འཕེལ་རྒྱས་བཏང་བ། ཏང་རྩ་འཛུགས་མཉམ་འཛུགས་མཉམ་སྐྲུན་དང་ཐོན་ལས་མནའ་འབྲེལ་ཚོགས་པ་སྒྲིག་འཛུགས་བྱེད་པ་སོགས་ཀྱི་བྱེད་ཐབས་སྤྱད་པ་དང་། རྒྱུ་ཤུགས་གཅིག་བསྡུས་ཀྱིས་ལས་དོན་ལེགས་པར་སྒྲུབ་པའི“ཚོགས་སྒྲིག”གི་འཐབ་ཇུས་གསར་པས། དབུལ་ཐར་སྡེ་བ58དང་གནས་སྤོར་སྡེ་བ་ཁ་ཤས་ཀྱི་ཐུན་མོང་དཔལ་འབྱོར་མ་དངུལ་གཅིག་སྡུད་བྱས་ཤིང་། འོད་ཧྥུའུ་དབུལ་སྐྱོར་གློག་འདོན་ས་ཚིགས་དང་དམངས་ཤག་སོགས་ཀྱི་ལས་གཞི་ལག་བསྟར་བྱས་ཏེ། སྡེ་བའི་ཐུན་མོང་དཔལ་འབྱོར་འཕེལ་རྒྱས་རྒྱ་སྐྱེད་བཏང་།

“སྐྱེ་ཁམས་ཐོན་ཁུངས”ཤུགས་ཆེན་པོས་གཅིག་སྒྲིལ་བྱས་པ། གཞི་རིམ་ཏང་རྩ་འཛུགས་ཀྱི“སྣེ་ཁྲིད”ནུས་པ་འདོན་སྤེལ་གང་ལེགས་བྱས་པ་དང་། “གནས་སྤར་ཀྱང་ཐོན་ཁུངས་མི་འདོར་བའི”འདུ་ཤེས་རྒྱུན་འཛིན་བྱེད་པ། གནས་སྤོར་སྡེ་བའི་ཡར་སྔོན་གྱི་ས་ཞིང་དང་ནགས་ཚལ། རྩྭ་ས་སོགས་ཀྱི་ཐོན་ཁུངས་ཤུགས་ཆེན་པོས་གཅིག་སྒྲིལ་བྱེད་པ། བ་ཡན་ཞང་ཧྲང་ལིའང་ཝན་སྡེ་བ་སོགས་ཀྱི་གཅིག་བསྡུས་གསོ་སྤེལ་ཁུལ་འཛུགས་སྐྲུན་བྱེད་པ། ཙུང་ཅ་ཀོའུ་ལྗོངས་ཁུལ་སོགས་ཡུལ་སྐོར་ཐོན་ལས་འཕེལ་རྒྱས་བཏང་སྟེ། རི་སྔོ་ཆུ་དྭངས་དངོས་གནས“གསེར་རི་དངུལ་རིར”འགྱུར་དུ་བཅུག

“ལས་རྣམ་གསར་པ”འཚོལ་ཞིབ་དང་འཕེལ་རྒྱས་བཏང་བ། སྟོབས་ཤུགས་གཅིག་སྒྲིལ་སྒོས་ཏང་རྩ་འཛུགས་ཀྱིས་ཁ་ཕྱོགས་འཛིན་པ་དང་ཁྱོན་ཡོངས་ལ་དོ་དམ་བྱེད་པ། དངོས་འབེབས་འགན་ལེན་བྱེད་པའི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ། གྲོང་གསེབ་འཕེལ་རྒྱས་གཏོང་བའི་ལས་རྣམ་གསར་པ་འཚོལ་ཞིབ་བྱས། བ་ཡན་ཞང་ཧྲང་ལིའང་ཝན་སྡེ་བའི་ཏང་ཀྲི་པུའུ་ཡིས་ཞིང་འཕྲུལ་ཞབས་ཞུ་རུ་ཁག་གི་ལས་གཞི་ལག་བསྟར་བྱས་པ་དང་། “ཚལ་ཐོ་རྣམ་པ”དང“བུ་རྫི་རྣམ་པ”ཡི་ཚབ་གཉེར་ཞབས་ཞུ་མཁོ་སྤྲོད་བྱས་པ་བརྒྱུད། ཞིང་ལས་ཐོན་སྐྱེད་ཀྱི་མ་རྩ་ཇེ་དམའ་རུ་བཏང་ལ། ཞབས་ཞུ་རུ་ཁག་དང་ཞིང་ཁྱིམ་ཕྱོགས་གཉིས་ཀའི་ཡོང་འབབ་བརྟན་བརླིང་བྱུང་ཏེ། གནས་སྤོར་སྡེ་བ“སྟོབས་ལྡན་སྡེ་བའི”གྲས་སུ་སྐྱོད་པར་རོགས་ཤུགས་བཏོན།