གསར་འགྱུར།
རྩོམ་སྒྲིག་པ། ཚེ་གཟུངས་སྐྱིད། ཡོང་ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར། བཤེར་འབེབས། ཚེ་བརྟན་བཀྲ་ཤིས། ཉེ་སྔོན། མཚོ་ཤར་གྲོང་ཁྱེར་ལའོ་ཏུའུ་ཆུས་ཙོང་ཐར་བོད་རིགས་ཞང་ཀྲུའུ་ཅ་སྡེ་བའི་གསོ་སྤེལ་མཉམ་ལས་ཁང་ལ་གྲུབ་འབྲས་གཡུར་དུ་ཟ་བ་ཐོན། ད་སྐབས་མཉམ་ལས་ཁང་གིས་གྲོང་གསེབ་དར་སྤེལ་གྱི་སློབ་ཐུན་ཆེན་མོ་ཞེས་པ་སྤེལ་ཞིང་། སློབ་ཁྲིད་ཐེངས6ལ་སྤེལ། འགན་འཛིན་པ་ཝང་པའོ་ཅིན་གྱིས་རང་ཉིད་ཀྱི་འདེབས་འཛུགས་དང་གསོ་སྤེལ་ལག་རྩལ། ལས་གཉེར་བརྒྱུད་རིམ་སོགས་ཉན་མཁན་རྣམས་ལ་དམར་ཁྲིད་བྱས་ཏེ། སྡེ་མི་སྔར་ལས་མང་པོ་ཡོང་འཕར་ཕྱུག་བསྒྱུར་གྱི་ལམ་དུ་ཁྲིད། རྒྱུས་ལོན་པ་ལྟར་ན། ཝང་པའོ་ཅིན་ནི་ཏང་ཡོན་ཞིག་ཡིན་ལ། 2008ལོ་ནས་ད་ལྟའི་བར་དུ། སྲེའུ་སྤྱི་ཆིང28བཏབ་མྱོང་ལ། ཞང་ཡོངས་སུ་སྨི་གྲུ་བཞི་མ3600ཡོད་པའི་བྱ་དེ་གསོ་སྤེལ་རྟེན་གཞི་ཐོག་མ་དེ་བཙུགས། མོའི་སྣེ་ཁྲིད་འོག་ཀྲུའུ་ཅ་སྡེ་བ་དང་མཐའ་འཁོར་གྱི་ཞིང་ཁྱིམ100ལྷག་སྲེའུ་འདེབས་འཛུགས་དང་བྱ་དེ་གསོ་སྤེལ་གྱི་ལས་སུ་ཞུགས་ལ། དབུལ་ཕོངས་ཁྱིམ་ཚང120བྱ་དེ་གསོ་སྤེལ་གྱི་ལམ་དུ་ཁྲིད་པར་མ་ཟད། ངལ་རྩོལ་པ60ལྷག་ལ་ལས་རྐང་འདོན་སྤྲོད་བྱས། མོའི་མཉམ་ལས་ཁང་ནི་ལའོ་ཏུའུ་ཆུས་ཀྱི“ཞིང་སྡེའི་འཇོན་མི་གསོ་སྦྱོང་རྟེན་གཞི”དང“ཏང་ཡོན་ཕྱུག་བསྒྱུར་ལྟེ་གནས་ཀྱི་དཔེ་སྟོན་ཁྱིམ་ཚང་གསོ་སྦྱོང་རྟེན་གཞིའི་ཁྱད་ལྡན་གསོ་སྤེལ་ཟབ་སྦྱོང་བྱེད་གནས”ཐོག་མ་དེ་ཡིན། འདི་ནི་ཝང་པའོ་ཅིན་ལས་བཟོ་པ་ཞིག་དང་མཉམ་དུ་བྱ་ཁང་གི་ལས་ཀར་བྲེལ་བཞིན་པའི་ཚུལ་རེད།