གཏེར་ལེན་ཁ་གྲོང་ཁྱེར་གྱིས་ཏང་ཡོན་གྱིས་དྲ་ལམ་བར་སྟོང་གི་གདོང་མཆོང་དཔེ་སྟོན་ནུས་པ་འདོན་སྤེལ་བྱེད་པར་སྐུལ་འདེད་བཏང་བ།
རྩོམ་སྒྲིག ཚེ་གཟུངས་སྐྱིད། ཡོང་ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར། བཤེར་འབེབས། ཚེ་བརྟན་བཀྲ་ཤིས།
མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་གཏེར་ལེན་ཁ་གྲོང་ཁྱེར་གྱིས་དྲ་ལམ་བྱ་སྤྱོད་སློབ་གསོ་དང་དྲིལ་སྒྲོག་སྣེ་ཁྲིད་ཇེ་དྲག ལྟ་སྐུལ་འདུ་ཤེས་ཇེ་ཆེར་བཏང་བ་བརྒྱུད། ཏང་ཡོན་ལས་བྱེད་པས་དྲ་ལམ་བར་སྟོང་གི་གདོང་མཆོང་དཔེ་སྟོན་ནུས་པ་འདོན་སྤེལ་བྱེད་པར་ཤུགས་ཆེན་པོས་སྐུལ་འདེད་བྱས། གཞུང་ལུགས་སློབ་སྦྱོང་ལ་ཤུགས་བསྣན་ཏེ། དྲ་ལམ་བར་སྟོང་གི“འཇོན་མི”གསོ་སྐྱོང་བྱས་པ། “ཚོགས་འདུ་གསུམ་དང་སློབ་ཁྲིད་གཅིག”དང་བརྗོད་དོན་ཏང་གི་ཉིན་མོ་སོགས་བྱ་འགུལ་ལ་བརྟེན། “བརྗོད་དོན་ཏང་གི་ཉིན་མོ+”ཡི་རྣམ་པ་གསར་སྐྲུན་དང་། གཅིག་བསྡུས་སློབ་སྦྱོང་དང་བརྗེ་རེས་བགྲོ་གླེང་སོགས་ཀྱི་བྱ་འགུལ་ཐེངས123སྤེལ་བ། ཏང་ཡོན་གྱིས་ཁྲིམས་སྲོལ་ལྟར་དྲ་ཤེས་དྲ་འཇུག་གི་ཆེད་དོན་བཞུགས་མོལ་ཐེངས5སྤེལ་ཞིང་། ཏང་ཡོན་རང་སྟེང་གི་དྲ་ལམ་བྱ་སྤྱོད་ཚད་ལྡན་དུ་གཏོང་བར་སློབ་གསོ་དང་སྣེ་ཁྲིད་དེ། དྲ་ལམ་བར་སྟོང་གཙང་བཟོ་བྱས། དྲིལ་སྒྲོག་སྣེ་ཁྲིད་ཇེ་དྲག་ཏུ་བཏང་སྟེ། དྲ་ལམ་བར་སྟོང་གི“གདོང་མཆོང་པ”བྱས་པ། “དྲ་མིག་འབྲེལ་གཏུག་ཚོགས་པ”བཙུགས་པ་དང་། ཉེ་འགྲམ་གྱི་མིག་དཔེ་ཏང་གི་སློབ་ཁྲིད་ལས་རོལ་མྱོང་བྱས་ཏེ། དྲ་ལམ་མང་ཚོགས་སྤྱི་ཚོགས་ཀྱི་དང་བླངས་པའི་ཞབས་ཞུའི་ཁྲོད་ཞུགས་པའི་སྤྲོ་བ་སྐུལ་སྤེལ་བྱས། “གཏེར་ལེན་ཁ་ཁྱབ་བསྒྲགས”དང“གཏེར་ལེན་ཁའི་ཏང་འཛུགས་སྐྲུན”སོགས་དྲ་ལམ་ཐེག་བྱད་ལ་བརྟེན། ཏང་གི་གསར་སྐྲུན་གཞུང་ལུགས་དང་ཏང་གི་སྐབས་ཉི་ཤུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་སོགས་ཀྱི་ནང་དོན་ཐེངས246ལ་ཁྱབ་སྒྲོག་བྱས། ལྟ་སྐུལ་འདུ་ཤེས་ཇེ་ཆེར་བཏང་སྟེ། དྲ་ལམ་བར་སྟོང་གི“སྣེ་ཁྲིད་པ”གསོ་སྐྱོང་བྱས་པ། ཏང་ཡོན་གྱི་དྲ་ལམ་གྱི་ཚུལ་མིན་བྱ་སྤྱོད་ཐག་གཅོད་པའི་ནང་རྐྱེན་འཚོལ་ཞིབ་དང་གསར་འཛུགས་བྱེད་པ་དང་། ཏང་ཡོན་དྲ་ལམ་བྱ་སྤྱོད་ལྟ་ཞིབ་ཚད་ལེན་དང་དོ་དམ་བྱས་ཏེ། ཏང་རྩ་འཛུགས་དང་ཏང་ཡོན་གྱི་དྲ་ལམ་བར་སྟོང་གི་འབོད་སྐུལ་ནུས་ཤུགས་དང་གོང་བུར་བསྒྲིལ་ཤུགས་ཇེ་མཐོར་བཏང་། “1+3”གྱི་གླེང་ཕྱོགས་འགན་ལེན་གྱི་དོ་དམ་ནང་རྐྱེན་བཙུགས་པ་དང་། ཏང་ཡོན1གིས་ཁྱིམ་ཚང3ལ་འབྲེལ་གཏུག་བྱེད་པ། མང་ཚོགས་ཀྱིས་དཔྱོད་ཤེས་དང་ལྡན་པར་གླེང་ཕྱོགས་ལ་ཁ་གཏད་འཇལ་བར་སྣེ་ཁྲིད་དེ། དྲ་ལམ་གྱི་ཁོར་ཡུག་ལེགས་པོ་ཞིག་གྲུབ་པར་སྐུལ་འདེད་བྱས། །