མཚོ་སྔོན་དུ་སྡོད་པའི་རྒྱལ་ཡོངས་སྲིད་གྲོས་ཨུ་ཡོན་རྣམས་ཀྱིས་སྲིད་གྲོས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་བྱ་བའི་སྙན་ཞུར་ནན་ཏན་གྱིས་གྲོས་ཞིབ་བྱས།
མགོན་པོ་བཀྲ་ཤིས་དང་ཝང་ཅན་ཅུན། རྡོ་རྗེ་རབ་བརྟན་བཅས་ཀྱིས་གཏམ་བཤད།
发布时间:2025年03月07日 消息来源:

རྩོམ་སྒྲིག ཚེ་གཟུངས་སྐྱིད། ཡོང་ཁུངས།  མཚོ་སྔོན་བོད་ཡིག་གསར་འགྱུར། བཤེར་འབེབས། ཚེ་བརྟན་བཀྲ་ཤིས།

ཟླ3པའི་ཚེས5ཉིན་གྱི་ཕྱི་དྲོར། རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་གསུམ་པར་ཞུགས་པའི་མཚོ་སྔོན་དུ་སྡོད་པའི་རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་རྣམས་སོ་སོར་ལས་རིགས་སོ་སོའི་ཚན་ཆུང་གི་ཚོགས་འདུར་ཞུགས་ནས། སྲིད་གྲོས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་བྱ་བའི་སྙན་ཞུ་དང་གྲོས་གཞི་བྱ་བའི་གནས་ཚུལ་སྐོར་གྱི་སྙན་ཞུར་ནན་ཏན་གྱིས་གྲོས་ཞིབ་བྱས། མགོན་པོ་བཀྲ་ཤིས་དང་ཝང་ཅན་ཅུན། རྡོ་རྗེ་རབ་བརྟན། པད་གོ ལིའུ་ཐུང་ཏི། ཝང་ཞུན། གསེར་ཁྲི་ཆོས་ཀྱི་བློ་གྲོས་རྒྱ་མཚོ། མ་ཡུའེ་ཞང་སོགས་ཨུ་ཡོན་རྣམས་ཀྱིས་གཏམ་བཤད།

ཨུ་ཡོན་མགོན་པོ་བཀྲ་ཤིས་ཀྱིས་བཤད་རྒྱུར། ཀྲུའུ་ཞི་ཝང་ཧུའུ་ཉིང་གིས་ཕུལ་བའི་རྒྱལ་ཡོངས་སྲིད་གྲོས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་བྱ་བའི་སྙན་ཞུའི་ཁྲོད། “ཆབ་སྲིད་གཙིགས་སུ་འཛིན་པ”ཕྱོགས་སྟོན་དུ་བཟུང་བ་དང“འགན་འཁྲི་སྒྲུབ་རྒྱུ་དམ་འཛིན་བྱེད་པ”གཙོ་ཐིག་ཏུ་འཛིན་པ། “འགན་འཁྲི་ལྕི་མོ་འཁུར་བ”དེ་རྨང་གཞིར་འཛིན་པ། “ཕན་འབྲས་བརྩོན་ལེན་བྱེད་པ”དོན་གཉེར་བྱེད་པ། “གསར་གཏོད་བྱེད་མཁས་པོ”བྱེད་པ་དེ་འཛིན་ལུང་བྱས་ནས། རྒྱལ་ཡོངས་སྲིད་གྲོས་ཀྱི་ལོ་གཅིག་རིང་གི་བྱ་བའི་ཕན་འབྲས་དང་འགན་འཁྲི་སྒྲུབ་པའི་བྱ་བ་གཙོ་བོ་ཕྱོགས་ཡོངས་ནས་མཚོན་པར་བྱས་པ་དེ་ནི།  ཁྱད་ཆོས་མངོན་གསལ་ལྡན་པའི“འགན་འཁྲིའི་གསལ་ཐོ”ཞིག་ཡིན་ལ་ཕུལ་དུ་བྱུང་བའི“སྲིད་གྲོས་ཀྱི་རྒྱུགས་འབྲས”ཤིག་ཀྱང་ཡིན་པས་མཐའ་གཅིག་ཏུ་བརྩི་བཀུར་དང་བསྟོད་བསྔགས་བྱེད་བཞིན་ཡོད། མཚོ་སྔོན་ཞིང་ཆེན་སྲིད་གྲོས་ཀྱིས་ནན་ཏན་གྱིས་བརྒྱུད་སྒྲོག་དང་སློབ་སྦྱོང་།  ལག་བསྟར་དོན་འཁྱོལ་དམ་འཛིན་བྱས་ཏེ།  ཐེངས་འདིའི་ཚོགས་འདུའི་དགོངས་དོན་དེ་སྲིད་གྲོས་ཀྱི་བྱ་གཞག་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་སྒུལ་ཤུགས་སུ་བསྒྱུར་ནས། འགན་འཁྲི་སྒྲུབ་པའི་ཕན་འབྲས་ཀྱི་ནུས་པ་དང་ལྟེ་གནས་ཀྱི་ཁྱོན་ཡོངས་ལ་ཞབས་འདེགས་ཞུ་བའི་མཉམ་ཤུགས་ཆེ་རུ་གཏོང་བ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་མཚོ་སྔོན་གྱི་ལེའུ་ཧུར་ཐག་གིས་འབྲི་བའི་ལག་ལེན་དངོས་ཀྱི་ཁྲོད་དུ་མཚོ་སྔོན་སྲིད་གྲོས་ཀྱི་ནུས་པ་འདོན་སྤེལ་དང་མཚོ་སྔོན་སྲིད་གྲོས་ཀྱི་བྱས་རྗེས་འཇོག་རྒྱུ་ཡིན།

ཨུ་ཡོན་ཝང་ཅན་ཅུན་གྱིས་བཤད་རྒྱུར། ཀྲུའུ་ཞི་ཝང་ཧུའུ་ཞིང་གིས་ཕུལ་བའི་སྲིད་གྲོས་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་བྱ་བའི་སྙན་ཞུ་ལ་ཁྱད་ཆོས་བཞི་ཡོད་པ་སྟེ། གཅིག་ནི་ཆབ་སྲིད་ཀྱི་ལངས་ཕྱོགས་གསལ་པོ་ཡིན་པ་དང་། གཉིས་ནི་ངོ་བོ་དང་ངེས་གནས་གནད་ལ་འཁེལ་བ། གསུམ་ནི་འགན་འཁྲི་སྒྲུབ་པའི་བརྩེ་སེམས་ཀྱིས་ཁེངས་པ། བཞི་ནི་སྐད་ཆའི་ཉམས་འགྱུར་བབ་ཆགས་པ་བཅས་རེད། ཏག་ཏག་ཁྱད་ཆོས་འདི་འདྲ་ལྡན་པས་སྙན་ཞུ་དེ་ཕྱི་རོལ་ཡུལ་དང་མཐུན་པར་མ་ཟད་དོན་དངོས་དང་མཐུན་ལ། བག་ཕེབས་དང་ཕུན་ཚོགས་ཀྱི་རྣམ་པས་ཁེངས་འདུག ཨུ་ཡོན་རྣམས་ལ་མཉམ་དུ་མཐུན་སྒྲིལ་འབད་འཐབ་བྱས་པ་ལས་བྱུང་བའི་ཕུན་སུམ་ཚོགས་པའི་གྲུབ་འབྲས་དེ་མཉམ་སྤྱོད་བྱས་པར་མ་ཟད། ཨུ་ཡོན་རྣམས་ལ་བློ་སྟོབས་ཆེན་པོས་མདུན་སྐྱོད་བྱས་ནས་བཅོས་བསྒྱུར་གསར་གཏོད་ཀྱི་སྙིང་སྟོབས་ལ་བརྟེན་ནས་སྲིད་གྲོས་བྱ་བའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་འགན་འཁྲི་དགོས་པ་ཡང་གསལ་པོར་བསྟན་ཡོད་པས་སྙན་ཞུ་འདི་ལ་ཡོངས་སུ་ཡིད་འཐད་བྱེད་བཞིན་ཡོད། སྙན་ཞུའི་ནང་ད་ལོའི་སྲིད་གྲོས་བྱ་བར་ཕྱོགས་ཡོངས་ནས་བཀོད་སྒྲིག་བྱས་ཡོད་པ་དང་། ལས་འགན་ཁ་གསལ་དང་བླང་བྱ་ཞིབ་ཕྲ་ཡིན་པས། རྒྱལ་ཡོངས་སྲིད་གྲོས་ཀྱི་རྒྱུན་ལས་ཨུ་ཡོན་ཡིན་པའི་ངོས་ནས་སྣེ་ཁྲིད་ནས་འགན་འཁྲི་སྒྲུབ་པ་དང་། སྣེ་ཁྲིད་ནས་ལས་དོན་དོན་འཁྱོལ་དམ་འཛིན་ཡག་པོ་བྱ་རྒྱུ་ཡིན།

ཨུ་ཡོན་རྡོ་རྗེ་རབ་བརྟན་གྱིས་བཤད་རྒྱུར། སྲིད་གྲོས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་བྱ་བའི་སྙན་ཞུ་ནི་ཆབ་སྲིད་ཀྱི་རང་བཞིན་དང་མཛུབ་སྟོན་གྱི་རང་བཞིན། ལག་ལེན་གྱི་རང་བཞིན་བཅས་ཤུགས་དྲག་ལྡན་པའི་སྙན་ཞུ་ཡག་པོ་ཞིག་རེད། 2024ལོའི་བྱ་བའི་གྲུབ་འབྲས་གཡུར་དུ་ཟ་བ་དང་། ཆེས་མངོན་གསལ་གྱི་མྱོང་ཚོར་ཞིག་ནི་རྒྱལ་ཡོངས་སྲིད་གྲོས་ཀྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་ལག་བསྟར་དོན་འཁྱོལ་ནན་ཏན་བྱས་ཏེ། སྲིད་གྲོས་ཀྱི་བྱ་བ་སོ་སོར་ཕྱོགས་ཡོངས་ནས་སྐུལ་འདེད་གཏིང་ཟབ་བཏང་ནས་གྲུབ་འབྲས་གསར་པ་ཐོབ་ཡོད་པ་དེ་རེད། གཅིག་ནི་ཏང་གིས་སྲིད་གྲོས་ལས་དོན་ལ་ཁྱོན་ཡོངས་ནས་འགོ་ཁྲིད་བྱེད་ཤུགས་བརྟན་པོ་དང་སྟོབས་ལྡན་ཡིན་པ་དང་། གཉིས་ནི་གྲོས་མོལ་དང་སྲིད་གྲོས་ཀྱི་ཆུ་ཚད་དང་སྤུས་ཚད་རྒྱུན་མཐུད་ངང་མཐོ་རུ་ཕྱིན་པ། གསུམ་ནི་མཐུན་སྒྲིལ་ཆེན་པོ་དང་མཉམ་འབྲེལ་ཆེན་པོའི་དགེ་མཚན་གང་ལེགས་ཀྱིས་མཚོན་པ། བཞི་ནི་རང་ངོས་འཛུགས་སྐྲུན་གྱི་རྣམ་པ་གསར་པ་མངོན་པ་བཅས་རེད། རྒྱལ་ཡོངས་སྲིད་གྲོས་ཀྱིས་ས་གནས་སྲིད་གྲོས་ལ་མཛུབ་སྟོན་བྱས་ཏེ། སྲིད་གྲོས་ཀྱི་གྲོས་མོལ་དང་གཞི་རིམ་གྱི་གྲོས་མོལ་ཕན་ནུས་ལྡན་པའི་སྒོ་ནས་སྦྲེལ་མཐུད་བྱེད་པའི་ཉམས་མྱོང་དང་བྱེད་སྟངས་དུས་ཐོག་ཏུ་ཕྱོགས་བསྡོམས་བྱེད་པ་དང་། ལམ་ལུགས་དང་ནང་རྐྱེན་ལ་ཞིབ་འཇུག་བྱས་ནས་གྲུབ་པར་བྱེད་པ། སྲིད་གྲོས་གྲོས་མོལ་གྱིས་ལས་རིགས་སོ་སོའི་མང་ཚོགས་དང་འབྲེལ་བ་སྔར་ལས་ལེགས་པོ་བྱེད་པ་དང་། སྤྱི་ཚོགས་བཅོས་སྐྱོང་ལ་ཞབས་འདེགས་ཞུ་བར་སྐུལ་འདེད་གཏོང་བ་བཅས་བྱས་ནས།  བརྒྱུད་རིམ་ཧྲིལ་བོའི་མི་དམངས་དམངས་གཙོའི་གཞི་རིམ་གྱི་ལག་ལེན་ཕུན་སུམ་ཇེ་ཚོགས་སུ་གཏོང་དགོས།

ཨུ་ཡོན་པད་གོས་བཤད་རྒྱུར། སྲིད་གྲོས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་བྱ་བའི་སྙན་ཞུའི་ནང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མི་དམངས་སྲིད་གྲོས་ཀྱི་བྱ་བར་ཤུགས་སྣོན་དང་ལེགས་བཅོས་བྱེད་པའི་སྐོར་གྱི་དགོངས་པ་གལ་ཆེན་ཁྱོན་ཡོངས་ནས་དོན་འཁྱོལ་བྱས་ནས། རྒྱལ་ཡོངས་སྲིད་གྲོས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཐོག་མའི་སེམས་འདུན་བརྟན་སྲུང་དང་། རྒྱལ་ཁབ་ཀྱི་ཆེད་དུ་འགན་འཁྲི་སྒྲུབ་པ། མི་དམངས་ཀྱི་འགན་འཁྲི་སྒྲུབ་པ་བཅས་ཀྱི་བྱ་སྤྱོད་རང་རྟོགས་མཚོན་ཞིང་། ཆབ་སྲིད་གཙིགས་སུ་འཛིན་པ་དང་། མཐོ་ཚད་ལྡན་ལ་ལྗིད་ཚད་འདང་ངེས་པ། མཐུག་ཚད་ལྡན་པ་བཅས་ཀྱི་སྙན་ཞུ་ཡག་པོ་ཞིག་རེད། གོམ་སྟབས་རྗེས་མར་ང་ཚོས་ཀྲུང་གོའི་སྲིད་ཏང་ལམ་ལུགས་གསར་པའི་ཕན་ནུས་འདོན་སྤེལ་གང་ལེགས་བྱས་ཏེ། རྒྱ་ཆེའི་འཐབ་ཕྱོགས་གཅིག་གྱུར་གྱི་ཁོངས་མིའི་བསམ་བློ་དང་བྱ་སྤྱོད་དེ་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཇུས་ཆོད་བཀོད་སྒྲིག་སྟེང་གཅིག་གྱུར་ཡོང་བར་ཁྲིད་སྟོན་བྱས་ནས། བསམ་བློ་ཕྱོགས་གཅིག་ལ་གཏོང་བ་དང་། སྟོབས་ཤུགས་ཕྱོགས་གཅིག་ཏུ་འདོན་པའི་མཉམ་ཤུགས་སྟོབས་ལྡན་ཞིག་ཆགས་པར་སྐུལ་འདེད་གཏོང་དགོས།

ཨུ་ཡོན་ལིའུ་ཐུང་ཏི་ཡིས་བཤད་རྒྱུར། སྲིད་གྲོས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་བྱ་བའི་སྙན་ཞུའི་ནང་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པས་ཡོངས་སུ་ཁྱབ་པར་བྱས་པ་དང་།  རྒྱལ་ཡོངས་སྲིད་གྲོས་ཀྱི་ལོ་གཅིག་རིང་གི་ལས་འགན་སྒྲུབ་པའི་གྲུབ་འབྲས་ཕྱོགས་ཡོངས་ནས་མཚོན་པ། ཆབ་སྲིད་ཀྱི་ལངས་གནས་མཐོ་ཞིང་ལས་འགན་སྒྲུབ་པའི་ངེས་གནས་གནད་འཁེལ་ཡིན་པ། ནང་དོན་ཕུན་སུམ་ཚོགས་ལ་གཏིང་ཟབ་པ་དང་། ལས་འགན་དམིགས་འབེན་གསལ་བ།  དར་ཆ་མཐོན་པོར་བསྒྲེངས་པ་དང་། བདེན་འཚོལ་དངོས་གཉེར་དང་སེམས་ཤུགས་གཅིག་སྒྲིལ་བཅས་ཀྱི་སྙན་ཞུ་ཡག་པོ་ཞིག་རེད། སློབ་སྦྱོང་ནན་ཏན་བྱས་རྗེས། 2024ལོའི་རྒྱལ་ཡོངས་སྲིད་གྲོས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་བྱ་བར་མྱོང་ཚོར་གསུམ་ཡོད་པ་སྟེ། གཅིག་ནི་ཆབ་སྲིད་ཀྱི་སྣེ་ཁྲིད་སྔར་ལས་ནུས་ལྡན་དང་། གཉིས་ནི་ལས་འགན་སྒྲུབ་པའི་ཕན་འབྲས་སྔར་ལས་འབུར་དུ་ཐོན་པ། གསུམ་ནི་ཕྱི་ཕྱོགས་ཀྱི་འགྲོ་འོང་ལ་སྔར་ལས་ཕན་འབྲས་ལྡན་པས་མི་རྣམས་ལ་ཡིད་ཆེས་དང་སྟོབས་ཤུགས་སྦྱིན་ཡོད་པ་དང་། དུས་མཚུངས་སུ་ང་ཚོར་ལས་འགན་དང་འགན་འཁྲི་གསར་པ་སྤྲད་ཡོད་པས་ང་ཚོས་ནན་ཏན་སྒོས་བརྒྱུད་སྒྲོག་དང་སློབ་སྦྱོང་བྱས་ནས་ལག་བསྟར་དོན་འཁྱོལ་དམ་འཛིན་བྱ་རྒྱུ་ཡིན།

ཨུ་ཡོན་ཝང་ཞོན་གྱིས་བཤད་རྒྱུར། སྲིད་གྲོས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་བྱ་བའི་སྙན་ཞུའི་ནང་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་སྟོན་དུ་འཛིན་པ་རྒྱུན་འཁྱོངས་བྱས་ནས། ཀྲུང་གུང་ཚོགས་ཆེན་ཉི་ཤུ་པ་དང་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་དང་གསུམ་པའི་དགོངས་དོན་ཁྱོན་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱས་ཏེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་གོ་མི་དམངས་ཆབ་སྲིད་གྲོས་མོལ་ཚོགས་འདུ་བཙུགས་ནས་ལོ་ངོ75འཁོར་བར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་སྟེང་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་དང་། གྲུབ་འབྲས་ཕྱོགས་བསྡོམས་བྱས་པ་དངོས་ཐོག་བདེན་འཚོལ་ཡིན་པ་དང་། བྱ་བའི་བསམ་ཕྱོགས་བཀོད་སྒྲིག་གསལ་པོ་ཡིན་པས། མི་སེམས་ལ་སྐུལ་མ་ཐེབས་པ་དང་སྟོབས་ཤུགས་གཅིག་ཏུ་འདུ་བ། མི་ལ་ཡར་སྐུལ་བྱེད་པའི་སྙན་ཞུ་ཡག་པོ་ཞིག་རེད། འཐབ་ལམ་གསར་པར་འབད་པས་བསྐྱོད་དེ། ངས་རྒྱལ་ཡོངས་སྲིད་གྲོས་ཀྱི་རྒྱུན་ཨུ་འམ་ཨུ་ཡོན་གྱི་འགན་འཁྲི་མུ་མཐུད་དུ་ལག་བསྟར་ཡག་པོ་བྱས་ཏེ། རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་བྱ་བའི་སྙན་ཞུའི་ནང་ཁ་གསལ་བྱས་པའི་ལས་འགན་གསར་པ་དང་བླང་བྱ་གསར་པ་དག་དོན་འཁྱོལ་དམ་ཟབ་བྱ་རྒྱུ་ཡིན།

ཨུ་ཡོན་གསེར་ཁྲི་ཆོས་ཀྱི་བློ་གྲོས་རྒྱ་མཚོས་བཤད་རྒྱུར། སྲིད་གྲོས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་བྱ་བའི་སྙན་ཞུའི་ནང་གཞི་གྲངས་ཞིབ་ཕྲའི་ཐོག་ནས2024ལོའི་རྒྱལ་ཡོངས་སྲིད་གྲོས་ཀྱི་བྱ་བའི་གྲུབ་འབྲས་མངོན་པ་དང་། དུས་མཚུངས་སུ2025ལོའི་བྱ་བ་སོ་སོ་གཙོར་བཟུང་ནས་འཆར་འགོད་བྱས་འདུག གོམ་སྟབས་རྗེས་མར་སྲིད་གྲོས་ཨུ་ཡོན་གྱི་འབྲེལ་ཟམ་ནུས་པ་འདོན་སྤེལ་ཡག་པོ་བྱས་ཏེ། བརྟག་དཔྱད་ཞིབ་འཇུག་གཏིང་ཟབ་བྱེད་པ་དང་སྲིད་ཞུགས་སྲིད་གླེང་ཧུར་ཐག་གིས་བྱས་ཏེ། བློ་གྲོས་ལྡན་པའི་གཏམ་བཤད་མང་ཙམ་བྱེད་པ་དང་དངོས་སྒྲུབ་ཐབས་ཇུས་མང་ཙམ་ཕུལ་ཏེ། ཆོས་ལུགས་ལས་རིགས་ཀྱི་མི་སྣ་དང་རྒྱ་ཆེའི་ཆོས་དད་མང་ཚོགས་རྣམས་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་པའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་སྔར་ལས་མཐུན་སྒྲིལ་དམ་ཟབ་བྱེད་པར་ཁྲིད་སྟོན་བྱས་ནས། ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་འདུན་མ་མངོན་འགྱུར་བྱེད་པར་བློ་གྲོས་དང་སྟོབས་ཤུགས་འབུལ་རྒྱུ་ཡིན།

ཨུ་ཡོན་ཝང་ཅན་དང་། ཝང་ཁུན། ལི་ཆིང་། ཨི་ཁྲུང་རོང་། ཀྲའོ་ཧའེ་ཞིན་སོགས་ཀྱིས་སོ་སོའི་ཚན་ཆུང་དུ་གཏམ་བཤད། ཨུ་ཡོན་རྣམས་ཀྱིས2024ལོའི་རྒྱལ་ཡོངས་སྲིད་གྲོས་དང་དེའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་བྱ་བར་ཁས་ལེན་གང་ལེགས་དང་གདེང་འཇོག་ཚད་མཐོན་པོ་བྱས།  ཚང་མས་རང་ཉིད་ཀྱི་ཆེད་ལས་དགེ་མཚན་འདོན་སྤེལ་གང་ལེགས་བྱས་ཏེ་སློབ་སྦྱོང་ལ་ཤུགས་སྣོན་བྱས་ནས་ནུས་པ་ཆེ་རུ་གཏོང་བ་དང་། བརྟག་དཔྱད་ཞིབ་འཇུག་ལ་མཐོང་ཆེན་བྱས་ནས་གྲོས་གཞི་ལེགས་པོ་འདོན་པ། གཞི་རིམ་དུ་བསྐྱོད་ནས་མང་ཚོགས་དང་འབྲེལ་གཏུག་བྱས་ཏེ་མི་དམངས་སྲིད་གྲོས་ཀྱི་གྲོས་མོལ་དམངས་གཙོའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར་སྟོབས་ཤུགས་འབུལ་རྒྱུ་ཡིན་པར་བསྟན།